མི་དར་མའི་ཕྲ་ཕུང་ཐོག་དང་པོར་ཁཱ་ལོན་བྱེད་ཐུབ་པར་གྱུར།
ཡིག་སྒྱུར།: 
སྤེལ་དུས།: 
2014-04-24 10

ལྟ་གྲངས།

193
   ཕྱི་ལོ1996ལོར།  ཐེངས་དང་པོར་རིགས་མཐུན་བསྐྱར་བཟོའི་ལག་རྩལ་གྱིས་གཡང་དཀར་རྡོ་ལཱི(Dolly)ཁཱ་ལོན(clone/克隆)བྱེད་ཐུབ་པར་གྱུར།  དུས་དེ་ནས་བཟུང་།  ཚན་རིག་པས་མིའི་རིགས་ཀྱི་ཕྲ་ཕུང་ལའང་ཁཱ་ལོན་བྱེད་ཐུབ་མིན་ལ་འབད་པར་བྱས་ཤིང་།  གཞི་ནས་མི་དར་མའི་ཕྲ་ཕུང་ཐོག་དང་པོར་མཐུན་བཟོའམ་ཁཱ་ལོན་བྱེད་པར་ལེགས་འགྲུབ་བྱུང་ངོ་༎
     ན་ནིང་ཁཱ་ལོན་ལག་རྩལ་འདི་ཁྱེའུའི་ཕྲ་ཕུང་ལ་བཀོལ་ཏེ་ལེགས་གྲུབ་བྱུང་མོད་ཀྱང་།  དེས་དྲན་ཤེས་ཉམས་པ་ལྟ་བུའི་མི་དར་མའི་ནད་གསོ་བ་ལ་ཕན་ཐོགས་བྱུང་མེད།  དེ་བས་ཚན་རིག་པས་མི་དར་མའི་ཕྲ་ཕུང་ཁཱ་ལོན་བྱེད་ཐུབ་མིན་ལ་ཞིབ་འཇུག་བྱེད་མགོ་བརྩམས།  ཞིབ་འཇུག་འདིས་མིའིDNAཞིག་མངལ་སྦྲུམ་མེད་པའི་བདེ་ཐང་གི་མའི་སྣོད་དུ་ཞུགས་པར་བྱས་ཤིང་།    དེ་ནས་ལྷན་ཅིག་བྱེད་པའི་རྐྱེན་ཚང་བར་བྱས་པས།  ཞལ་འདེབས་འབུལ་མཁན་གྱི་མི་དེའིDNAདང་ཡོངས་སུ་མཐུན་པའིDNAབྱུང་ཞིང་།  དེ་ཉིད་ཕྱིས་སུ་རྒྱུས་ཕྲན་རིགས་མང་པོར་བསྒྱུར་ཏེ་འབྲེལ་ཡོད་ཀྱི་ཁྱབ་ཁོངས་སུ་བཀོལ་ཆོག  འོན་ཏེ།  ཤ་ཁྲག་གདོས་བཅས་ཀྱི་མི་ཞིག་རྣམ་པ་ཀུན་ཏུ་ཁཱ་ལོན་བྱེད་པ་ནི་ད་དུང་དུས་ཡུན་ཤིན་ཏུ་རིང་བོ་དགོས་སོ༎ 
    ལག་པ་གཅིག་ལའང་ཕྱི་ནང་གཉིས་ཡོད་པ་ལྟར།  གསར་དུ་རྟོགས་པ་འདིས་ཀྱང་མི་རྣམས་ལ་སྤྲོ་བ་དང་སེམས་ཁུར་དུས་གཅིག་ཏུ་སྐྱེད་པར་བྱས་པ་སྟེ།  ཁཱ་ལི་ཕོར་ནིའ་སློབ་ཆེན་གྱི་ཞིབ་འཇུག་པ་ཕཱོལ་ནཱོ་ཕ་ལེར(Paul Knoepfler)གྱིས་སེམས་ཁྲལ་དང་བཅས་ན་རེ།  ལག་རྩལ་འདིའི་རིགས་ཚན་རིག་པ་བསྟན་བཤིག་ཚ་བོ་ཅན་ཚོས་ལམ་ལོག་ཏུ་དགོད་ངེས་སྲིད་ཟེར་རོ༎
ཡོང་ཁུངས།: 
http://news.discovery.comདྲ་བ།

དཔྱད་གཏམ་འཇོག་པ།

Log in or register to post comments