རྨང་གཞིའི་ཚན་རིག་དང་དབྱེ་སྟངས།
ཡིག་སྒྱུར།: 
སྤེལ་དུས།: 
2014-04-24 18

ལྟ་གྲངས།

141
    རང་བྱུང་སྣང་ཚུལ་དང་དངོས་གཟུགས་འགུལ་སྐྱོད་ཞིབ་འཇུག་བྱ་ཡུལ་དུ་བྱས་ནས།  རང་བྱུང་ཁམས་ཆེན་མོའི་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་འཚོལ་ཞིབ་བྱེད་པ་དང་།  དེའི་ནང་གྲངས་རིག་དང་།  གཏན་ཚིགས་རིག་པ།  དངོས་ལུགས་རིག་པ།  རྫས་འགྱུར་རིག་པ།  གནམ་དཔྱད་རིག་པ།  ས་ཁམས་རིག་པ།  སྐྱེ་དངོས་རིག་པ་བཅས་རྨང་གཞིའི་རིག་ཚན་སྣ་བདུན་དང་ཡན་ལག་རིག་ཚན།  བསྡུས་གྲུབ་རིག་ཚན་བཅས་འདུས་ཡོད།  བསྡུས་གྲུབ་རིག་ཚན་ལ་དངོས་ལུགས་རྫས་འགྱུར།  རྫས་འགྱུར་དངོས་ལུགས།  སྐྱེ་དངོས་རྫས་འགྱུར།  སའི་གོ་ལའི་རྫས་འགྱུར།  སའི་གོ་ལའི་སྐྱེ་དངོས་སོགས་ཡོད་ལ།  ཞིབ་འཇུག་གི་འབྲས་བུ་ནི་ཚན་རིག་ལག་རྩལ་གྱི་གཞུང་ལུགས་རྨང་གཞི་དང་འདིས་ལག་རྩལ་ཚན་རིག་དང་ཐོན་སྐྱེད་ལག་རྩལ་ལ་མཛུབ་ཁྲིད་ཀྱི་ནུས་པ་ཐོན་གྱི་ཡོད།  
    རྨང་གཞིའི་ཚན་རིག་ནི་རང་བྱུང་ཁམས་ཀྱི་ཆེས་གཞི་རྩའི་བྱ་དངོས་དང་བྱེད་ནུས་བར་གྱི་ཕན་ཚུན་འབྲེལ་བ་དང་ཆོས་ཉིད་སོགས་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཡིན།  སོར་ཆུད་དཔྱད་པའི་གཏན་ཚིགས་ལྟར་ན།  སྣང་ཚུལ་མཐའ་དག་རྗེས་འདེད་བྱས་ན་རྨང་གཞིའི་ཚན་རིག་ལ་ཐུག་ཡོད།   སྐྱེ་དངོས་རིག་པ།  རྫས་འགྱུར་རིག་པ།  དངོས་ལུགས་རིག་པ་སོགས་ནི་རྨང་གཞིའི་ཚན་རིག་ཡིན་ལ།  བཟོ་སྐྲུན་རིག་པ་མིན།  རྨང་གཞིའི་ཚན་རིག་དང་ཉེར་སྤྱོད་ཚན་རིག་གཉིས་མི་འདྲ་སྟེ།  རྨང་གཞིའི་ཚན་རིག་ལ་ཐད་དཀར་དུ་ཉེར་སྤྱོད་མེད།  རྨང་གཞིའི་ཚན་རིག་ཞིབ་འཇུག་གི་གསར་འཛུགས་ནི་ཚོད་འཛིན་ཐེབས་པའི་ཚོད་ལྟ་དང་ཞིབ་ཕྲའི་ལྟ་དཔྱད་ཀྱི་རྨང་གཞིའི་སྟེང་(བྱེད་ལུགས་འདི་དག་རྨང་གཞིའི་ཚན་རིག་དང་ཉེར་སྤྱོད་ཚན་རིག་གང་ཡིན་གསལ་བོར་མི་ཤེས་ཡང་།  )རྨང་གཞིའི་ཚན་རིག་ཞིབ་འཇུག་གི་བརྟེན་སར་གཏན་འཁེལ་གྱི་བདེན་དཔང་དང་རིན་ཐང་ཡོད་པའི་རིག་གཞུང་གིས་རིགས་འདེད་རྒྱས་བཀྲོལ་བྱེད་ངེས།  སྲོལ་རྒྱུན་ལྟར་ན་རྨང་གཞིའི་ཚན་རིག་དང་རིག་གཞུང་ཚན་རིག་གཉིས་དབར་འབྲེལ་བ་དམ་ཟབ་ཡོད་པར་མ་ཟད།  སྤྱི་ཚོགས་ཚན་རིག་དང་སྤྱོད་ཚུལ་ཚན་རིག་ཀྱི་ཞིབ་འཇུག་ཁ་ཤས་ཡང་རྨང་གཞིའི་ཚན་རིག་ཡིན་པར་འདོད་དེ།  དཔེར་ན་ངེས་འཛིན་དབང་རྩ་རིག་པ་ལྟ་བུ།  
 
མིའི་རིགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཁྲོད་རྨང་གཞིའི་ཚན་རིག་ལ་གཤམ་གྱི་ཁྱད་ཆོས་འགའ་ཡོད་དེ།  
 
༡།  དངོས་གཟུགས་འགུལ་སྐྱོད་ངོ་བོའི་ཆོས་ཉིད་ཀྱི་ཚུར་སྣང་ཡིན་ལ།  ཚན་རིག་གཞན་དང་བསྡུར་ན་སྤྱི་མཚན་རང་བཞིན་དང་རགས་བསྡུས་རང་བཞིན་ཆེས་ཆེ་ཞིང་།  གོ་དོན་དང་།  གཏན་སྲོལ།  ཆོས་ཉིད་བཅས་ཀྱིས་དམ་པོར་བཅངས་བའི་རིག་གཞུང་མ་ལག་ཡིན།  
 
༢།  ཐོན་སྐྱེད་ལག་ལེན་དང་བར་བརྒྱུད་ཀྱི་འབྲེལ་བ་ཙམ་ཡིན།  དུམ་ཚན་རབ་དང་རིམ་པ་བརྒྱུད་ན་ད་གཟོད་དངོས་གཟུགས་ཐོན་སྐྱེད་ནུས་ཤུགས་ལ་འགྱུར་པ་ཡིན།  
 
༣།  གྲུབ་འབྲས་ཁ་ཤས་ཀྱི་བྱེད་ནུས་གལ་ཆེན་མི་རྣམས་ཀྱིས་སྣང་མེད་དུ་གཏོང་སླ་བ་ཡིན།  
 
༤།  ཞིབ་འཇུག་ལ་རྒྱུན་རིང་རང་བཞིན་དང་།  དཀའ་སྤྱད་རང་བཞིན།  རྒྱུན་མཐུད་ཀྱི་རང་བཞིན་སོགས་ཡོད།  
 
༥།  ཞིབ་འཇུག་གྲུབ་འབྲས་ལ་གསང་བ་མིན་པའི་རང་བཞིན་ཡོད་ལ།  སྤྱིར་མངོན་གསལ་ཁྱབ་བསྒྲགས་བྱས་ནས་མིའི་རིགས་སྤྱིའི་བསམ་པའི་ལོངས་སྤྱོད་དུ་གྱུར་ཡོད།  
 
 

རིག་ཚན་ཆེན་པོ་བདུན།

   མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སློབ་ཚན་རིགས་དབྱེའི་དཀར་ཆག་ལྟར་ན།  རྨང་གཞིའི་ཚན་རིག་དེ་རིགས་ཆེན་པོ་བདུན་ལ་དབྱེ་ཡོད།  
 
དང་པོ།   རྩིས་རིག
ཚབ་རྩིས་རིག་པ་དང་དབྱེ་ཞིབ་རིག་པ།  དབྱིབས་རྩིས་རིག་པ།  བསྡོམས་རྩིས་རིག་པ།  ཐུའོ་ཕུའུ་རིག་པ།  རྒྱུན་སྤྱོད་རྩིས་རིག།  རྩིས་རྒྱག་རིག་པ།  རྩིས་འཁོར་ཚན་རིག་སོགས་ཚུད།  
 
གཉིས་པ།   གཏན་ཚིགས་རིག་པ།  
གཏན་ཚིགས་ཀྱི་བཀོལ་སྤྱོད་དང་།  རྒྱས་བཀྲོལ་གཏན་ཚིགས།  སྤྱིར་བཏང་གི་གཏན་ཚིགས།  ཕྱོགས་བསྡུས་གཏན་ཚིགས།  བརྟག་ཐབས་སྨྲ་བ་སོགས་འདུ།  
 
གསུམ་པ།   དངོས་ལུགས་རིག་པ།  
གཞི་རྡུལ་དངོས་ལུགས་རིག་པ།  གོང་འགྲིལ་རྣམ་པའི་དངོས་ལུགས་རིག་པ།  འོད་རིག་པ།  སྒྲ་ཡངས་འཇུག་གི་བལྟོས་བཅས་སྨྲ་བ།  ར་བ་སྨྲ་བ།  ཚད་རྡུལ་ཤུགས་རིག  བསྡོམས་རྩིས་ཤུགས་རིག་པ་སོགས་འདུ།  
 
བཞི་བ།   གནམ་དཔྱད་རིག་པ་དང་གནམ་གཟུགས་དངོས་ལུགས་རིག་པ།  
འཇིག་རྟེན་རིག་པ་དང་འཇིག་རྟེན་འབྱུང་རྩ་རིག་པ།  གནམ་སྐར་རིག་པ།  གློག་རླབས་གནམ་དཔྱད་རིག་པ།  ཉི་མའི་ཁྱིམ་རྒྱུད་རིག་པ་སོགས་འདུ།  
 
ལྔ་པ།   ས་སྐར་ཚན་རིག་དང་བར་སྣང་ཚན་རིག
རླུང་ཁམས་ཆེན་མོའི་དངོས་ལུགས་རིག་པ།  ས་གཞི་ཆེན་མོའི་ཚད་ལེན་རིག་པ།  ཆུ་དཔྱད་རིག་པ།  མཚོ་གཤིས་རིག་པ།  ས་ཞིང་རིག་པ།  བར་སྣང་ཚན་རིག་སོགས་འདུ།  
 
དྲུག་པ།   རྫས་འགྱུར་རིག་པ།  
རིགས་དབྱེ་རྫས་འགྱུར་རིག་པ།  སྐྱེ་མེད་རྫས་འགྱུར་རིག་པ།  སྐྱེ་ལྡན་རྫས་འགྱུར་རིག་པ།  དངོས་ལུགས་རྫས་འགྱུར།  གྲུབ་གཞིའི་རྫས་འགྱུར།  འདུས་རྡུལ་མང་གྲུབ་ཀྱི་རྫས་འགྱུར་སོགས་འདུ།  
 
བདུན་པ།   ཚེ་སྲོག་ཚན་རིག
རྩི་ཤིང་རིག་པ་དང་སྲོག་ཆགས་རིག་པ།  རང་བྱུང་མིའི་རིགས་རིག་པ།  སྐྱེ་དངོས་རྫས་འགྱུར།  འདུས་རྡུལ་སྐྱེ་དངོས་རིག་པ།  སྐྱེ་ཁམས་རིག་པ།  རྒྱུད་རྒྱུ་རིག་པ་སོགས་འདུ།  

དཔྱད་གཏམ།

hgjhgkgfnjhvidi jikjwk iwsmfkjj kekffkldnx