མི་ཁྲག་བཟོས་པ་ལོ༢༠ནང་སྤྱོད་ཐུབ་པའི་རེ་བ་ཆེ་ཟེར།
ཡིག་སྒྱུར།: 
ཞུ་དག: 
སྤེལ་དུས།: 
2014-04-24 10

ལྟ་གྲངས།

176
གླེང་གཞི།   དབྱིན་ཇིའི་ཨེ་ཏིན་བྷུར་སློབ་གྲྭ་ཆེན་མོ(The University of Edinburgh)ཞིབ་འཇུག་ཆེད་མཁས་པས་ཕྲ་ཕུང་སྐམ་པོ་བེད་སྤྱོད་བྱས་པ་བརྒྱུད་ཁྲག་དམར་ཕྲ་ཕུང་གསར་སྐྲུན་བྱས་ཤིང་།   མ་འོངས་པའི་ཚེ་ན་མིའི་བཟོས་ཁྲག་གཤེར་གྱིས་རིན་མེད་ཀྱིས་ཕུལ་བའི་ཁྲག་རིགས་ཀྱི་ཚབ་བྱས་ཏེ་ཚད་ལྡན་གྱི་ཁྲག་རིགས་མཁོ་འདོན་གྱི་རྣམ་པ་ཞིག་ཆགས་རྒྱུ་རེད། 
    ཤེས་གསལ་ལྟར་ན།   དབྱིན་ཇིའི་ཨེ་ཏིན་བྷུར་སློབ་གྲྭ་ཆེན་མོའི་ཞིབ་འཇུག་ཆེད་མཁས་པས་སྤྱི་ལོ༢༠༡༦ལོ་ནས་དབུ་བཙུགས་ཏེ་གསར་གཏོད་རང་བཞིན་ལྡན་པའི་ཚོད་ལྟ་ཐེངས་གཅིག་བྱེད་པའི་འཆར་གཞི་བཟོས་ཡོད་ལ།   དེ་ནི་མདོར་ན་ནད་པའི་ཕྲ་ཕུང་སྐམ་པོ་བརྒྱུད་མིའི་བཟོས་ཁྲག་གཤེར་གསར་དུ་བསྐྲུན་རྒྱུ་དེ་རེད།    ཐེངས་འདིའི་ཞིབ་འཇུག་ནི་དབྱིན་ཇིའི་ཨོ་ཏིན་པོ་སློབ་གྲྭ་ཆེན་མོས་དབྱིན་སྒོར་ཁྲི༥༠༠བཏང་ནས་སྣེ་ཁྲིད་གནང་ཞིང་།   ལོ་ངོ་མང་པོའི་ཞིབ་འཇུག་གི་དཀའ་ཚེགས་ཁྱད་དུ་བསད་ནས་གཞི་ནས་ཁྲག་དམར་ཕྲ་ཕུང་གསར་སྐྲུན་བྱེད་རྒྱུ་དེ་རེད།  
གཞུང་ལུགས་ཀྱི་ངོས་ནས་གླེང་ན།    ཁྲག་རིགས0ཅན་གྱི་མིའི་ལུས་ནས་བསྡུས་པའི་མིའི་བཟོས་ཁྲག་རིགས་ཀྱིས་ནད་པའི་ཁྲག་རིགས་གང་ཡིན་ལ་མ་ལྟོས་པར་ཀུན་ལ་འཚམས་པར་འགྱུར།  སུའུ་ཀུ་ལན་རྒྱལ་ཁབ་ཀྱི་ཁྲག་རིགས་མཁོ་འདོན་བྱེད་པའི་གསོ་རིག་སྣེ་སྟོན་པ་མཱ་ཁི་ཐེ་ན་ཡིས།  ཕྲ་ཕུང་སྨན་དཔྱད་ཀྱི་གཞི་ཁྱོན་དང་གསོ་རིག་ལག་ལེན་གྱི་སྤུས་ཚད།  ད་དུང་བདེ་འཇགས་རང་བཞིན་དང་འབྲེལ་བའི་གནད་དོན་དེ་དག་རིན་ཐང་གཞལ་དུ་མེད་ཅིང་དཀའ་ཚེགས་ཆེ་བའི་ལས་ཀ་ཞིག་རེད།   ཅེས་གསུངས།  
    གལ་སྲིད་ཆེས་ཐོག་མའི་གསོ་རིག་ལག་ལེན་གྱི་ཚོད་ལྟའི་ལས་གཞི་འདི་ལེགས་འགྲུབ་བྱུང་ཚེ།    འཛམ་གླིང་ཁྱོན་ཡོངས་ཀྱི་ནད་པ་དག་ལ་ཁྲག་རིགས་མཁོ་འདོན་བྱེད་པར་ཕན་ཆེན་པོ་ཐོགས་པར་འགྱུར་ཞིང་།   དེ་དང་མཉམ་དུ་ཕྲ་ཕུང་སྨན་དཔྱད་ཀྱི་ལས་ལ་འབད་བཞིན་པའི་ཞིབ་འཇུག་ཆེད་མཁས་པ་གཞན་དག་ལ་ཡང་རིན་ཐང་ལྡན་པའི་ཆ་འཕྲིན་མཁོ་སྤྲོད་བྱས་པ་བརྒྱུད་བོགས་ཆེན་པོ་ཐོན་ངེས་སོ༎ 
   ཞིབ་འཇུག་ཆེད་མཁས་པ་དག་གིས་ནན་གྱིས་བསྟན་དོན།   མིའི་བཟོས་ཁྲག་རིགས་ཀྱིས་རིན་མེད་ཀྱིས་ཕུལ་བའི་ཁྲགས་རིགས་ཀྱི་ཚབ་བྱས་ནས།   ཁྲག་རིགས་མཁོ་འདོན་གྱི་རྣམ་པ་གསར་བ་ཞིག་ཏུ་འགྱུར་དགོས་ཚེ་མ་མཐར་ཡང་བགྲང་བྱ་ཉི་ཤུ་ཙམ་ཀྱི་དུས་ཚོད་མཁོ།   དེ་བས་དེང་གི་དུས་སུ་མི་རྣམས་ཀྱིས་རིན་མེད་ཀྱིས་ཁྲག་རིགས་མཁོ་འདོན་བྱེད་པའི་རྒྱུན་གཅོད་མི་རུང་།   ནམ་ཞིག་མིའི་བཟོས་ཁྲག་རིགས་དེ་ཉིད་ཚད་ལྡན་གྱི་ཁྲག་རིགས་མཁོ་འདོན་གྱི་རྣམ་པ་ཞིག་ཏུ་གྱུར་ཚེ།    མཁོ་སྤྲོད་བྱས་པའི་ཁྲག་རིགས་ཀྱི་རིན་གོང་ཚད་མཐོན་པོའི་ངང་དམའ་རུ་གཏང་ཐུབ།   དབྱིན་ཇི་རུ་ཐེངས་གཅིག་ལ་ཁྲག་རིགས་མཁོ་འདོན་བྱས་པའི་རིན་ལ་སྒོར༡༢༠སྤྲོད་དགོས།  
     དེ་དང་མཉམ་དུ།    ཁྲག་རིགས་ལ་བསྐྱར་སྐྲུན་གྱི་རང་བཞིན་ཡོད་པས།    ཚད་ངེས་ཅན་ཞིག་གི་སྟེང་ནས་མིའི་བཟོས་ཁྲག་རིགས་ལ་ཡང་བདེ་ཐང་གི་ལེགས་ཆ་ཆེན་པོ་ཞིག་ལྡན་ཞིང་ཁྲག་རིགས་ཕྲ་ཕུང་དེ་ཉིད་ཧ་ལམ་ཉིན་བརྒྱ་ལ་རྒྱུན་མཐུད་ནས་གནས་ཐུབ།   ཡིན་ན་ཡང་།  ཕྲ་ཕུང་ཡོད་ཚད་དུས་མཉམ་དུ་སྐྱེ་འཕེལ་བྱུང་ཐུབ་པ་ཞིག་ནི་མིན་པས་རིན་མེད་ཀྱིས་ཕུལ་བའི་ཁྲག་རིགས་ཀྱི་ནང་དུ་ཕྲ་ཕུང་གསར་རྙིང་འདྲེས་ནས་ཡོད་ཅིང་།  མིའི་བཟོས་ཁྲག་རིགས་ལ་མཚོན་ན་ཡོད་ཚད་གསར་དུ་བྱུང་བའི་ཁྲག་རིགས་ཕྲ་ཕུང་ཡིན།   དེ་བས་མིའི་བཟོས་ཁྲག་རིགས་ཀྱི་ཐོན་སྐྱེད་ཀྱི་རྒྱ་ཆེ་རུ་གཏང་རྒྱུ་དང་།   མིའི་བཟོས་ཁྲག་རིགས་དེ་ཚོད་ལྟའི་དུས་རིམ་ནས་བཟོ་ལས་ཐོན་སྐྱེད་ཀྱི་ཁྱབ་ཁོངས་སུ་རྒྱ་སྐྱེད་རྒྱུ་ནི་མིག་སྔའི་གནད་དོན་ཆེས་ཆེ་ཤོས་དེ་ཡིན་ནོ།།  

དཔྱད་གཏམ་འཇོག་པ།

Log in or register to post comments