ཉེར་སྤྱོད་དེབ།

མིང་མཛོད་འདི་ནི་དེང་རབས་གསོ་རིག་གི་ནད་ཐོག་རིག་ཚན་གྱི་མིང་བརྡ་རྣམས་གཙོ་བོར་བཟུང་བའི་སྟེང་། རྨང་གཞི་གསོ་རིག་དང་། སྐྱེ་དངོས་གསོ་རིག་གི་བཟོ་བཀོད། རྒྱུད་རྒྱུ་བཟོ་བཀོད། མཁའ་དབྱིངས་གསོ་རིག་སོགས་གསར་དར་གསོ་རིག་གི་མིང་བརྡ་ཡང་བསྡུས་པའི་རང་རྒྱལ་གྱི་རྒྱ་བོད་དབྱིན་གསུམ་ཤན་སྦྱར་བྱས་པའི་དེང་རབས་གསོ་རིག་གི་མིང་མཛོད་ཐོག་མ་ཡིན། བསྡོམས་པས་མིང་བརྡ༤༢༠༠༠འདུས།

བོད་རིགས་ས་ཁུལ་དུ་རྩིས་འཁོར་དང་ཆ་འཕྲིན་ལག་རྩལ་གྱི་སློབ་གསོ་འཕེལ་རྒྱས་བཏང་ནས་བོད་ཡུལ་ཆ་འཕྲིན་ཅན་དུ་འཛུགས་སྤེལ་བྱ་རྒྱུའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ན་ནི། བོད་ཡིག་གི་ཆ་འཕྲིན་ལག་རྩལ་ཀྱི་ཐ་སྙད་གཅིག་གྱུར་དང་ཚད་ལྡན་ཅན་དུ་བཟོ་རྒྱུར་ནི་གལ་འགངས་ཆེ་ཞིང་རྨང་གཞིར་གྱུར་པའི་ལས་ཀ་ཞིག་ཡིན་པར་བརྟེན། ང་ཚོས་ལས་ཀ་འདིར་སྐུལ་འདེད་ཀྱི་ནུས་པ་ངེས་ཅན་ཞིག་འདོན་ངེས་སྙམས་ནས་《བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད》 ཅེས་པ་འདི་དཔེ་སྐྲུན་བྱས་པ་རེད།