རྒྱ་གར་ནས་ཁ་ཕྱོགས་སྟོན་ནུས་པའི་རིག་ལྡན་ལྷམ་བཟོས།
ཡིག་སྒྱུར།: 
སྤེལ་དུས།: 
2014-04-24 10

ལྟ་གྲངས།

281
2014ལོའི་ཟླ4བའི་ཚེས14ཉིན། ཞང་ཀང་རིག་འདུས་ཚགས་པར་དུ་བཀོད་པའི་གསར་འགྱུར་ལྟར་ན། རྒྱ་གར་གྱི་ཀུང་ཟི་ཞིག་གིས་རིག་ལྡན་ལྷམLechalཟེར་བ་ཞིག་བཟོས་ཤིང་། ལྷམ་འདི་རིགས་སོ་སྔོན་བརྒྱུད་དེ་ལག་པར་གྱི་ས་ཁྲའི་ཉེར་སྤྱོད་བྱ་རིམ་ལ་སྦྲེལ་ཆོག་ཅིང་། འདར་འགུལ་བྱས་པའི་ལམ་ནས་ལྷམ་གོན་མཁན་ལ་གཡས་གཡོན་གྱི་ཁ་ཕྱོགས་སྟོན་ཐུབ།
   རྒྱུས་ལོན་བྱས་པ་ལྟར་ན། རིག་ལྡན་ལྷམ་འདི་རིགས་དང་དེ་དང་ནུས་མཚུངས་ཀྱི་རིག་ལྡན་ལྷམ་མཐིལ་ཞིག་ཡོད་པའི་རིན་གོང་ལ་ཨ་སྒོར་བརྒྱ་ཡིན་ཞིང་། རིག་ལྡན་ཐོན་རྫས་འདི་དག་གིས་"རྐང་བའི་ཕྱོགས་སྟོན"་གྱི་ལག་རྩལ་བེད་སྤྱད་པས། ལྷམ་གོན་མཁན་གྱིས་རིག་ལྡན་འཕྲུལ་ཆས་འདི་དག་ལ་བརྟེན་ནས་རང་ཉིད་ཀྱི་གོམ་གྲངས་སོགས་ཀྱང་བརྩི་ཐུབ།
    རིག་ལྡན་ལྷམ་གྱི་གསར་གཏོད་པ་ཞར་མཱ་ཅི་ལོ་ལོན་ཟི་ཡིས་བཤད་རྒྱུར། གལ་སྲིད་མི་ཞིག་གི་ཕྲག་པ་གཡོན་པ་ནས་འཐེན་ཚེ་ཁོ་རང་ཤུགས་ཀྱིས་གཡོན་ཕྱོགས་སུ་འགྲོ་སྲིད་དེ། ཐོན་རྫས་འདི་ཡང་གནས་ལུགས་དེ་ཉིད་རྨང་ལ་བཞག་སྟེ་བཟོས་པ་ཡིན། ལྷམ་དེ་དག་གི་ནང་དུ་ཚོར་ཆས(感应器)་བཞག་ཡོད་དེ། རྐང་བའི་འགུལ་སྟངས་ལ་བརྟེན་ནས་ཕྱོགས་སྟོན་ནུས་ལ། བཀོལ་སྤྱོད་པས་བབ་བསྟུན་གྱིས་རིག་ལྡན་ལྷམ་ལ་ཚོད་འཛིན་བྱས་ཆོག རིག་ལྡན་ལྷམ་འདི་རིགས་ལོ་འདིའི་ཟླ་དྲུག་པ་ནས་འཛམ་གླིང་གི་ཡུལ་གྲུ་ཀུན་ལ་དགྲམ་བརྩིས་ཡོད་ཅིང་། མིག་སྔར་ཐོན་རྫས་སྟོང་གསུམ་ལྷག་མངགས་ཉོ་བྱས་འདུག ལོ་ལོན་ཟི་ཡིས་བཤད་རྒྱུར། རླངས་འཁོར་བསྐོར་དུས་ལག་པར་གྱི་ས་ཁྲ་ལ་བལྟས་ཚེ་ཤིན་ཏུ་ཉེན་ཁ་ཆེ་བས། རིག་ལྡན་ལྷམ་གྱིས་འགྲིམ་འགྲུལ་གྱི་དོན་རྐྱེན་མང་པོ་སྔོན་འགོག་བྱ་ཞིང་། ཁ་ཕྱོགས་ཀྱི་ཚོར་ཤེས་མེད་པའི་མི་ལའང་ཕན་ཆེན་པོ་ཐོགས་ཐུབ་ཟེར། ཡིན་ནའང་མདོ་འཛིན་པ་ཧེ་ཐཱེ་ཡིས་བཤད་རྒྱུར། གནས་འཁེལ་མ་ལག་གིས་ཁ་ཕྱོགས་བསྟན་རྗེས་མི་རྣམས་རང་གི་དྲན་པ་ལ་བརྟེན་ནས་ལམ་བཙལ་ཆོག་པས། རིག་ལྡན་ལྷམ་གྱིས་ས་ཁྲ་སྤྱད་པ་ནི་རྗེས་ལུས་ཤིག་རེད་ཟེར།

དཔྱད་གཏམ་འཇོག་པ།

Log in or register to post comments