ཨེན་སི་ཐན་གྱི་བལྟོས་བཅས་སྨྲ་བའི་བརྗོད་པ་གནད་བསྡུས།
ཡིག་སྒྱུར།: 
སྤེལ་དུས།: 
2014-04-24 18

ལྟ་གྲངས།

38

     དུས་རབས༡༧པའི་ལོ་རབས་བརྒྱད་ཅུ་པའི་ནང་ཉིག་ཏོན་གྱིས་དངོས་གཟུགས་ཀྱི་འགུལ་སྐྱོད་གཏན་སྲོལ་ཕྱོགས་བསྡོམས་བྱས།  གཏན་སྲོལ་འདི་གཞིར་བཟུང་ན།  རིགས་མི་གཅིག་པའི་འགུལ་སྐྱོད་རིགས་ནི་ཅུང་སྟབས་བདེ་བའི་ཨང་རྩིས་ཐབས་ཞིག་རྒྱུད་དེ་ཕན་ཚུན་བསྣོན་ཆོག      གལ་སྲིད་ཁྱེད་ཀྱི་གམ་ནས་ཆུ་ཚོད་རེར་སྤྱི་ལེ་ཉི་ཤུའི་འགྲོས་ཚད་ལྟར་སྐྱོད་པའི་མེ་འཁོར་ཞིག་སོང་བ་དང་།     ཡང་མེ་འཁོར་དེའི་ནང་དུ་བྱིས་པ་ཞིག་གིས་ལྒང་བུ་ཞིག་ཆུ་ཚོད་རེར་སྤྱི་ལེ་ཉི་ཤུའི་འགྲོས་ཚད་ལྟར་མི་འཁོར་བསྐྱོད་པའི་ཁ་ཕྱོགས་སུ་གཡུགས་པར་ཆ་བཞག་ན།      སྐྱོད་བཞིན་པའི་མེ་འཁོར་ནང་ཡོད་པའི་བྱིས་པས་བལྟས་ཚེ།    ལྒང་བུའི་འགྲོས་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་ཉི་ཤུ་ཡིན་ལ།     འོན་ཀྱང་།    ཁྱོད་ཀྱིས་བལྟས་ཚེ།   ལྒང་བུའི་འགྲོས་ཚད་ནི་ལྒང་བུ་རང་ཉིད་དང་མེ་འཁོར་གཉིས་ཀའི་འགྲོས་ཚད་ཀྱི་སྡོམ་ཡིན་པར་འདོད་ལ།     ལྒང་བུས་དོན་དམ་དུ་ཆུ་ཚོད་རེར་སྤྱི་ལེ་ཉི་ཤུའི་འགྲོས་ཚད་ལྟར་འགུལ་བསྐྱོད་བྱེད།

     དེར་བརྟེན།      ཁྱོད་ཀྱིས་ཀྱང་ལྒང་བུ་གཅིག་པུའི་འགྲོས་ཚད་བསམ་ནས་དེའི་འགྲོས་ཚད་ཐག་གཅོད་མི་རུང་བ་ཤེས་སྲིད།      འགྲོས་ཚད་ནི་བལྟོས་བཅས་ཞིག་ཡིན་ཏེ་དམིགས་བསལ་གྱི་བལྟ་ཞིབ་མཁན་ཞིག་གཞིར་བཞག་བྱས་ནས་བརྗོད་པ་ཡིན།  ལྟ་ཞིབ་མཁན་མི་འདྲ་བས་འགྲོས་ཚད་ལ་འགྱུར་ལྡོག་བྱུང་ལ།    སྣང་ཚུལ་འདིར་འགྲེལ་བཤད་བྱེད་པར་འབད་པ་ངྱེད་པའི་འགུལ་བསྐྱོད་གཞུང་ལུགས་གང་ཞིག་ཡིན་རུང་ཡོད་ཚད་ “བལྟོས་བཅས་སྨྲ་བ་ “ཞིག་ཡིན།

   ཨེན་སི་ཐན་གྱི་ཀུན་དང་མི་འདྲ་བའི་བལྟོས་བཅས་སྨྲ་བ་ནི་མེ་འཁོར་ནང་དུ་ལྒང་བུ་གཡུགས་པའི་འདི་འདྲའི་དོན་དངོས་ཞིག་གི་ཁྲོད་བྱུང་ལ།    འོན་ཀྱང་།     ལྒང་བུ་གཡུགས་པའི་བྱེད་ཐབས་འདི་འོད་ལ་ཆ་མཚོན་ན།   ཕལ་ཆེར་ཚུགས་མི་ཐུབ།     འོད་ནི་གོ་ལའི་འགུལ་བསྐྱོད་ཀྱི་ཁ་ཕྱོགས་དང་ཡང་ན་ལྡོག་པའི་ཁ་ཕྱོགས་གཉིས་ཀར་འགུལ་བསྐྱོད་བྱེད་ཐུབ་ཅིང་།    འོད་དང་གོ་ལའི་འགུལ་བསྐྱོད་ཀྱི་ཁ་ཕྱོགས་མཐུན་སྐབས།           འོད་རྒྱུད་བསྒྲགས་བྱེད་པ་དེ་ཁ་ཕྱོགས་ལྡོག་པ་དང་བསྡུར་ན་མྱུར་བ་ཡོད།      འདི་ནི་གནམ་གྲུ་ཞིག་རླུང་གི་རྒྱུ་ཕྱོགས་དང་མཐུན་པར་འཕུར་བའི་སྐབས།    གནམ་གྲུ་དང་ས་ངོས་ཀྱི་བལྟོས་བཅས་བར་ཐག་དེ་རླུང་གི་རྒྱུ་ཕྱོགས་དང་ལྡོག་པར་འཕུར་སྐབས་ཀྱི་བར་ཐག་ལས་ཅུང་མཐོ་དགོས་བ་དང་མཚུངས།   འདི་འདྲ་ཞིག་ཡིན་རུང་།   ཞིབ་ཅིང་ཚགས་པའི་སྒོ་ནས་འོད་ཀྱི་འགྲོས་ཚད་ལ་ཞིབ་དཔྱད་པ་གཞིར་བཟུང་ན།  འོད་འཕྲོ་སའི་འོད་ཁུངས་དེ་ཅི་ལྟར་འགུལ་སྐྱོད་བྱས་རུང་།  འོད་ཀྱི་འགྲོས་ཚད་ནི་གཏན་དུ་འགྱུར་མི་འགྲོ་བ་བསྟན་ཡོད།

   དེར་བརྟེན།     ཨེན་སི་ཐན་གྱིས་གལ་སྲིད་སྟོངས་ཁམས་ཁྲོད་ཀྱི་འོད་ཀྱི་འགྲོས་ཚད་ཤེས་ཟིན་པར་ཆ་བཞག་ན།     འོད་ཀྱི་འགྲོས་ཚད་ལ་འགྱུར་ལྡོག་མི་འབྱུང་བར་ཇི་སྲིད་བར་དུ་དཔྱད་ཟིན་པའི་འགྲོས་ཚད་དེ་ལྟར་གནས་སྲིད་ཅེས་བསྒྲགས།  གནས་ཚུལ་གང་དང་གང་རུང་ཞིག་གི་སྐབས་སུའང་འདི་འདྲ་ཡིན།    དེས་ན།      ཕྱི་སྣོད་ཀྱི་འཇིག་རྟེན་གྱི་གཏན་སྲོལ་སྣ་ཚོགས་ཀྱིས་ཁོང་གི་ཆ་བཞག་འདིར་ཅི་ལྟར་ཚུར་སྣང་བྱེད་སྲིད་དམ།

   ཨེན་སི་ཐན་གྱིས་མི་རྣམས་ལ་འོད་ཀྱི་འགྲོས་ཚད་ནི་འགྱུར་མེད་ཞིག་ཡིན་པ་ར་སྤྲོད་བྱེད་ཆེད།  ཁོ་ཚོར་ངེས་པར་དུ་རང་གི་བློ་ལས་འགོངས་བའི་དོན་དག་གང་མང་མང་ཞིག་དང་ལེན་བྱེད་དུ་འཇུག་དགོས་པ་ཤེས།   ཁོས་དངོས་གཟུགས་གི་འགུལ་སྐྱོད་འགྲོས་ཚད་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས།   དངོས་གཟུགས་གི་རིང་ཚད་ནི་དངོས་གཟུགས་གི་འགུལ་སྐྱོད་ཁ་ཕྱོགས་ཁྲོད་ཇེ་ཐུང་ནས་ཇེ་ཐུང་དུ་འགྱུར་བ་རྟོགས་ཞིང་།    དངོས་གཟུགས་གི་འགུལ་སྐྱོད་འགྲོས་ཚད་འོད་ཀྱི་འགྲོས་ཚད་དུ་སླེབས་སྐབས། དངོས་གཟུགས་གི་རིང་ཚད་ཀླད་གོར་དུ་འགྱུར་སྲིད།    དེ་བཞིན་དུ།   དངོས་གཟུགས་གི་འགུལ་སྐྱོད་འགྲོས་ཚད་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས།    དངོས་གཟུགས་གི་གདོས་ཚད་ཇེ་ཆེ་ནས་ཇེ་ཆེར་འགྱུར་ཞིང་།    འོད་ཀྱི་འགྲོས་ཚད་དུ་སླེབས་སྐབས།         དངོས་གཟུགས་གི་གདོས་ཚད་དེ་ཚད་མེད་ཆེ་བར་འགྱུར།        ཁོའི་ད་དུང་དངོས་གཟུགས་གི་འགུལ་སྐྱོད་འགྲོས་ཚད་ཇེ་དལ་ནས་ཇེ་དལ་དུ་འགྱུར་སྐབས།    འགུལ་སྐྱོད་བྱེད་བཞིན་པའི་དངོས་གཟུགས་སྟེང་ལོ་ཟླའི་བཞུར་རྒྱུན་དལ་བར་འགྱུར་བ་དང་།      འོད་ཀྱི་འགྲོས་ཚད་དུ་སླེབས་སྐབས།    ལོ་ཟླའི་བཞུར་རྒྱུན་དེ་མདུན་སྐྱོད་མེད་པར་གནས་སྲིད་པ་རྟོགས།    དེ་མ་ཟད།    ཁོས་གདོས་ཚད་དེ་ནུས་ཚད་ངེས་ཅན་ཞིག་དང་མཉམ་པ་དང་།      ནུས་ཚད་དེ་ཡང་གདོས་ཚད་ངེས་ཅན་ཞིག་དང་མཚུངས་བ་ལ་སོགས་ཤེས་ཡོད།

   ཁོང་གིས་གོང་ནས་བརྗོད་པའི་དངོས་གཟུགས་གི་འགྲོས་མཉམ་འགུལ་སྐྱོད་ཀྱི་ཆོས་ཉིད་ཕྱོགས་བསྡོམས་བྱས་པ་མ་ཟད།    ༡༩༠༥ལོར“སྒྲ་དོག་པའི་བལྟོས་བཅས་སྨྲ་བ “ཞེས་བའི་མིང་བཀོད་དེ་ཁྱབ་བསྒྲགས་བྱས།   ༡༩༡༥ལོར།     ཁོས་དངོས་གཟུགས་གི་འགྲོས་འགྱུར་འགུལ་སྐྱོད་ཆོས་ཉིད་སྐོར་བགྲོ་གླེང་བྱེད་པའི་ཐད།      སྔར་ལས་གཏིང་ཞིང་ཟབ་པའི་མཇུག་འབྲས་བཏོན་ཞིང་།     དུས་མཉམ་དུ་ད་དུང་འགུག་ཤུགས་ཀྱི་བྱེད་ནུས་ལ་འགྲེལ་བཤད་གསར་བ་ཞིག་རྒྱོབ།       འབྲས་བུ་འདི་དག་ལ“སྒྲ་ཡངས་འཇུག་གི་བལྟོས་བཅས་སྨྲ་བ “ཞེས་འབོད།   

   དངོས་གཟུགས་གི་འགུལ་སྐྱོད་འགྲོས་ཚད་ཧ་ཅང་མགྱོགས་པོ་ཞིག་ཡིན་ཚེ།     ཨེན་སི་ཐན་གྱིས་གསུང་བའི་འགྱུར་ལྡོག་ག་གེ་མོ་དེ་དག་ད་གཟོད་མི་རྣམས་ཀྱིས་ཚོར་ཐུབ་ལ།     ཉིང་རྡུལ་ཡའི་གཞི་རྡུལ་ལ་འདི་འདྲའི་འགུལ་སྐྱོད་འགྲོས་ཚད་ཧ་ཅང་མགྱོགས་པོ་ཞིག་ཡོད་པ་དང་།    མི་རྣམས་ཀྱིས་རྡུལ་ཕྲན་ཡའི་གཞི་རྡུལ་ལ་རྟག་དཔྱད་བྱས་མཐར་ཨེ་ཡིན་སི་ཐན་གྱིས་གསུང་བ་དེ་ཡང་དག་ཅིང་བདེན་པར་གྲུབ་པར་ཤེས།   དྲང་པོར་བཤད་ན།    གལ་ཏེ་ཨེན་སི་ཐན་མ་འོངས་ལུང་བསྟན་དེ་ནོར་ཡོད་ཚེ།      ང་ཚོའི་རྡུལ་ཕྲན་ལ་རྡབ་རྡུང་གཏོང་བའི་སྒྲིག་ཆས་ནི་གཏན་ནས་འཁོར་སྐྱོད་བྱེད་ཐབས་མེད་ལ།     རྡུལ་ཕྲན་འབར་མདེལ་ཡང་འབར་གས་བྱེད་མི་ཐུབ་པ་མ་ཟད།    གནམ་དཔྱད་ལྟ་ཞིབ་ག་གེ་མོའང་སྒྲུབ་ཐབས་མེད། 

   འོན་ཀྱང་།   རྒྱུན་ལྡན་གྱི་གནས་ཚུལ་འགྲོས་ཚད་སྐབས།    ཨེན་སི་ཐན་གྱིས་གསུང་བའི་སྣང་ཚུལ་སྣ་ཚོགས་ནི་འབྱུང་བའི་ཚད་ཧ་ཅང་ཆུང་བས་དོ་སྣང་མ་བྱས་ཀྱང་ཆོག     སྐབས་འདིར།   ཉིག་ཏུན་གཏན་སྲོལ་གྱི་སྟབས་བདེའི་ཨང་རྩིས་སྣོན་ཐབས་གྱིས་ནུས་བ་འདོན་སྲིད།   ཉིག་ཏུན་གཏན་སྲོལ་རྒྱུན་པར་ང་ཚོ་གནས་བའི་འཁོར་ཡུག་ཁྲོད་ཚུགས་ཐུབ་པས།  ང་ཚོས་གཏན་སྲོལ་འདི་དག་རྒྱུན་ཤེས་ཤིག་ཏུ་སྣང་སྲིད་ལ།   འོན་ཀྱང་།     ཨེན་སི་ཐན་གྱི་གཏན་སྲོལ་འདི”བསམ་གྱིས་མ་ཁྱབ་པ”་ཞིག་ཏུ་སྣང་སྲིད་དོ།།