ཅི་ཞིག་ལ་ནག་དོང་ཟེར།
ཡིག་སྒྱུར།: 
སྤེལ་དུས།: 
2014-04-24 19

ལྟ་གྲངས།

21

ནག་དོང་གང་ཡིན་པར་ཤེས་པའི་ཆེད་དུ།  ང་ཚོས་སྔོན་ལ་ཉི་མ་དང་འདྲ་བའི་སྐར་མ་བསྟན་པ་ལས་གླེང་སྟེ།   ང་ཚོས་ཤེས་གསལ་ ལྟར།  ཉི་མའི་ཟུར་ཚངས་ནི་སྤྱི་ལེ་1392000ཡིན་ ལ་སྤུས་ཚད་ནི་སའི་གོ་ལའི་ལྡབ་330000ཡིན།   འདི་འདྲ་ཆེ་བའི་སྤུས་ཚད་དང་ ཕྱི་ཚུལ་ནས་དཀྱིལ་ངོས་ཀྱི་བར་ཐག་འདི་འདྲའི་རིང་པོ་ཡོད་པའི་སྐབས་སུ།   ཉི་མའི་ཕྱི་ལོག་གི་དངོས་པོ་གང་རུང་ལ་ཕོག་པའི་ཐེན་ཤུགས་ཕལ་ཆེར་སའི་གོ་ལའི་ཕྱི་ཚུལ་ཐེན་ཤུགས་ཀྱི་ལྡབ་ཉི་ཤུ་རྩ་བརྒྱད་ཡིན།

སྤྱིར་བཏང་གི་སྐར་མ་བསྟན་པ་ཐ་དག་ལ་གཤམ་གྱི་རྐྱེན་གཉིས་ཕན་ཚུན་ཆ་སྙོམས་ངང་ནས་སྤྱིར་བཏང་གི་ཆེ་ཆུང་རྒྱུན་འཁྱོངས་པར་བྱེད་ཀྱི་ཡོད་པས་   དེའི་ནང་ནས་རྐྱེན་གཅིག་ནི་  སྐར་མ་བསྟན་པའི་དབུས་སུ་དྲོད་ཚད་ཧ་ཅང་ཡོད་པར་བརྟེན་   སྐར་མ་བསྟན་པའི་དངོས་པོ་རྣམས་ནམ་རྒྱུན་སྤོས་པའི་བཟོ་ལྟར་གནས་གིན་ཡོད་   རྐྱེན་གཞན་ཞིག་ནི་སྐར་མ་བསྟན་པ་དེ་རང་གི་་ཐེན་ཤྱུགས་ཧ་ཅང་ཆེན་པོ་ཡོད་  དེར་བརྟེན་  སྐར་མ་བསྟན་པའི་དངོས་ཚད་རྣམས་འཁུམས་འགྲོ་བའི་ཕྱོགས་སུ་བསྡད་པ་དང་མཉམ་དུ་བརྩུར་བསྣོན་བྱེད་།

འོན་ཀྱང་ །  སྐར་མ་བསྟན་པའི་བར་སྐབས་གཅིག་ནང་དེའི་ ནང་ངོས་ཀྱི་དྲོད་ཚད་ཇེ་དམའ་རུ་འགྲོ་ཟིན་ཏེ།དེ་ལྟར་གྱུར་ཚེ་ ཐེན་ཤྱུགས་ནི་རྐྱེན་གཙོ་བོ་ཞིག་ཏུ་གྱུར།   མཇུག་མཐར་ སྐར་མ་བསྟན་པ་ལེབ་དུ་ཕྱིན་འགོ་འཚུགས་པ་ཡིན།   རྒྱུད་རིམ་དེའི་ནང་དུ་ སྐར་མ་བསྟན་པའི་ནང་ངོས་དངོས་པོའི་ཆ་རྡུལ་གྲུབ་ཆ་ལ་གཏོར་སྐྱོན་ཐེབས་པ་དང་།  ཆ་རྡུལ་གནས་ཀྱི་མེད་པར་གློག་རྡུལ་དང་སྤུས་རྡུལ།   འབྲིང་རྡུལ་བཅས་ཀྱི་ཚབ་བྱས་ནས་གློག་རྡུལ་ཕན་ཚུན་གྱི་ཕུད་ཤྱུགས་ཀྱིས་སྐར་མ་བསྟན་པ་དེ་ལེབ་དུ་འགྲོ་བར་བཀག་བྱས།

དེ་ལྟར་སྐར་མ་བསྟན་པ་དེ་དཀར་ཆུང་སྐར་མ་ཞིག་དུ་གྱུར་འགྲོ་བ་ཡིན། ཉི་མ་དང་འདྲ་བའི་སྐར་མ་བསྟན་པ་དེ་ལེབ་དུ་ཕྱིན་ནས་དཀར་ཆུང་སྐར་མ་ལ་གྱུར་རྗེས།  ཁོའི་སྟེང་གི་དངོས་པོ་ཚང་མ་བརྩུར་བསྣོན་བྱས་ཏེ་ཟུར་ཚངས་ལ་ཕལ་ཆེར་སྤྱི་ལེ་16000ཙམ་ལས་མེད་པའི་ཟླུམ་གཟུགས་ཞིག་ཏུ་གྱུར་བ་དང་ཁོའི་ཕྱི་ཚུལ་ཐེན་ཤུགས་རྣམས་སའི་གོ་ལའི་ཕྱི་ཚུལ་ཐེན་ཤུགས་ཀྱི་ལྡབ་210000ཙམ་ལ་གྱུར་(རྒྱུ་མཚན་ནི་དེའི་སྤུས་ཚད་ལ་འགྱུར་བ་མེད་ཀྱང།  ཕྱི་ཚུལ་ནས་དཀྱིལ་ངོས་ཀྱི་བར་ཐག་ཇེ་ཐུང་དུ་ཕྱིན་ཡོད་པས་སོ)།

ཆ་རྐྱེན་ཁ་ཤས་འོག་ཏུ།   ཐེན་ཤུགས་ཧ་ཅང་ཆེན་པོར་སོང་ཏེ།  ཐ་ན་གློག་རྡུལ་བར་གྱི་ཕུད་ཤུགས་ལས་ཀྱང་འཐབ་རྒྱལ་གྱི་ཡོད།  དེ་རྗེས་སྐར་མ་བསྟན་པ་དེ་སླར་ཡང་ལེབ་དུ་སོང་ནས་གློག་རྡུལ་དང་སྤུས་རྡུལ་ཚང་མ་འབྲེལ་ནས་འབྲིང་རྡུལ་དུ་གྱུར་ཏུ་བཅུག  སྐབས་དེར །  འབྲིང་རྡུལ་གྱི་གྲུབ་ཆའི་དངོས་པོས་སླར་ཡང་ལེབ་དུ་སོང་བར་འགོག་རྒོལ་བྱེད་པ་དང་དུས་མཚུངས་སྐར་མ་དེ་འབྲིང་རྡུལ་སྐར་མ་ཞིག་དུ་འགྱུར་གྱིན་ཡོད།  དེ་འདྲའི་འབྲིང་རྡུལ་སྐར་མས་ཉི་མའི་སྤུས་ཚད་ཚང་མ་སྤྱི་ལེ་16ཙམ་ལས་མེད་པའི་ཟླུམ་གཟུགས་ཞིག་ནང་གནོན་གྱིན་ཡོད།   དེར་བརྟེན།   ཁོའི་ཕྱི་ཚུལ་ཐེན་ཤུགས་ནི་ས་གོ་ལའི་ལྡབ210000000000་ཙམ་ཡིན་ནོ་།

ཆ་རྐྱེན་ཁ་ཤས་འོག་ཏུ།   ཐེན་ཤུགས་སླར་ཡང་འབྲིང་རྡུལ་གྲུབ་ཆའི་འགོག་རྒོལ་ལས་འཐབ་གྱི་ཡོད་ལ།དུས་དེར་  གཞན་དངོས་པོ་གཅིག་ཀྱང་ཁོ་སླར་ཡང་ལེབ་དུ་འགྲོ་བར་འགོག་རྒོལ་བྱེད་མི་ཐུབ།   དེའི་རྗེས།   སྐར་མ་བསྟན་པ་དེ་ལེབ་དུ་སོང་ནས་བོངས་ཚད་ཀླད་ཀོར་ཡིན་ལ་    ཁོའི་ཕྱི་ངོས་ཀྱི་ཐེན་ཤུགས་ཚད་མེད་ཀྱིས་ཇེ་ཆེར་སོང་།

ལྟོས་བཅས་རིགས་པར་གཞིགས་ན།  སྐར་མ་བསྟན་པ་གཅིག་གིས་འཕྲོས་པའི་འོད་དེ་སྐར་མ་བསྟན་པས་ཁོ་རང་གི་ཐེན་ཤུགས་དྲ་བབ་ལས་ཁྱད་བསད་བྱས་ཏེ་ཕྱི་ལོག་ལ་འཕྲོད་བའི་སྐབས་ སུ་ནུས་ཤུགས་ ངེས་ཅན་ཅིག་ ཤོར་འགྲོ་ལ།   ཐེན་ཤུགས་དྲ་བ་ཆེ་ན།  ཤོར་བའི་ནུས་ཚད་ཡང་མང་། དེ་ཚན་རིག་ལས་ཀ་བྱེད་མཁན་རྣམས་ཀྱིས་གནམ་རིགས་བརྟག་ཞིབ་དང་ཚོད་ལྟ་ཁང་ནས་ཚོད་ལྟ་བྱས་ནས་བདེན་དཔངས་བྱས་ཡོད་།

ཉི་མ་དང་འདྲ་བའི་སྤྱིར་བཏང་གི་སྐར་མ་བསྟན་པས་འཕྲོས་པའི་འོད་ལས་ཤོར་བའི་ནུས་ཤུགས་ལ་ཚད་ངོས་ཅན་ཤིག་ཡོད་ལ།   དཀར་ཆུང་སྐར་མས་འཕྲོས་པའི་འོད་ལས་ཤོར་བའི་ནུས་ཤུགས་དེ་བས་མང་། འབྲིང་རྡུལ་སྐར་མས་འཕྲོས་པའི་འོད་ཀྱིས་དེ་ལས་ལྷག་པའི་ནུས་ཚད་ཤོར་གྱིན་ཡོད་།  འབྲིང་རྡུལ་སྐར་མ་དེ་སླར་ཡང་ལེབ་དུ་བྱེད་སྐབས་།    ཁོའི་ཕྱིའི་ངོས་ནས་ཕྱི་ལོག་ལ་འཕྲོས་པའི་འོད་ཀྱིས་ཁོའི་ནུས་ཚད་ཚང་མ་ཤོར་འགྲོ་བས་ ཁོ་རྩ་བ་ནས་འཁུམས་མི་ཐུབ།

འབྲིང་རྡུལ་སྐར་མ་ལས་ཀྱང་ལེབ་ཚད་ཆེ་བའི་གནམ་རིགས་གོ་ལ་གཅིག་གི་ཐེན་ཤུགས་འདི་འདྲའི་ཤུགས་ཧ་ཅང་ཆེ་བས།    ཁོའི་ཉེ་འཁོར་གྱི་དངོས་པོ་ཐ་དག་ཁོས་ཟིན་བ་དང་ཆབ་གཅིག་དུས་དེ་ནས་བཟུང་ཁོའི་ནང་ངོས་ནས་བྲོས་ཤོར་བྱེད་ཐབས་གྲལ།  དེ་ནི་ཟིན་ཚར་བའི་དངོས་པོ་ཞབས་མེད་པའི་དོང་ནང་དུ་ཟགས་པ་དང་མཚུངས་པར་མ་ཟད་གོང་དུ་བཤད་པ་ལྟར། ཐ་ན་འོད་ཙམ་ཡང་ཕྱིར་བྲོས་ཤོར་ཐུབ་ཀྱི་མེད།   དེར་བརྟེན་ལེབ་དུ་སོང་བའི་གནམ་རིགས་ནི་ནག་པོ་ཡིན་ལ།དེ་ཞབས་མེད་པའི་དོང་དང་འདྲ་བ་མ་ཟད་ནག་པོ་ཡིན་པས།  གནམ་རིགས་མཁས་ཅན་རྣམས་ཀྱིས་དེའི་མིང་ལ་ནག་དོང་ཞེས་བཏགས།   ད་ལྟའི་བར་ཏུ་གནམ་རིགས་མཁས་ཅན་རྣམས་ཀྱིས་ནག་དོང་ཡོད་པ་བདེན་དཔངས་བྱེད་ཐུབ་པའི་དཔང་རྟགས་བཙལ་བཞིན་ཡོད་དོ།