ཁོ་རེ་ཡའི་ཨེམ་ཆིས་ལོ28ལ་མི320ཡི་ལུས་རྟེན་བསྒྱུར།
ཡིག་སྒྱུར།: 
སྤེལ་དུས།: 
2014-04-24 10

ལྟ་གྲངས།

221
   ཕྱི་རྒྱལ་གྱི་གསར་ལམ་ཁག་ནས་བསྒྲགས་པ་ལྟར་ན། ཁོ་རེ་ཡ་ལྷོ་མའི་རྟེན་སྒྱུར་སྨན་པ་གྲགས་ཅན་ཀེམ་སན་ཁོན་གྱིས(Kim Seok-Kwun)འདས་པའི་ལོ28རིང་མི320ལ་ཕོ་མོའི་རྟེན་སྒྱུར་བའི་གཤགས་བཅོས་བྱས་ཤིང་།  དེའི་ནང་ནས་མི210ཕོ་ནས་མོ་རུ་བསྒྱུར་བ་དང་། གྲངས་ཀའི་ཐད་ལྷོ་ཁོ་རེ་ཡའི་རྟེན་སྒྱུར་སྨན་པ་ཀུན་ལས་མང་ཤོས་ཡིན་སྐད། དེ་དག་ལས་ཆེས་གྲགས་ཆེ་བ་ཁོ་རེ་ཡ་ལྷོ་མའི་སྐར་མHarisuཕོ་ནས་མོ་རུ་བསྒྱུར་བ་དེ་ཡིན།  ཁོ་རེ་ཡ་ལྷོ་མ་ལྟ་བུའི་རྒྱལ་ཁབ་ཤིན་ཏུ་རྙིང་ཞེན་ཞིག་ཏུ་རྟགས་ཀྱི་སྐོར་གླེང་བར་མི་མང་པོ་འཛེམ་གྱི་ཡོད་མོད།  རྟེན་སྒྱུར་གྱི་སྔོན་སྐྱོད་པ་ཡིན་པའི་ཆ་ནས་ཁོས་ཁོ་རེ་ཡའི་མི་ཡིས་རྟེན་ནམ་རྟགས་ལ་བཟུང་བའི་ལྟ་སྟངས་དང་ཕོ་མོའི་འདུ་ཤེས་ཡུན་གྱིས་བསྒྱུར་གྱིན་གདའ།  ཁོས་བཅར་འདྲི་དང་དུ་ལེན་དུས་རང་ཉིད་ཀྱིས་སྒྲུབ་ཀྱིན་པ་ནོར་མེད་པར་འདོད་ཅིང་། འཇིག་རྟེན་བྱེད་པོའི་ནོར་འཁྲུལ་ཡོ་བསྲང་བྱེད་ཀྱིན་ཡོད་ཟེར།
   ཁོ་རེ་ཡའི་ཕོ་ནས་མོ་རུ་རྟེན་བསྒྱུར་བའི་སྐར་མHarisu

1995ལོརHarisuལ་གཤག་བཅོས་བྱས་རྗེས་ན་རེ། དེའི་གོ་རིམ་ནི་ཁྱོད་ཀྱི་མཚན་མར་ཐོ་བས་རྡུང་པ་འདྲ་བ་ཞིག་རེད། ཡིན་ཡང་ཉིན་འགའི་རྗེས་ནས་ཤི་སོས་བྱུང་བའི་སྣང་བ་བྱུང་ཟེར།
   དུས་རབས་སྔོན་མའི་ལོ་རབས80བ་རུ་ཀེམ་སན་ཁོན་་གྱིས་ཐེངས་དང་པོར་རྟེན་སྒྱུར་གཤག་བཅོས་བྱས་ཤིང་།  སྐབས་དེར་མི་མང་པོས་ངོ་རྒོལ་དྲག་པོ་བྱས་པ་རེད།  ཁོའི་གྲོགས་པོ་སོགས་ཀྱིས་ཀུ་རེ་རྩེད་ཞོར་ད་དུང་མཚམས་མི་འཇོག་ན་ཁོ་དམྱལ་བར་ལྷུང་གི་རེད་ཅེས་བཤད་མྱོང་།  ཀེམ་སན་ཁོན་གྱིས་རྟེན་སྒྱུར་གཤག་བཅོས་བྱས་པ་བརྒྱུད་ནོར་བའི་ལུས་རྟེན་གྱིས་རྒྱ་རུ་ཚུད་པའི་མི་རྣམས་ལ་རོགས་བྱེད་ཀྱི་ཡོད་པར་འདོད་ཅིང་། གོང་བཤད་ལྟར་འཇིག་རྟེན་བྱེད་པོའི་ནོར་འཁྲུལ་ཡོ་བསྲང་བྱེད་ཀྱི་ཡོད་པར་འདོད།  ཁོ་ན་རེ། “མི་ལ་ལར་སྐྱེས་པ་ནས་སྐྱེ་འཕེལ་དབང་པོ་མེད་པའམ། རྣ་མེད་པའམ། ཁ་ཤོ་ཡིན་པ། མཛུ་གུ་འབྱར་ཡོད་པ་དེ་འདྲ་རེད། འཇིག་རྟེན་བྱེད་པོས་མི་འདི་འདྲ་བཟོ་དགོས་དོན་ཅི་ཡིན་ནམ། བྱེད་པོ་ནོར་སོང་བ་མ་རེད་དམ། ལུས་རྟེན་འཆོལ་བ་དེའང་ནོར་འཁྲུལ་ཞིག་མ་ཡིན་ནམ”
    རྙིང་ཞེན་ཆེ་བའི་ཁོ་རེ་ཡ་ལྷོ་མར་མཚོན་ན།  གཅིག་ནས་རྒྱ་ནག“མི་ལུས་ཕ་མས་གནང”བར་འདོད་པའི་རུའུ་ལུགས་ཀྱི་ལྟ་བའི་ཤུགས་རྐྱེན་དང་། དེ་མིན་ཡེ་ཤུ་ཆོས་ལུགས་ལ་དད་མཁན་ཤིན་ཏུ་མང་བའི་རྐྱེན་གྱིས་ཡིན་འདུག་ལ། དེའང་རྙིང་ཞེན་ཤོག་ཁག་ཡིན་པར་འདུག  ཁོ་རེ་ཡའི་ལྷོ་མའི་ཡེ་ཤུ་ཆོས་ལུགས་ཀྱི་མཐུན་ཚོགས་ཀྱི་དབུ་འཛིནHong Jae Chulགྱིས་ལུས་རྟེན་བསྒྱུར་བ་ནི་གྷོཌི་ཁྱད་གསོད་བྱས་པ་ཞིག་དང་།  འདིས་འཇིག་རྟེན་འདི་སྡུག་གི་ཡུལ་གྲུ་ཞིག་ཏུ་བསྒྱུར་བར་འགྱུར་ཟེར། ཁོས་ཀེམ་སན་ཁོན་ལ་དམོད་ཕོག་ནས་སུན་འབྱིན་དགོས་ཞེས་བརྗོད་ཀྱི་འདུག
   ཀེམ་སན་ཁོན་གྱི་ནད་པ་སྔ་མ་མང་པོ་ཞིག་གི་ལོ་ཚོད40ནས50བར་ཡིན་ཞིང་།  མཚམས་རེར་ནད་པའི་ཕ་མ་གཉིས་ཡོང་ནས་ཆོ་ངེ་འདོན་ཞོར་ཕ་བུའི་འབྲེལ་བ་གཅོད་པའང་རེད།  ད་ལྟ་ནད་པ་ཕལ་ཆེ་བ་ལོ20ཙམ་ཡིན་ཞིང་། ནད་པའི་ཕ་མ་ཁ་ཅིག་གིས་དངུལ་ཁྱེར་ནས་གཤག་བཅོས་བྱེད་པར་འཐད་མདོག་སྟོན་གྱི་འདུག  ཞོ་ནས་མོ་རུ་བསྒྱུར་ན་ཧན་སྒོར་ཁྲི1100ནས་ཁྲི1500(ཕལ་ཆེར་ཨ་སྒོར10210ནས13920བར) མོ་ཞིག་ཕོ་རུ་བསྒྱུར་ན་གཤག་བཅོས་དེ་བས་ཀྱང་དཀའ་བས་འགྲོ་སོང་ཧན་སྒོར་ཁྲི3100(ཕལ་ཆེར་ཨ་སྒོར28760ཙམ)ཙམ་འགྲོ་གི་འདུག
   ཀེམ་སན་ཁོན་གྱིས་རྟེན་སྒྱུར་མཁན་ལ་ཉུང་མཐའ་ཡང་སྨྱོ་ནད་ཨེམ་རྗེ་གཉིས་ཀྱི་བརྟག་དཔྱད་ཡི་གེ་བླངས་ནས་རྟེན་ངོས་འཛིན་ལ་གེགས་ཡོད་པའི་ར་སྤྲོད་དགོས་ཤིང་།  དེ་མིན་རྟེན་སྒྱུར་མཁན་གྱིས་རྟེན་མི་མཚུངས་པའི་ལྭ་བ་དང་སྐྲ་སོགས་ལོ་གཅིག་ལ་འཇོག་དགོས་པ་མ་ཟད།  ད་དུང་ཕ་མ་གཉིས་ཀྱི་མོས་མཐུན་ཡང་ཐོབ་དགོས་པ་འདུག  ཁོས་གཤག་བཅོས་བྱས་པའི་མི320ཡི་ཁྲོད་ཕོ་ནས་མོ་རུ་བསྒྱུར་བ210ཙམ་ཡོད་པ་རེད།  ནད་པ་མང་པོ་ཞིག་གིས་རྟེན་སྒྱུར་གཤག་བཅོས་སྲོག་ལ་ཐུག་པའི་དོན་དག་ཞིག་ཏུ་བསམས་ཤིང་། གཤག་བཅོས་མ་བྱས་གོང་དུ་ཡིག་ཆ་ཞིག་ཏུ་ས་ཡིག་ཀྱང་བརྒྱབ་ནས་འཆི་ཡང་སྲིད་པ་ཤེས་སུ་འཇུག་གི་འདུག་མོད།  རྟེན་སྒྱུར་གཤག་བཅོས་བྱས་ནས་ད་སྔའི་བར་དོན་དག་ཉེན་ཆེ་བ་བྱུང་མ་མྱོང་བར་བརྗོད།
 
ཡོང་ཁུངས།: 
ཨིན་ཇིའི་ཉིན་རེའི་སྦྲག་དེབ།

དཔྱད་གཏམ་འཇོག་པ།

Log in or register to post comments

none

ད་བར་བོད་པ་ཕོ་ནས་མོ་ལ་འགྱུར་པ་ཨེ་ཡོད་དམ་