ལག་པ་གཉིས་ཀྱི་ལོབས་སྟངས་ལ་རྐྱེན་བྱེད་པའི་གཞི་རྒྱུ་རྙེད།
ཡིག་སྒྱུར།: 
སྤེལ་དུས།: 
2014-04-24 10

ལྟ་གྲངས།

179
ཁྱོད་རང་ལག་པ་གཉིས་ལས་གང་ཞིག་བཀོལ་རྒྱུར་ལོབས་ཡོད་དམ།  མ་གཞི་དེ་ལ་གཞི་རྒྱུ(gene/基因)ཞིག་གིས་རྐྱེན་བྱེད་ཀྱིན་ཡོད་འདུག རྒྱལ་སྤྱིའི་ཚན་རིག་ཚོགས་པ་ཞིག་གིས་གསར་རྙེད་བྱུང་བ་ནི།  PCSK6ཞེས་པའི་མིའི་ལུས་ཀྱི་གཞི་རྒྱུ་ཞིག་སྟེ།  འདིས་འགྲོ་བ་མིའི་རིགས་མངལ་གྱི་གནས་སྐབས་སུ་ཡོད་སྐབས་ནས་ཤུགས་རྐྱེན་ཐེབས་ཡོད་ཟེར་རོ༎
   མིའི་རིགས་ལས10%ཡིས་གཡོན་ལག་བཀོལ་བ་མ་གཏོགས།  90%ཡིས་གཡས་ལག་བཀོལ་བར་བྱེད་།  འདིའི་རྒྱུ་མཚན་ཅི་ཡིན་ནམ།  ཨིན་ཇིའི་ཨོཀ་སི་ཕོར་ཊི་སློབ་ཆེན་དང་ཧོ་ལན་ཊའི་མཱེ་ཧིན་མཱ་ཁི་སི ཕུ་ལཱང་ཀི་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པས་གཞི་རྒྱུའི་འབྲེལ་འདྲིས་དང་བྱེད་ལས་ལ་ཉམས་ཞིབ་བྱས་པ་བརྒྱུད་དེ་འབྲེལ་གྱི་ལན་ཞིག་རྙེད་པ་ནི།  ཁོ་ཚོས་ཨ་མེ་རི་ཁའི《ཚན་རིག་དཔེ་མཛོད་ཁང་གི་རྒྱུད་འདེད་ཤོག་དྲིལ》དུ་བཀོད་པའི་དཔྱད་འབྲས་ལྟར་ན།  PCSK6ཞེས་པའི་གཞི་རྒྱུ་ཞིག་མིའི་རིགས་ཀྱིས་ལག་གཡས་པ་བཀོལ་བའི་གོམས་སྟངས་ལ་འབྲེལ་བ་ཤིན་ཏུ་ཆེ་བར་ཤེས།  གཞི་རྒྱུ་འདི་ནི་མའི་མངལ་དུ་ཡོད་པ་ནས་ཡུན་གྱིས་བྱ་བ་བྱེད་པ་ཞིག་སྟེ།  འདི་ཆ་ནས་ཙི་གུ་ལ་བརྟག་དཔྱད་བྱས་པ་ལྟར་ན།  གཞི་རྒྱུPCSK6ལ་གནོད་པ་ཐེབས་པའི་ཚེ།  གཡས་གཡོན་ཆ་མི་སྙོམས་ཞིང་དེས་དབང་པོའི་གནས་རྒྱུན་ལྡན་མིན་པར་འཕེལ་བར་བྱེད་པའི་གནད་དོན་སྐྱེད་པར་བྱེད་དེ།  དཔེར་ན།  སྙིང་དང་ཕོ་ཁ་གཡས་སུ་འཁོར་བ་དང་མཁལ་མཁྲིས་གཡོན་དུ་སྐྱེ་བའི་གནས་ཚུལ་འབྱུང་ངོ་༎  འོན་ཏེ།  ཞིབ་འཇུག་པས་བསྟན་དོན། མིའི་རིགས་ཀྱིས་ལག་པ་གང་རྒྱུན་པར་བཀོལ་བ་ལ་གཞི་རྒྱུ་འབའ་ཞིག་ཀྱང་མིན་པར་བཤད་དེ། ཨོཀ་སི་ཕོར་ཊི་སློབ་ཆེན་གྱི་འབུམ་རམས་པ་ཝེ་ལེམ་བྷུ་ལན་རྡེལ་ན་རེ།   “འདི་ཡང་མིའི་སྤྱོད་ལམ་གཞན་དག་དང་འདྲ་བར་ལྷན་སྐྱེས་དང་རྗེས་གྲུབ་གཉིས་ཆའི་རྒྱུ་རྐྱེན་ཡོད་དེ།  རྒྱུན་པར་ལག་པ་གཡས་པ་བཀོལ་བ་ལ་གཞི་རྒྱུ་དང་ཁོར་ཡུག དེ་བཞིན་རིག་གནས་གསུམ་གྱི་ཤུགས་རྐྱེན་ཐེབས་ཡོད”ཟེར་རོ།། 
 

དཔྱད་གཏམ་འཇོག་པ།

Log in or register to post comments