གཞུང་ལུགས་དངོས་ལུགས་རིག་པ་བ་དང་ཁོ་ཚོའི་ལས་ཀ
ཡིག་སྒྱུར།: 
སྤེལ་དུས།: 
2014-04-24 13

ལྟ་གྲངས།

68
   དངོས་ལུགས་རིག་པ་བས་གཙོ་བོ་གནས་སྟངས་མི་གཅིག་པའི་ནུས་ཤུགས་དག་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་། དུས་མཚུངས་སུ་ནུས་ཤུགས་དང་དངོས་པོའི་དབར་གྱི་ཤུགས་རྐྱེན་ལ་ཞིབ་འཇུག་བྱེད།  གཞུང་ལུགས་དངོས་ལུགས་རིག་པ་བ་རྣམས་ཀྱིས་འགུལ་སྐྱོད་ལ་ཤུགས་རྐྱེན་ཡོད་པའི་གཏན་སྲོལ་ཁག་ལ་ཞིབ་འཇུག་བྱེད་རྒྱུར་དགའ། དེ་ནི་འགུལ་སྐྱོད་བྱེད་པའི་དངོས་པོ་ཚང་མར་འགུལ་ཤུགས་ཡོད་པས་ཡིན། ཁོང་ནི་དྲོད་དང་། སྒྲ། འོད། གློག ཁབ་ལེན་དང་འོད་རླབས་ཅན་བཅས་ཚང་མར་ཞིབ་འཇུག་བྱེད་རྒྱུར་མོས། རྒྱུ་མཚན་ནི་དེ་ཚོ་ཚང་མ་ནུས་ཤུགས་ཀྱི་གནས་སྟངས་ཡིན།   དུས་རབས་ཉི་ཤུར་སླེབས་སྐབས། ཐ་ན་གདོས་ཚད་ཀྱང་ནུས་ཤུགས་ཀྱི་གནས་སྟངས་ཤིག་ཡིན་པ་མངོན་གསལ་དོད་པོར་སྣང་།
    དངོས་ལུགས་རིག་པ་བ་ཚོས་ད་དུང་ནུས་ཤུགས་ཀྱི་གནས་སྟངས་གཅིག་ནས་གཞན་ཞིག་ཏུ་བསྒྱུར་རྒྱུའི་ཐབས་ལམ་དང་འགྱུར་བ་དེ་འགྲོ་བར་ཚད་འཛིན་མཁན་གྱི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པར་སྤྲོ།  དེ་བས་དངོས་ལུགས་རིག་པ་བ་ཚོར་ཞིབ་འཇུག་བྱེད་སའི་དམིགས་ཡུལ་དང་ཁྱབ་ཁོངས་མི་འདྲ་བ་ཡོད་ཆོག་སྟེ། གལ་སྲིད་འགའ་རེ་ནུས་ཤུགས་དང་རྡུལ་ཕྲན་བར་གྱི་ཤུགས་རྐྱེན་ལ་ཞིབ་འཇུག་བྱེད་པར་མཉེས་པོ་ཡོད་ན། དེ་ཚོ་ནི་ལྟེ་ཉིང་དངོས་ལུགས་རིག་པ་བ་ཞིག་ཡིན་པ་དང་<རྡུལ་ཕྲན་གྱི་སྙིང་པོ་ནི་རྡུལ་ཕྲན་གྱི་གྲུབ་ཚུལ་གལ་ཆེན་ཞིག་ཡིན།>གལ་སྲིད་སུ་ཞིག་བརྟན་སྐར་ནང་གི་ནུས་ཤུགས་དང་དངོས་པའི་བར་གྱི་ཕན་ནུས་ལ་ཞིབ་འཇུག་བྱེད་པར་མཉེས་པོ་ཡོད་ཚེ། ཁོང་ནི་གནམ་རིག་དངོས་ལུགས་རིག་པ་བ་ཞིག་ཡིན། དེ་བཞིན་རྫས་འགྱུར་འགྱུར་ལྡོག་ནང་གི་ནུས་ཤུགས་ཀྱི་གནས་ཚུལ་ལ་ཞིབ་འཇུག་བྱེད་པར་ཤིན་ཏུ་དགའ་བ་ཞིག་ཡིན་ན། ཁོང་ནི་དངོས་ལུགས་རྫས་འགྱུར་རིག་པ་བ་ཞིག་ཡིན། དེ་བས་ཚེ་སྲོག་སྒྲིག་བཙུགས་ཀྱི་ནུས་པ་དང་ནུས་ཤུགས་ཀྱི་འབྱུང་ཁུངས་ཀྱི་ཐབས་ལམ་ལ་སེམས་འཁུར་གཙོའོ་བྱེད་མཁན་ཞིག་ཡིན་ན། ཁོང་ནི་སྐྱེ་དངོས་ལུགས་རིག་པ་བ་ཞིག་ཡིན།
   དངོས་ལུགས་རིག་པ་བ་ཁག་གཅིག་གིས་དམིགས་གསལ་གྱི་ཆ་རྐྱེན་འོག་ཏན་ཏན་གྱི་ཚད་གཞི་འཇལ་རྒྱུར་བརྩོན་བཞིན་ཡོད། ཅིག་བྱས་ན་ཁོ་རང་རྫས་འགྱུར་འགྱུར་འབྱུང་ནས་ཐོན་པའི་ཚ་དྲོད་ཀྱི་གྲངས་ཀ་ཏན་ཏན་ཞིག་ཡོད་པར་འདོད། གཅིག་བྱས་ན་ཁོ་རང་ཡ་རྡུལ་གི་རྒྱུ་རྡུལ་ཞིག་རྡུལ་གཞན་པར་ཁ་དབྱེ་ནས་ནུས་ཤུགས་ཕྱིར་གློད་སྐབས་ཀྱི་ཞིབ་ཕྲའི་ཐབས་ཤིག་འཚོལ་འདོད།ཅིག་བྱས་ན་ཁོང་རང་ཀླད་པའི་གློག་སྟོབས་ཆུང་ངུ་སྨན་གྱི་ནུས་པའི་འོག་ཏན་ཏན་གྱི་འགྱུར་བ་གང་འདྲ་ཞིག་ཡོང་བ་ཤེས་འདོད། དེ་ཚོ་ཚང་མའི་ཁྲོད། ཁོང་ལ་ཚོད་ལྟའི་དངོས་ལུགས་རིག་པ་བ་ཞེས་འབོད་ཆོག
   
   ཕྱོགས་གཞན་ཞིག་ནས། སྔ་ས་ནས་མཇུག་འབྲས་ཐོན་ཟིན་པའི་གནའ་ཚུལ་ལ་ཞིབ་འཇུག་བྱེད་རྒྱུར་དགའ་བའི་དངོས་ལུགས་རིག་པ་བ་ཡང་ཡོད་དེ། ཁོང་ཚོས་དེའི་ཁྲོད་ནས་ཡོངས་ཁྱབ་ཀྱི་དོན་སྙིང་ལྡན་པའི་བསམ་བློ་འདྲ་ཤེས་ཐབས་བྱེད། ཁོང་གིས་འབྲེལ་མཚོན་རིས་ཕྲེང་རིགས་འདེད་ཐུབ་པ་དང་། སྤྱི་འགྲོས་དེ་དག་གིས་མཇུག་འབྲས་དེ་ཡིན་པའི་རྒྱུ་མཚན་ལ་འགྲེལ་བཤད་བྱེད་ཐུབ། གལ་ཏེ་ཁོས་འབྲེལ་བ་དེ་ཚོ་རྙེད་ན། དེར་བརྟེན་ནས་ད་དུང་ཚད་འཇལ་མེད་པའི་མཇུག་འབྲས་འགའ་སྔོན་ཚོད་བྱེད་ཐུབ་ངེས། གལ་སྲིད་ནམ་ཞིག་ཚད་འཇལ་ཟིན་ནས། མཇུག་འབྲས་དེ་མི་རྣམས་ཀྱི་སྔོན་ཚོད་དང་མཐུན་ན།  སྤྱིར་བཏང་ནས་ཁོས“རང་བྱུང་ཆོས་ཉིད་”ཟེར་བའི་དངོས་པོ་ཅིག་རྙེད་ཡོད། ཐབས་ལམ་འདི་འདྲར་བརྟེན་ནས“རང་བྱུང་ཆོས་ཉིད་”ཤེས་མཁན་ཀྱི་དངོས་ལུགས་རིག་པ་བ་ནི་གཞུང་ལུགས་དངོས་ལུགས་རིག་པ་ཡིན།
 
   དངོས་ལུགས་རིག་པ་བ་ཁ་ཤས་གནས་ལུགས་ཞིབ་འཇུག་བྱེད་རྒྱུར་དགའ་པོ་གཏན་ནས་མེད་སྟེ། ཁོང་ཚོ་ནི་བློ་གྲོས་ལྡན་པའི་ཚོད་ལྟའི་དངོས་ལུགས་རིག་པ་བ་ཡིན། དེ་སྔོན་ཐེ་གཏོགས་ཆས་གསར་བསྐྲུན་དང་འོད་ཀྱི་མྱུར་ཚད་ལ་ཚད་འཇལ་མཁན་མལ་ཁེ་ཨ་ཙི་ཁོང་ནི་དེ་འདྲ་བ་ཞིག་ཡིན། ཡང་ཚོད་ལྟར་ཧ་ཅང་མི་དགའ་བར་གཞུང་ལུགས་རིག་པར་མཁས་པའི་བློ་ལྡན་དངོས་ལུགས་རིག་པ་བ་ཡང་ཡོད་དེ།བལྟོས་བཅས་རིག་པ་ཤེས་མཁན་ཀྱི་ཨེན་སི་ཐན་ལྟ་བུ། མ་གཞི་ཚོད་ལྟ་དངོས་ལུགས་རིག་པ་བ་རྣམས་ཀྱིས་རང་ཉིད་ཚད་འཇལ་གྱི་ཚད་གཞིའི་ནང་བཅུག་པ་དང་། གཞུང་ལུགས་དངོས་ལུགས་རིག་པ་བ་རྣམས་ཀྱི་རྩིས་རིག་ཀྱི་སྒྲུབ་བྱེད་ཁོ་ནར་ཚད་འཛིན་རུང་། གཉིས་ཀས་ཚན་རིག་དེ་གཙིགས་སུ་འཛིན། ཡིན་ཡང་མི་རྣམས་ཀྱིས་རྒྱུན་པར་ཚོད་ལྟར་རྩེར་སོན་ལ་གཞུང་ལུགས་ལ་ཡང་མཁས་པའི་ཚན་རིག་པ་ཞིག་རྙེད་ན་བསམ་ཀྱི་ཡོད། ཧྥེ་མི་ནི་དེ་ལྟ་བུའི་གཉིས་ཀར་མཁས་པའི་དངོས་ལུགས་རིག་པ་བའི་མཚོན་བྱེད་མི་སྣ་ཞིག་ཡིན། ཁོང་ད་དུང་གཟེངས་སུ་ཐོན་པའི་བཤེས་གཉེན་ཞིག་ཡིན་པས་དེར་བརྟེན་སྤྱིར་བཏང་ནས་ཁོང་ལ་ཕྱོགས་གསུམ་ལ་མཁས་པའི་ཀྱི་མི་ཞེས་འབོད་ཆོག