དངོས་པོ&ནུས་པ།

འཛམ་གླིང་ཐོག་ཆེས་ཡང་ཤོས་ཀྱི་རླུང་གཟུགས་ནི་ཆིང་རླུང་ཡིན། ཆིང་རླུང་ནི་མཁའ་རླུང་ལས་ལྡབ14ཡིས་ཡང་བ་ཡོད་དེ་ལི་སྨི་གྲུ་བཞི་མ་གཅིག་ལ་ལྗིད་ཚད་ཁེ0.00008989ལས་མེད།

འཛམ་གླིང་ཐོག་ལྗིད་ཚད་ཡང་ཤོས་ཀྱི་ལྕགས་རིགས་ནི་ལྕགས་རིགས་ལྰི་ཞེས་པ་དེ་ཡིན།
ལྰི་སྤུས་མའི་འདུས་ཚད་ནི་ཤིང་སྐམ་པོ་ཞིག་དང་འདྲ་སྟེ། སྤྱིར་བཏང་དུ་ལྕགས་རིགས་ཡང་པོར་འདོགས་པའི་ཧ་ཡང་གི་འདུས་ཚད་གྱི་ལྔ་ཆ་གཅིག་ཡིན་པ་དང་། ལྗིད་ཚད་ནི་བོངས་ཚད་གཅིག་མཚུངས་ཀྱི་ཆུའི་ལྗིད་ཚད་ཀྱི་ཕྱེད་ཙམ་ལས་མེད། ལྰིའི་འདུས་ཚད་ནི་ལི་སྨི་གྲུ་བཞི་ལྷམ་པ་གཅིག་ལ་ཁེ་0.534ཡིན་ཏེ། དེ་རླངས་སྣུམ་ནང་རླུགས་ཚེ་ཤིང་གི་ཁེབ་གཅོད་མཉེན་པོ་དང་འདྲ་བར་ཁ་ཐོག་ཏུ་གཡེང་།

ནཱ་རྨིད་འཇལ་ཚད་ཀྱི་ཡོ་ཆས་ནང་། མངོན་འགྱུར་འོད་དེ་ཐབས་ལམ་ག་གེ་མོར་བརྟེན་ནས་གང་སར་ཁྱབ་ཐུབ། གསར་གཏོད་ཆུང་ངུ་འདིས་དུས་ཐོག་འཕྲིན་སྐྱེལ་བྱེད་མི་ཐུབ་ཀྱང་། དེ་ལ་བེད་སྤྱོད་མང་པོ་ཡོད་དེ་འོད་རིག་འགྲོ་ལམ་གྱི་ལྷུ་ཚན་ཞིག་ཀྱང་བཟོ་ཐུབ།

ཚྭ་མེད་ཆུ་དང་ནཱ་སྨི་རིལ་བུ་མཉམ་དུ་སྦྱར་བས།  ཉི་འོད་འོག་གདུ་མི་དགོས་པར་ཐད་ཀར་རླངས་པར་འགྱུར་ཐུབ།

དུས་རབས༡༧པའི་ལོ་རབས་བརྒྱད་ཅུ་པའི་ནང་ཉིག་ཏོན་གྱིས་དངོས་གཟུགས་ཀྱི་འགུལ་སྐྱོད་གཏན་སྲོལ་ཕྱོགས་བསྡོམས་བྱས། གཏན་སྲོལ་འདི་གཞིར་བཟུང་ན། རིགས་མི་གཅིག་པའི་འགུལ་སྐྱོད་རིགས་ནི་ཅུང་སྟབས་བདེ་བའི་ཨང་རྩིས་ཐབས་ཞིག་རྒྱུད་དེ་ཕན་ཚུན་བསྣོན་ཆོག གལ་སྲིད་ཁྱེད་ཀྱི་གམ་ནས་ཆུ་ཚོད་རེར་སྤྱི་ལེ་ཉི་ཤུའི་འགྲོས་ཚད་ལྟར་སྐྱོད་པའི་མེ་འཁོར་ཞིག་སོང་བ་དང་། ཡང་མེ་འཁོར་དེའི་ནང་དུ་བྱིས་པ་ཞིག་གིས་ལྒང་བུ་ཞིག་ཆུ་ཚོད་རེར་སྤྱི་ལེ་ཉི་ཤུའི་འགྲོས་ཚད་ལྟར་མི་འཁོར་བསྐྱོད་པའི་ཁ་ཕྱོགས་སུ་གཡུགས་པར་ཆ་བཞག་ན།

རྫས་འགྱུར་གྱིས་དངོས་བོའི་ངོ་བོ་དང་སྒྲིག་གཞི།  གྲུབ་བྱ། འགྱུར་ལྡོག  ལྷག་པར་དུ་རྫས་འགྱུར་འ