ཨར་བྷོ་ཐི .ཨ་ཨིན་སི་ཐེན།
རྩོམ་མཁན།: 
ཡིག་སྒྱུར།: 
ཞུ་དག།: 
སྤེལ་དུས།: 
2014-04-25 11

ལྟ་གྲངས།

64

ཨེན་སུ་ཐན(爱因斯坦)དང་ཉིང་རྡུལ་འཕུར་འདེལ་བར་གྱི་འབྲེལ་བ་ནི་ཀུན་ལ་གསལ་ཏེ།   ཁོང་གིས་ཧྥུ་ལན་ཁུ་ལེན(富兰克林·罗斯福)ལ་བསྐུར་བ་ཞེས་བའི་གྲགས་ཅན་གྱི་འཕྲིན་ཡིག་དེར་མིང་རྟགས་བཀོད་ནས་ཨ་རིར་རང་ཉིད་ཀྱི་ཉིང་རྡུལ་དམག་འཁྲུག་ལ་བཀག་འགོག་བྱེད་པའི་བསམ་ཚུལ་ལ་སྐུལ་མ་བྱས་པ་མ་ཟད།    འཁྲུག་ཆེན་རྗེས་སུ་ཁོང་ད་དུང་ ཉིང་རྡུལ་དམག་འཁྲུག་ལ་བཀག་འགོག་བྱེད་པའི་སྐོར་གྱི་བྱ་གཞག་ལ་འབད་འབུང་ཆེན་པོ་བྱས།    འོན་ཀྱང་།   དེ་དག་ནི་ཚན་རིག་པ་ཞིག་ཆབ་སྲིད་ཀྱི་ཀློང་དུ་དྲུད་པའི་ཁེར་རྐྱང་གི་བྱ་སྤྱོད་ཁོ་ན་མིན་པར།   དོན་དངོས་ཐོག    ཨེན་སུ་ཐན་གྱིས་བཤད་པའི་སྐད་ཆ་གཅིག་གིས་མཚོན་ན།     ཁོང་གི་་མི་ཚེ་གང་བོ་ནི་ཆབ་སྲིད་དང་མཉམ་བྱའི་བར་ན་སོམ་ཉིའི་དྲ་བར་ཚུད་ཡོད་པ་ཞིག་ཡིན།  

ཨེན་སུ་ཐན་ཆེས་ཐོག་མར་ཆབ་སྲིད་བྱ་གཞག་ལ་ཞུགས་པ་ནི་འཛམ་གླིང་འཁྲུག་ཆེན་དང་པོའི་སྐབས་ཡིན།     སྐབས་དེ་དུས་ཁོང་གིས་་པོ་ལེན(柏林)དུ་དགེ་རྒན་ཆེན་མོའི་འགན་བཞེས་བཞིན་ཡོད་ལ།    མི་མགོ་སྙེ་རྡོག་འབྲེག་འབྲེག་ལྟ་བུར་གསོད་པ་སོགས་དངོས་སུ་མཐོང་བས་སྡང་སེམས་དྲག་ཏུ་སྐྱེས་ཏེ།    དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་གྱི་ནང་དུ་ཚུད།  ཁོང་གིས་ཡོངས་གྲགས་སུ་མི་དམངས་ཀྱིས་དམག་མི་བསྡུ་བར་ཁས་ལེན་བྱ་རྒྱུ་མེད་པའི་སྐུལ་འདེད་དང་རྒྱལ་ནང་གི་ངོ་རྒོལ་ལ་རྒྱབ་སྐྱོར་བྱས་པས།    ཁོང་གི་ལས་གྲོགས་རྣམས་ཀྱིས་ཀྱང་ཁོང་ལ་སྡང་མིག་སྤྲད།   དེའི་རྗེས་ཀྱི་དམག་འཁྲུག་སྐབས་སུ།   ཁོང་གིས་རྒྱལ་སྤྱིའི་འབྲེལ་བ་འདུམ་འགྲིག་བྱེད་པ་དང་ལེགས་བཅོས་སུ་གཏོང་བའི་ཐད་ལ་ཤུགས་སྣོན་རྒྱབ་པས།     འདིས་ཀྱང་མི་སེམས་མ་ཐོབ་པ་མ་ཟད་།    མ་འགྱངས་བར་ཁོང་གི་ཆབ་སྲིད་ལངས་ཕྱོགས་གིས་ཀྱང་ཨ་རིར་བཅར་འདྲི་བྱེད་པར་དཀའ་ཁག་སྐྲུན།   ཐ་ན།   སློབ་རྒྱུན་སྤེལ་བ་ཡང་དཀའ་བསྔལ་ཞིག་ཏུ་གྱུར།  

ཨེན་སུ་ཐན་གྱི་རླབས་ཆེ་བའི་བྱ་གཞག་གཉིས་པ་ནི་ཡིའུ་ཐའེ་犹太རྒྱལ་ཁབ་སླར་གསོའི་རིང་ལུགས་ཡིན།    ཁོ་རང་ཁྲག་རྒྱུད་ཀྱི་ཐོག་ཡིའུ་ཐའེ(犹太)མི་ཡིན་ཡང་།    《དམ་པའི་གསུང་རབ་ 》  ཁྲོད་ཀྱི་དཀོན་མཆོག་གི་བཤད་ཚུལ་དང་ལེན་མི་བྱེད།   འདི་འདྲ་ཡིན་རུང་།   འཛམ་གླིང་འཁྲུག་ཆེན་དང་པོའི་སྔོན་དང་དེའི་བར་དུ།   ཡིའུ་ཐའེ་བར་ངོ་རྒོལ་བྱེད་པའི་རིང་ལུགས་ལ་ངོས་འཛིན་སྔོན་ལས་གསལ་བ་དྱུང་།   འདིས་ཁོ་རང་དལ་བུར་ཡིའུ་ཐའེ་བའི་ཚོགས་པ་དང་ཉེ་བར་བཅར་དུ་བཅུག    དེའི་རྗེས་སུ་ཁོ་རང་དངོས་གནས་འཛེམ་མེད་ལྷུག་པོར་བརྗོད་མཁན་གྱི་ཡིའུ་ཐའེ་རྒྱལ་ཁབ་སླར་གསོའི་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཏུ་གྱུར་ཞིང་།   མི་རྣམས་ཀྱིས་ཁོང་ལ་མི་དགའ་བའི་སྡང་མིག་འཕང་ཡང་།    ཁོང་གི་འདོད་ཚུལ་སྤེལ་བར་བཀག་འགོག་བྱེད་མ་ཐུབ།    ཁོང་གི་གཞུང་ལུགས་སྤེལ་མ་ཐག་ཏུ་མི་མཐུན་པའི་སྐད་ཆ་མང་བོ་ཞིག་ཐོན་པ་མ་ཟད།   ཐ་ན།   ཨེན་སུ་ཐན་ལ་ངོ་རྒོལ་བྱེད་པའི་རྩ་་འཛུགས་ཞིག་ཀྱང་བྱུང་།    མི་ཞིག་ལ་གཞན་པར་ངན་སྐུལ་ནས་ཨེན་སུ་ཐན་ལྐོག་གསོད་བྱེད་དུ་བཅུག་པའི་ཉེས་བ་ལྟར་ཐག་གཅད།  (ཨ་སྒོར་༦གི་ཆད་པ་ལས་མ་བཅད)      འོན་ཀྱང་།   ཨེན་སུ་ཐན་རང་ནི་ཧ་ཅང་བབ་བརླིང་བའི་སྒོ་ནས།      <<ཨེན་སུ་ཐན་ལ་ངོ་རྒོལ་བྱེད་པའི་རྩོམ་མཁན་བརྒྱ་ཐམ་པ>>ཟེར་བའི་དེབ་ཞིག་པར་སྐྲུན་བྱེད་སྐབས།    ཁོང་གིས་གལ་ཏེ་ང་ལ་དངོས་གནས་ནོར་འཁྲུལ་ཡོད་ཚེ།    མི་གཅིག་གིས་ང་ལ་དགག་པ་བརྒྱབ་ན་ཆོག་ཅེས་པ་དགག་ལན་སློག

༡༩༣༣ལོར།   ཞི་ཐི་ལི(希特勒)སྲིད་སྟེགས་དུ་བུད།     འདིའི་སྐབས་ཨེན་སུ་ཐན་ཨ་རིར་་ཡོད།    ཁོས་ད་ནས་བཟུང་ཕྱིར་འཇར་མན་དུ་མི་ལོག་རྒྱུའི་གཏམ་བསྒྲགས།    རྗེས་ནས་ན་ཙིའི(纳粹)དང་བླངས་དམག་གིས་ཁོང་གི་ཁང་བར་བསྔོག་བཤེར་བྱས་པ་མ་ཟད།    ཁོང་གི་དངུལ་ཁང་གི་རྩིས་ཐོའི་རྣམ་གྲངས་ཀྱང་གཞུང་བཞེས་བཏང་།    པོ་ལེན་གྱི་ཚགས་པར་ཁང་ཞིག་གི་འགོ་བརྗོད་དུ་“ཨེན་སུ་ཐན་སྐོར་གྱི་འཕྲིན་བཟང་ཞིག་སྟེ།    ཁོ་ཕྱིར་འོང་མི་སྲིད་”ཅེས་བཀོད་ཡོད།     ཨེན་སུ་ཐན་གྱིས་ན་ཙིའི་འཇིགས་སྐུལ་འོག་ཞི་བདེ་རིང་ལུགས་དོར་ཞིང་།    མཇུག་མཐར།   མཇར་མན་གྱི་ཚན་རིག་པས་ཉིང་རྡུལ་འཕུར་འདེལ་བཟོ་བར་སེམས་ཁྲལ་བྱུང་བས།    ཨ་རིར་རང་ཉིད་ཀྱི་ཉིང་རྡུལ་འཕུར་འདེལ་འཕེལ་རྒྱས་གཏོང་དགོས་བའི་བསམ་ཚུལ་བཏོན།    འོན་ཀྱང་།    ཁོང་གིས་ཉིང་རྡུལ་འཕུར་འདེལ་འཕེལ་ཐོག་མ་འབར་གས་མ་བྱས་སྔོན་ནས་ཉིང་རྡུལ་དམག་འཁྲུག་གི་ཉེན་ཁའི་ཚུལ་ཡོངས་གྲགས་སུ་གསལ་འདེབས་བྱས་པ་མ་ཟད།    ཉིང་རྡུལ་མཚོན་ཆས་ལ་རྒྱལ་སྤྱིའི་ཚོད་འཛིན་བྱེད་དགོས་བའི་བསམ་ཚུལ་བཏོན།

ཨེན་སུ་ཐན་གྱི་མི་ཚེའི་ཧྲིལ་པོར་ ཞི་བདེའི་དོན་དུ་འབད་འབུང་དང་ཤུགས་སྣོན་རྒྱབ་པའི་ཁྲོད་ཧ་ཅང་ཉུང་ངུ་ཞིག་ལས་མངོན་འགྱུར་བྱུང་མེད་པ་དང་།    གྲོགས་པོ་ཉུང་ངུ་ཞིག་མ་གཏོགས་ཁོའི་ཕྱོགས་སུ་བསྡུས་མེད།  འོན་ཀྱང་།    ཁོའི་ངག་ཐོག་གིས་ཡིའུ་ཐའེ་རྒྱལ་ཁབ་སླར་གསོའི་རིང་ལུགས་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་བྱས་པ་དེ་༡༩༥༢ལོ་ནས་ཁས་བླངས་ཡོད།    དོན་དངོས་སུ་ཁོང་རང་དབྱི་སི་རེལ(以色列)གྱི་ཙུང་ཐུང་དུ་མཚམས་སྦྱོར་བྱས།    འོན་ཀྱང་།    ཁོང་གིས་རང་ཉིད་ཆབ་སྲིད་ཁྲོད་དུ་རྣམ་དག་ཟོལ་མེད་ཡིན་དྲག་འདུག་བསམ་ཏེ།    གུས་པའི་ངང་ནས་དང་ལེན་བྱས་མེད།     འོན་ཀྱང་།     རྒྱུ་མཚན་དངོས་ནི་འདི་འདྲ་ཞིག་མིན་ཏེ།     ཡང་བསྐྱར་ཨེན་སུ་ཐན་ཁོང་རང་ཉིད་ཀྱིས་བཤད་པའི་སྐད་ཆ་གཅིག་བེད་སྤྱད་ན།    “ཆབ་སྲིད་ནི་གནད་སྐབས་ཀྱི་ཆེད་ཡིན་ལ།    འོན་ཀྱང་།    མཉམ་བྱ་གཅིག་ནི་གཏན་དུ་གནས་བ་ཞིག་ཡིན་པས།   ངར་མཚོན་ན།    མཉམ་བྱ་ནི་དེ་བས་གལ་ཆེ་བ་ཡོད་དོ།།།

ཡོང་ཁུངས།: 
<<དུས་ཚོད་ཀྱི་ལོ་རྒྱུས་མདོར་བསྡུས།>>