ཚེ་སྲོག་ནི་ཇི་ལྟར་འགོ་ཚུགས་པ་ཡིན་ནམ།
སྤེལ་དུས།: 
2014-04-24 18

ལྟ་གྲངས།

81
   དྲི་བ་འདིར་ད་ལྟ་ད་དུང་འདི་འདྲ་རེད་ཅེས་ཁ་ཚོན་གཅོད་མི་ཐུབ་ཏེ། རྒྱུ་མཚན་ནི་ཚེ་སྲོག་འཛུགས་སྐབས་སུ་མཐའ་འཁོར་དུ་མི་མེད་པ་དང་། དཔང་མི་ཞིག་ཀྱང་མེད་པས་ཕྱིར། འོན་ཀྱང་། ང་ཚོས་དྲི་བ་འདིར་ད་དུང་གཏན་ཚིགས་ཀྱིས་དབྱེ་ཞིབ་འདྲ་བྱས་ཆོག
 
   དེ་ཡང་གནམ་དཔྱད་རིག་བས་འཇིག་རྟེན་གྱི་སྤྱིའི་གྲུབ་ཚུལ་ལ་བརྡར་ཤ་རེ་འགའ་བཅད་ཟིན་པ་ལྟར། དཔེར་ན། ཁོང་ཚོས་འཇིག་རྟེན་ཁམས་འདིར་ཧ་ལམ་བརྒྱ་ཆ་དགུ་ཅུ་ཙམ་གྱི་ཆིང་དང་བརྒྱ་ཆ་དགུ་ཙམ་གྱི་ཧེལ་ཡོད་ལ། དེའི་འཕྲོས་ཀྱི་བརྒྱ་ཆ་གཅིག་ནི་གཙོ་བོར་དབྱང་དང་ཏན། ནེན། ཨར། ཐཱན། མུ་སི། སཱེལ། ལྕགས་བཅས་ལས་གྲུབ་པ་ཤེས་རྟོགས་བྱུང་ཡོད།
   འདི་ནས་འགོ་ཚུགས་ཏེ། རྫས་རྒྱུ་དེ་ཚོས་མཉམ་བསྲེས་བྱེད་ལུགས་བརྒྱུད་མྱོང་བ་རྟོགས་ཐུབ།  དེ་བས།     ང་ཚོས་གོ་ལར་ཐོག་མ་ཉིད་ནས་རླུང་ཁམས་ཆེན་པོའི་བང་རིམ་ཞིག་མཆིས་ཤིང་། དེར་ཆིང་གི་འདྲེས་སྦྱོར་དངོས་རྫས་ཕུན་སུམ་ཚོགས་པ་ཞིག་ཡོད་དེ། ཆུའི་རླངས་པ་དང་ཨེན། ཝན་ཀ་པ། ཆིང་འདྲེས་མུ་སི། ཆིང་འདྲེས་ཆིན་སོགས་ཡིན་ཞེས་བྱ་བའི་སྡོམ་ཚིག་ཐོབ་པའི་གཞི་འཛིན་ས་ཡོད། ད་དུང་གཤེར་གཟུགས་ཀྱི་ཆུས་གྲུབ་པའི་རྒྱ་མཚོ་ཞིག་ཡོད་སྲིད་ལ། དེས་རླུང་ཁམས་ཆེན་པོའི་ཁྲོད་ཀྱི་རླུང་གཟུགས་སྣ་ཚོགས་མཚོ་ཆུའི་ནང་བཞུ་བར་བྱེད།
 
    འདི་འདྲ་བའི་འཇིག་རྟེན་སྟེང་ཚེ་སྲོག་འབྱུང་ཕྱིར། དང་པོ་ཉིད་དུ་གནས་ཡོད་པའི་སྟབས་བདེའི་ཆ་རྡུལ་དེ་དག་ངེས་པར་ཕན་ཚུན་མཉམ་འདྲེས་བྱས་ཏེ། རྙོག་འཛིང་ཅན་གྱི་ཆ་རྡུལ་གྲུབ་དགོས། སྤྱིར་བཏང་། མ་རྡུལ་ཉུང་ཤས་འདུས་བའི་སྟབས་བདེའི་ཆ་རྡུལ་གྲུབ་པ་ལ། མ་རྡུལ་མང་པོ་འདུས་བའི་རྙོག་འཛིང་ཅན་གྱི་ཆ་རྡུལ་དགོས་པ་དང་། ནུས་ཚད་ཀྱང་ནང་འདྲེན་བྱེད་དགོས། ཉི་འོད(ཁྱད་པར་དུ་དེའི་སྨུག་ཕྱིའི་འོད་)རྒྱ་མཚོའི་ངོས་སུ་འཕྲོས་ཚེ། དགོས་ངེས་ཀྱི་ནུས་ཚད་འཁོ་འདོན་བྱས་ཐུབ་པ་མ་པ་ཟད། ཆ་རྡུལ་ཆུང་ངུ་རྣམས་བཙན་གྱིས་ཅུང་ཆེ་བའི་ཆ་རྡུལ་དུ་ཆགས་སུ་འཇུག་པ་སྟེ། དེ་ན། དེ་དག་ནི་ཅུང་ཆེ་བའི་ཆ་རྡུལ་གང་དག་ཡིན་ཞེ་ན། 
 
   ༡༩༥༣ལོར། ཨ་རིའི་རྫས་འགྱུར་རིག་པ་བ་མི་ལ་ཡིས་ཆ་རྡུལ་འདི་འདྲིའི་ཆེ་བ་འགའ་འཚོལ་ཐུབ་བྱ་རྒྱུའི་ཆོད་སེམས་བཞག། ཁོང་གིས་མི་རྣམས་ཀྱིས་གདོད་མའི་སའི་གོ་ལའི་རླུང་ཁམས་ཆེན་པོའི་ཁྲོད་གནས་མྱོང་བར་བསམ་པའི་དངོས་པོ་འགའི་འདྲེས་སྦྱོར་རྫས་གྲ་སྒྲིག་བྱས་པ་མ་ཟད། ད་དུང་རྫས་དེ་དག་ལ་ལྷད་འགོས་མེད་པར་རློམས་ཡོད། དེ་རྗེས། ཁོང་གིས་གློག་ནུས་ཁུངས་བྱས་ནས། གཟའ་འཁོར་འགའི་རིང་འདྲེས་སྦྱོར་རྫས་འདི་རིགས་ལ་གློག་བཏང་། མཇུག་མཐར། ཁོང་གིས་འདྲེས་སྦྱོར་རྫས་འདིའི་ཁྲོད་དུ། ཐོག་མའི་ཆ་རྡུལ་དང་བསྡུར་ན་དེའི་ནང་དུ་ཅུང་རྙོག་འཛིང་ཆེ་བའི་ཆ་རྡུལ་འགའ་ཡོད་པ་གོ་ཚོར་བྱུང་ལ། དེ་ཚང་མ་ཚེ་སྲོག་གི་སྒྲིག་འཛུགས་ཁྲོད་གནས་ཡོད་པའི་ཆ་རྡུལ་རིགས་མི་འདྲ་བ་དག་ཡིན། དེ་མ་ཟད་དེའི་ཁྲོད་ད་དུང་འདྲེས་སྦྱོར་དངོས་རྫས་འགངས་ཆེ་བ (སྤྲི་དཀར་བཅུད་)བཟོ་བྱེད་ཀྱི་ཨེམ་གཞི་སྐྱུར་སོགས་འདུས་ཡོད།  ༡༩༥༢ནས་བཟུང་། འཛམ་གླིང་གི་ཞིབ་འཇུག་མི་སྣ་མང་པོས་ཚོད་ལྟ་འདི་ཡང་དང་བསྐྱར་དུ་བྱས་པ་མ་ཟད།  ཚོད་ལྟ་སྔོན་དང་བསྡུར་ན་དེ་བས་ཞིབ་ཅིང་ཕྲ་བར་བྱས་ཡོད།  ཁོ་ཚོས་ཐབས་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་ཆ་རྡུལ་རིགས་མང་པོ་སྐྲུན་པ་དང་། དེ་རྗེས། ཆ་རྡུལ་འདི་དག་དེ་ལས་རྙོག་འཛིང་ཆེ་བའི་ཆ་རྡུལ་སྐྲུན་པའི་གཞི་འཛིན་སའམ་འགོ་འཛུགས་སར་བཟུང་ཡོད།
 
    འདི་ལྟར་གྲུབ་པའི་དངོས་པོ་འགས་ར་སྤྲོད་བྱས་པ་ལྟར་ན། དེ་དག་ནི་ཐད་ཀར་ཚེ་སྲོག་གྲུབ་པའི་དངོས་རྫས་ཏེ། སྤྲི་དཀར་བཅུད་དང་ཉིང་སྐྱུར་ཡིན་བཤད། དངོས་པོ་འདི་དག་གི་ཁྲོད་དུ་ཚེ་སྲོག་སྒྲིག་འཛུགས་ཀྱི་ཁྱད་ཆོས་ལྡན་པའི་དངོས་པོ་དང་གཏན་ནས་མི་འདྲ་ལ། དེ་འདྲའི་ཁྲད་ཆོས་ལྡན་པ་གཅིག་ཀྱང་རྙེད་མ་བྱུང་།
 
   ཡིན་ཡང་། བསམ་གྱིས་མི་ཁྱབ་པའི་བསམ་པའི་བཀོད་ཤུགས་ལ་བརྟེན་རུང་། ད་ཆར་ད་དུང་ཚེ་སྲོག་ཏུ་བོས་ཆོག་པའི་དངོས་པོ་ཞིག་ཡོད་མ་ཡིན། འོན་ཀྱང་། མིག་སྔར་ཚན་རིག་པས་གཤེར་གཟུགས་ཧྲེང་འགའ་རྐྱང་ལ་ཞིབ་འཇུག་བྱེད་པ་མ་ཟད། ད་དུང་ཞིབ་འཇུག་བྱེད་ཐེངས་རེར་ལའང་གཟའ་འཁོར་འགའ་ཙམ་ལས་མེད། འོན་ཏེ། གདོད་མའི་སའི་གོ་ལའི་སྟེང་གི་རྒྱ་མཚོའི་གཤེར་གཟུགས་ལ་ལོ་ངོ་དུང་ཕྱུར་བཅུ་ཕྲག་རིང་ཉི་འོད་ཕོག་ཡོད།
 
   ཉི་འོད་དྲག་པོས་འོག་ཏུ། རྒྱ་མཚོའི་ཁྲོད་ཀྱི་ཆ་རྡུལ་རྣམས་རིམ་བཞིན་རྙོག་འཛིང་ཇེ་ཆེ་ནས་ཇེ་ཆེར་འགྲོ་བ་དང་། འདི་ལྟར་ཆེས་མཐའ་འཇུག རྒྱུ་མཚན་གང་ཡིན་མི་ཤེས་པའི་གནས་ཚུལ་འོག་ཏུ་ཆ་རྡུལ་ཆེ་ག་གེ་མོ་ཞིག་གྲུབ་པ་དང་། ཆ་རྡུལ་དེས་ཆ་རྡུལ་སྟབས་བདེ་བ་དེ་རྣམས་རང་ཉིད་ནང་བཞིན་གྱི་ཆ་རྡུལ་གཞན་ཞིག་ཏུ་ཆགས་པར་བྱེད་ནུས། དེ་བས། ཚེ་སྲོག་ཞེས་པའང་འདི་ལྟར་འགོ་ཚུགས་ཞིང་མུ་མཐུད་རྒྱུན་འཁྱོངས་བྱས་ལ།  ག་ལེར་ད་ལྟའི་ཚེ་སྲོག་གི་རྣམ་པར་འཕེལ་འགྱུར་བྱུང་། ཚ་སྲོག་གི་གདོད་མའི་རྣམ་པ་དེ་ནི་ད་ལྟའི་ཆེས་སྟབས་བདེའི་ཚེ་སྲོག་གི་རྣམ་པ་ལས་ཀྱང་སྟབས་བདེ་མོད། འོན་ཀྱང་། ཁོ་ཚོར་མཚོན་ན་དེ་ཡང་ཆེས་རྙོག་འཛིང་ལྡན་པ་ཞིག་ཡིན། ད་ལྟའི་ཚན་རིག་པ་དག་གིས་གོང་གི་ཅི་ཡིན་མི་ཤེས་པའི་ཞིབ་ཕྲའི་རྒྱུ་མཚན་རྟོལ་ཕྱིར།  ཚན་རིག་ལས་ཀ་མང་པོ་བྱེད་ཀྱིན་ཡོད། 
 
    འོན་ཀྱང་། ཚེ་སྲོག་བྱུང་བ་ནི་ཇི་འདྲའི་ངོ་མཚན་ཅན་ཞིག་མིན་ཏེ། དེ་ནི་ཆ་རྡུལ་རིགས་མང་པོས་ཕན་ཚུན་ཟླ་སྒྲིལ་ནས་འགོག་ཤུགས་ཆུང་བའི་སྣེ་ཞིག་ལ་འཕེལ་བ་འབའ་ཞིག་ཡིན། གདོད་མའི་སའི་གོ་ལའི་ཆ་རྐྱེན་ལ་གཞིགས་ན། ཚེ་སྲོག་ནི་འབྱུང་ཁོ་ཐག་ཡིན་ལ། འདི་ནི་ལྕགས་རིགས་བརླན་ཤས་ཆེ་བའི་མཁའ་རླུང་ཁྲོད་དུ་བཙའ་རྒྱག་ངེས་པ་དང་ཀུན་ནས་མཚུངས། དེ་བས། ཆ་རྡུལ་རིགས་མང་པོས་ཕན་ཚུན་ཟླ་སྒྲིལ་ནས་འགོག་ཤུགས་ཆུང་བའི་སྣེ་ཞིག་ལ་འཕེལ་ཏེ་ཚེ་སྲོག་བྱུང་བ་ནི་གདོན་མི་ཟ། དངོས་ལུགས་ངོ་བོ་དང་རྫས་འགྱུར་གྲུབ་ཆའི་སྟེང་སའི་གོ་ལ་དང་མཚུངས་བའི་རྒྱུ་སྐར་གཞན་གང་རུང་ཡིན་ཀྱང་། དེའི་སྟེང་བྱུང་བ་ནི་བློ་རིག་ལྡན་པའི་ཚེ་སྲོག་ཡིན་པའི་ངེས་པ་མེད་རུང་། སྤྱིར་ཚེ་སྲོག་འབྱུང་བ་ནི་ལྡོག་མི་སྲིད་དོ། །

དཔྱད་གཏམ།

ཁྱེད་ཚོའི་སྣེ་ཁྲིད་འོག་མི་རབས་གསར་པའི་འགུལ་ཤུགས་དེ་བས་ཇེ་ཆེར་འགྲོ།