ཨའེ་ས་ཁི .ཉིའུ་ཏུན།
རྩོམ་མཁན།: 
ཡིག་སྒྱུར།: 
ཞུ་དག།: 
སྤེལ་དུས།: 
2014-04-25 11

ལྟ་གྲངས།

37

ཡེའེ་ས་ཁི .ཉེའུ་ཏུན(伊萨克·牛顿)ནི་མི་རྣམས་ཀྱིས་དགའ་བསུ་ཐོབ་མཁན་ཞིག་མིན་ལ།     ཁོང་དང་ཡོན་ཧྲི་གཞན་དག་གི་འབྲེལ་བ་མི་སྙན་པ་ཡང་ཀུན་ལ་གསལ།   སྐུ་ཚེ་སྨད་དུ་ཕལ་ཆེར་ཛ་དྲག་ཆེ་བའི་རྩོད་པའི་ཁྲོད་འཁྱོལ་བ་ཡིན།    ཁོའི་དངོས་ལུགས་རིག་པའི་ལོ་རྒྱུས་སྟེང་ཤུགས་རྐྱེན་ཆེས་ཆེར་ལྡན་པ་ཁོ་ཐག་ཡིན་པའི་དེབ་སྟེ།    <<གྲངས་རིག་པའི་རྩ་བའི་གཞུང་ལུགས>>ཞེས་པ་པར་སྐྲུན་བྱས་བ་ནས་བཟུང་།     ཉེའུ་ཏུན་牛顿ཅུང་མ་འགོར་བར་མཚན་གཉིད་གླིང་དུ་གྲགས་པའི་མི་སྣ་ཞིག་ཏུ་གྱུར།    ཁོ་རང་གོང་མའི་སློབ་ཚོགས་ཀྱི་ཀྲུའུ་ཞིར་འདམ་བཞེས་བྱས་བ་མ་ཟད།   ཐེངས་དང་པོར་རྗེ་སིའི་ཆོ་ལོ་གནང་བའི་ཚན་རིག་པར་གྱུར།

མ་འགྱངས་བར་ཉིའུ་ཏུན་牛顿དང་གོང་མའི་གནམ་དཔྱད་རིག་པ་བ་ཡའོ་ཧན ﹒ཧྥུ་ལན་མོའུ་ཐའུ་རྡི(约翰·夫莱姆斯梯德)གཉིས་བར་དུ་འགལ་བ་བྱུང་སྟེ།    དང་ཐོག     ཡའོ་ཧན﹒ཧྥུ་ལན་མོའུ་ཐའུ་རྡིས(约翰·夫莱姆斯梯德)ཉིའུ་ཏུན་གྱི་<<རྩ་བའི་གཞུང་ལུགས>>་ཞེས་བའི་དེབ་པར་སྐྲུན་བྱེད་པར་མཁོ་བའི་གཞི་གྲངས་རྣམས་མཁོ་སྤྲོད་བྱས།     འོན་ཀྱང་།    ཁོས་རྗེས་སུ་ཉིའུ་ཏུན་ལ་མཁོ་བའི་རྒྱུ་ཆ་དག་སྒེར་སྡོམ་བྱས།       ཉིའུ་ཏུན་ནི་མི་གཞན་གྱིས་རང་ཉིད་ལ་དགག་པ་རྒྱག་པ་བཟོད་བསྲན་བྱ་དཀའ་བའི་མི་ཞིག་ཡིན་ལ།     ཁོས་རང་གིས་རང་ལ་གོང་མའི་སྤྱི་གཉེར་བ་ཆེན་པོ་ཞེས་བའི་མིང་མཚན་བཏགས་ཏེ།  རྒྱུ་ཆ་འདི་དག་དེ་མ་ཐག་ཏུ་པར་སྐྲུན་བྱ་བར་བཙན་སྐུལ་བྱས།    མཇུག་མཐར།   ཁོས་ཨེ་རྡི་མིན﹒ཧྭ་ལའེ(爱德蒙·哈雷)བྱ་བར་ཡའོ་ཧན ﹒ཧྥུ་ལན་མོའུ་ཐའུ་རྡིའི་ལས་ཀའི་འབྲས་བུ་བཙན་འཕྲོག་བྱེད་དུ་བཅུག་པར་མ་ཟད་པར་སྐྲུན་ཡང་བྱས།     འོན་ཀྱང་།    ཡའོ་ཧན ﹒ཧྥུ་ལན་མོའུ་ཐའུ་རྡིས་ཉིའུ་ཏུན་ཁྲིམས་ཁང་དུ་གཏུགས་བཤེར་བྱས་པ་མ་ཟད།    གནད་འགག་དུས་སུ་ད་དུང་ཁྲིམས་ཁང་གི་ཁྲིམས་གཅོད་ཁྲོད་རྒྱལ་ཁ་བླངས་ཏེ།    རྐུས་བཤུས་བྱས་པའི་རྒྱུ་ཆ་དེ་དག་འགྲེམ་དུ་མ་བཅུག་པས།    ཉིའུ་ཏུན་ནི་ཁོང་ཁྲོ་མེ་ལྟར་འབར་བ་དང་།       རྗེས་སུ་ཁོས་འཁོན་ལན་སློག་ཆེད་ཡའོ་ཧན ﹒ཧྥུ་ལན་མོའུ་ཐའུ་རྡིས་མཁོ་སྤྲོད་བྱས་པའི་<<རྩ་བའི་གཞུང་ལུགས>>ཁྲོད་ལུངས་དྲངས་ཏེ་སྒྲུབ་བྱེད་དུ་གྱུར་བ་ཚང་མ་པར་སྐྲུན་ཁྲོད་དུ་དོར་བ་ཡིན།

ཉིའུ་ཏུན་དང་འཇར་མན་གྱི་ཚད་མ་རིག་པ་བ་ཀའོ་ཐི་ཧྥུ་རའེ་རྡི﹒ལའེ་པུའུ་ཉི་ཚི(高特夫瑞德·莱布尼兹)གཉིས་ཀྱི་བར་དུ་དེ་ལས་ཀྱང་ཚབས་ཆེ་བའི་རྩོད་པ་ཞིག་བྱུང་སྟེ།     ལའེཔུའུ་་ཉི་ཚི་དང་ཉིའུ་ཏུན་གྱིས་སོ་སོ་རང་རྐྱ་འཕེལ་བའི་སྒོ་ནས་ཆ་ཕྲན་བསགས་ཞེས་ཟེར་བའི་གྲངས་རིག་པའི་ཡན་ལག་དེ་གོང་འཕེལ་དུ་བཏང་ལ།   ཆ་ཕྲན་བསགས་པ་འདི་ནི་ཉེ་རབས་ཀྱི་དངོས་ལུགས་མང་ཆེ་བའི་རྨང་གཞི་ཡིན།     ད་ལྟ།    ང་ཚོས་པུའུ་ལའེ་ཉི་ཚི་དང་བསྡུར་ན།    ཉིའུ་ཏུན་གྱིས་ཁོ་ལས་ལོ་དུ་མའི་སྔོན་དུ་ཆ་ཕྲན་བསགས་ཟེར་བ་རྟོགས་ཡོད་པ་ཤེས་ཡོད་ལ།   འོན་ཀྱང་།     ཉིའུ་ཏུན་གྱིས་ཁོའི་བརྩམས་ཆོས་དེ་དུས་ཐོག་པར་སྐྲུན་མ་བྱས་པར་རྗེས་ཞིག་ནས་ད་གཟོད་འགྲེམ་སྤེལ་བྱས།      དོན་དངོས་སུ་ནི་དུས་ཐོག་མར་རྟོགས་མཁན་ཡིན་ཞེས་བའི་རྩོད་པ་ཚབས་ཆེན་བྱུང་བ་དང་བསྟུན་ནས།     ཚན་རིག་པ་རྣམས་ཀྱིས་མཛའ་དྲག་ཆེ་བའི་ངང་ཉིའུ་ཏུན་དང་པུའུ་ལའེ་ཉི་ཚི་གཉིས་ཕན་ཚུན་ལ་དག་འབུད་བྱས།    འོན་ཀྱང་།     དེའི་ཁྲོད་དོ་སྣང་བྱ་དགོས་བ་ཞིག་ལ།     ཉིའུ་ཏུན་གྱི་ཆེད་དག་འབུད་བྱས་པའི་རྩོམ་ཡིག་མང་ཆེ་ཤས་ནི་གྲོགས་པོའི་མིང་སྟེང་པར་སྐྲུན་བྱས་པ་ཙམ་མ་གཏོགས།    ཚང་མ་ཁོ་རང་གིས་བྲིས་བ་ཡིན།     འོན་ཀྱང་།    པུའུ་ལའེ་ཉི་ཚིས་རྩོད་གླེང་མཛའ་དྲག་ཇེ་ཆེར་འགྲོ་བཞིན་པའི་སྐབས་སུ་སྐྱོན་ཆེན་པོ་ཞིག་བཟོས་ཏེ།    ཁོས་གོང་མའི་སློབ་ཚོགས་ལ་རྩོད་གཞི་འདི་ཐག་གཅོད་པའི་ཁྲིམས་སྦྱོར་ཞུས།    ཉིའུ་ཏུན་སློབ་ཚོགས་དེའི་ཀྲུའུ་ཞི་ཡིན་པའི་ཆ་ནས།    ཁོས་རང་ཉིད་ཀྱི་གྲོགས་པོ་གཅིག་པ་གཅིག་རྐྱང་གིས་གྲུབ་པའི་”དྲང་བདེན་གྱི”ཨུ་ཡོན་ལྷན་ཚོགས་ཞིག་ལ་གྱོད་དོན་འདིར་རྩད་ཞིབ་བྱེད་དུ་བཅུག     ད་དུང་ཉིའུ་ཏུན་གྱིས་ཐ་ན་རང་ཉིད་ཀྱིས་ཨུ་ཡོན་ལྷན་ཚོགས་ཀྱི་སྙན་ཞུ་ཡི་གེ་ཞིག་བྲིས་པ་མ་ཟད།    གོང་མའི་སློབ་ཚོགས་ལ་དེ་པར་སྐྲུན་བྱེད་དུ་བཅུག་སྟེ་ཡོངས་གྲགས་སུ་པུའུ་ལའེ་ཉི་ཚིར་རྐུ་བཤུས་བྱས་བའི་རྒོལ་གཏམ་བཏང་བ་ཡིན།      འོན་ཀྱང་།    ཉིའུ་ཏུན་ད་དུང་ཡིད་མི་ཚིམ་པར་གོང་མའི་ཚགས་པར་སྟེང་དུ་ཡང་བསྐྱར་སྙན་ཞུ་དེའི་སྐོར་ཀྱི་མིང་བཀོད་མེད་པའི་ཕྱིར་དྲན་ཞིག་བཀོད།      གསར་འགོད་པས་བཀོད་པ་ལྟར་ན།    ཉིའུ་ཏུན་གྱིས་ཁོས་པུའུ་ལའེ་ཉི་ཚི་སྡུག་ལ་སྦྱར་བས་དགའ་མགུ་ཡིད་ཚིམ་ཡོད་ཞེས་འུད་ཤོབ་བྱས་ཟེར།

ཉིའུ་ཏུན་རྩོད་གླེང་འདི་གཉིས་ཀྱི་དུས་སྐབས་སུ་ཅན་ཆའོ(དབྱིན་ཇིའི་ཁེམ་བྷུ་རེ་ཆི་སློབ་ཆེན)དང་རིག་གཞུང་ལས་ཁ་བྲལ།     ཁོས་ཅན་ཆའོར་སྡོད་པའི་དུས་སུ་གནམ་བདག་ཆོས་ལུགས་ལ་དགག་པ་རྒྱག་པའི་བྱ་བཞག་ལ་ཧུར་བརྩོན་བྱས་པ་དང་།   རྗེས་སུ་གྲོས་ཚོགས་ཁྲོད་ཀྱང་དེའི་ཕྱོགས་ལ་འབད་བརྩོན་ཆེན་པོ་བྱས་ཡོད།    མཐར་མཇུག   གོང་མའི་དོང་ཙེ་བཟོ་གྲྭའི་འགོ་འཛིན་གྱི་ཟ་བེད་ཆེ་བའི་དཔོན་གནས་དེ་གླ་ཆའི་ཚབ་ཏུ་ཁོ་ལ་ཐོབ།   གནས་འདིར།    ཁོས་རང་ཉིད་ཀྱི་གཡོ་ཁྲམ་ཆེ་ཞིང་དྲག་རྩུབ་ལྡན་པའི་ནུས་བ་དེ་སྤྱི་ཚོགས་ཀྱིས་དེ་ལས་ལས་སླ་བའི་ངང་དང་ལེན་བྱེད་ཐུབ་པའི་རྣམ་པའི་སྒོ་ནས་བཏོན་ཞིང་།     རྒྱལ་ཁའི་ངང་དངུལ་ལོ་རྫུན་མར་དགག་པ་རྒྱག་པའི་འཁྲུག་རྩོད་ཅིག་ལ་ཁྲབ་ཁྲིད་བྱས་ལ།     ཐ་ན།    མི་ཁ་ཤས་ཤིག་འགེགས་གསོད་གཏོང་སྒྲོམ་སྟེང་བསྐྱལ་ལོ། །

ཡོང་ཁུངས།: 
དུས་ཚོད་ཀྱི་ལོ་རྒྱུས་མདོར་བསྡུས།