ཅའ་ལེས་ལའེ.ཅའ་ལེས་ལེའོ།
རྩོམ་མཁན།: 
ཡིག་སྒྱུར།: 
ཞུ་དག།: 
སྤེལ་དུས།: 
2014-04-25 11

ལྟ་གྲངས།

29

མི་གཞན་པ་སུ་ཞིག་དང་བསྡུར་རུང་།   ཅའ་ལེས་ལའོ(伽利略)ལ་ཉེ་རབས་ཚན་རིག་ཀྱི་གཞི་འཛུགས་མཁན་ཞེས་བོས་ཆོག་པའི་ཐོབ་ཐང་ལྷག་ཏུ་ལྡན་ཡོད།    ཀུན་གྱིས་རྟོགས་པའི་ཁོང་དང་གནམ་བདག་ཆོས་ཚོགས་བར་ཀྱི་འགལ་བ་ནི་ཁོའི་ཚད་མ་རིག་པའི་གནད་དོན་གཙོ་བོ་ཡིན་ལ།      འདིའི་རྒྱུ་མཚན་ནི་ཅའ་ལེས་ལའོ་ནི་གཤམ་གྱི་རིག་པ་ཐག་གཅོད་མཁན་ཐོག་མའི་གྲས་ཡིན་པས་ཕྱིར་ཏེ།     མི་རིགས་ཀྱིས་འཇིག་རྟེན་ཇི་ལྟར་འཁོར་སྐྱོད་བྱེད་པ་རྟོགས་པའི་རེ་བ་ཡོད་པ་མ་ཟད།    ང་ཚོས་ད་དུང་དངོས་ཡོད་ཀྱི་འཇིག་རྟེན་འཁོར་བ་ལ་ལྟ་ཞིབ་བྱས་པ་བརྒྱུད་དེ་མངོན་གྱུར་བྱ་ཐུབ།

ཅའ་ལེས་ལའོ་སྔོན་ཞིག་ནས་ཀེ་པའེ་ཉའུའི(哥白尼)གཞུང་ལུགས་ལ་ཡིད་ཏོན་བྱས་ཡོད་ལ(རྒྱུ་སྐར་ཀྱིས་ཉི་མར་སྤྱི་འཁོར་བྱེད་པ)།    འོན་ཀྱང་།   ཁོས་གཞུང་ལུགས་འདིར་རྒྱབ་སྐྱོར་བྱེད་པའི་ལུང་གི་སྒྲུབ་བྱེད་ཞིག་རྙེད་རྗེས་ད་གཟོད་ཡོངས་གྲགས་སུ་དེར་རྒྱབ་བརྟེན་བྱེད་པར་བསྟན།     ཁོས་དབྱི་ཐ་ལིའི་ཡི་གེའི་ཐོག་ནས་ཀེ་པའེ་ཉའུའི་གཞུང་ལུགས་སྐོར་ཀྱི་རྩོམ་ཡིག་(སྤྱིར་བཏང་གི་སློབ་གླིང་གི་ལུགས་ཀྱི་ལ་ཏིན་ཡི་གེ་བེད་སྤྱད་མེད་)བྲིས་བ་མ་ཟད།     ཅུང་མ་འགོར་བར་ཁོའི་ལྟ་བར་སློབ་ཆེན་དག་ཕལ་བའི་རྒྱབ་སྐྱོར་ཐོབ།     ཁོའི་ལྟ་བ་འདིས་ཡ་ལའེ་ཧྲི་ཏའོ་རྡི་ཕྱོགས(亚里士多德派)ཀྱི་དགེ་རྒན་ཆེན་མོ་དག་ལ་ཕོག་ཐུག་བཏང་བ་མ་ཟད་ཁོང་ཁྲོ་ལངས་དུ་བཅུག་པས།   ཁོ་ཚོས་མཉམ་འབྲེལ་བྱས་ཏེ་ཅའ་ལེས་ལའོ་ལ་དགག་པ་རྒྱབ་ཅིང་།    ནུས་ཤུགས་ཡོད་རྒུས་གནམ་བདག་ཆོས་ཚོགས་ལ་ཀེ་པའེ་ཉའུའི་རིང་ལུགས་གཏན་འགོག་བྱ་རྒྱུར་སྐུལ་མ་བཏང་།

སྤྱི་ལོ༡༦༣༢ལོར།      མིང་ལ་  <<འཇིག་རྟེན་ཀྱི་མ་ལག་གཙོ་བོ་གཉིས་ཀྱི་གླེང་མོལ་བསྐོར>>ཞེས་བའི་དེབ་འདི།    ཞིབ་དཔྱོད་དཔོན་གྱི་རྒྱབ་སྐྱོར་འོག་ལེགས་འགྲུབ་འོངས་ཞིང་པར་སྐྲུན་ཀྱང་བྱས་པ་མ་ཟད།    ཡོབ་རབ་གླིང་ཡོང་གིས་དེབ་འདི་ནི་རྩོམ་རིག་དང་ཚད་མའི་ཕྱོགས་ཀྱི་ཕུལ་བྱུང་བརྩམས་ཆོས་ཤིག་རེད་ཅེས་འབོད་སྐད་བསྒྲགས།     ཅུང་མ་འགོར་བར་ཆོས་ལུགས་གོང་མས་མི་རྣམས་ཀྱིས་དེབ་འདི་ཀེ་པའེ་ཉིའི་རིག་པའི་སྒྲུབ་བྱར་ངོས་བཟུང་ཡོད་པ་རྟོགས་པས།     དེ་སྔོན་དེབ་འདི་པར་སྐྲུན་བྱེད་པར་མཆོག་མཆན་གནང་བར་འགྱོད་པ་སྐྱེས།   ཆོས་ལུགས་གོང་མས་བཤད་པར།   དེབ་འདི་ནི་ཞིབ་དཔྱོད་དཔོན་གྱིས་དངོས་སུ་པར་སྐྲུན་བྱ་རྒྱུར་མཆོག་མཆན་བཀོད་ཀྱང་།   ཅའ་ལེས་ལའོ་ཡིས་སྔར་བཞིན་སྤྱི་ལོ་༡༦༡༦ལོའི་བཀག་རྒྱར་རྒྱབ་འགལ་བྱས་ཡོད་པས།    ཆོས་ལུགས་གོང་མས་ཅའ་ལེས་ལའོ་ཆོས་ལུགས་ཁྲིམས་ཁང་དུ་ཁྲིད་དེ།     ཁོ་རང་མི་ཚེ་ཧྲིལ་བོར་འཇམ་བཀག་བྱ་རྒྱུར་བསྒྲགས་པ་མ་ཟད།   ཀེ་པའེ་ཉའུའི་རིང་ལུགས་དོར་བ་ཕྱིར་ཁྱབ་བསྒྲགས་བྱ་དགོས་པའི་བཀའ་ཕབ་ལ།   ཅའ་ལེས་ལའོ་འུ་ཐག་སྟེ་ཡང་བསྐྱར་ཐེངས་གཉིས་པར་ལས་དབང་ལ་མགོ་སྒུར།

ཅའ་ལེས་ལའོ་ནི་ནམ་ཡིན་ཡང་གནམ་བདག་ཆོས་ལུགས་ཀྱི་ལྷག་བསམ་རྣམ་དག་གི་དད་ལྡན་པ་ཞིག་ཡིན།    འོན་ཀྱང་།     ཁོའི་ཚན་རིག་ཐད་ཀྱི་རང་རྐྱ་ཐུབ་པའི་དད་མོས་དེ་ནམ་ཡང་གཡོ་འགུལ་བྱས་མ་མྱོང་།    ཁོ་ཚེ་ལས་མ་འདས་གོང་གི་ལོ་བཞི་བ་སྟེ།   སྤྱི་ལོ༡༦༤༢ལོ།   ཁོ་ད་དུང་སྔར་བཞིན་འཇམ་བཀག་ཐེབས་པའི་སྐབས་སུ།    ཁོང་གི་བརྩམས་ཆོས་གཙོ་བོའི་ཁྲོད་ཀྱི་ཨང་གཉིས་བའི་ཕྱག་བྲིས་དེ་གསང་བའི་ངང་ཧོ་ལན་གྱི་པར་སྐྲུན་ཚོང་བ་ཞིག་ལ་སྤྲད།         <<ཚན་རིག་གསར་བ་རིགས་གཉིས>>ཟེར་བའི་དེབ་འདི་ནི།     ཐ་ན།     དེ་སྔོན་ཀེ་པའེ་ཉིའི་རིག་པར་རྒྱབ་སྐྱོར་བྱས་པ་ལས་ཀྱང་མདུན་སྐྱོད་དང་གོང་འཕེལ་ཕྱིན་ཏེ།     དེང་རབས་དངོས་ལུགས་རིག་པའི་འབྱུང་ཁུངས་དུ་གྱུར་ཡོད་དོ།།

ཡོང་ཁུངས།: 
<<དུས་ཚོད་ཀྱི་ལོ་རྒྱུས་མདོར་བསྡུས།>>