ད་ལྟའི་བར་བྱུང་བའི་ཚན་རིག་པ་ལས་རླབས་ཆེ་ཤོས་སུ་ཡིན་ནམ།
རྩོམ་མཁན།: 
ཡིག་སྒྱུར།: 
སྤེལ་དུས།: 
2014-04-25 11

ལྟ་གྲངས།

120

གལ་ཏེ“རླབས་ཆེན་གྱི་ཚན་རིག་པ་ཨང་གཉིས་པ་དེ་སུ་ཡིན་ནམ”ཞེས་དྲི་བ་ཞིག་བཏོན་ཚེ།    ལན་འདེབས་ཧ་ཅང་དཀའ་བ་ཞིག་རེད།

རྒྱུ་མཚན་ནི།   ངས་བལྟས་པར་གཞིགས་ན།  མ་མཐར་ཡང་ཚན་རིག་པ་བཅུ་ལྷག་ཙམ་རླབས་ཆེན་གྱི་ཚན་རིག་པ་ཨང་གཉིས་པར་ངོས་འཛིན་ཆོག    དཔེར་ན།  ཨའེ་དབྱིན་སེ་ཐན།(爱因斯坦) ལུའུ་སེ་ཧྥུ།(卢瑟福) སྤོ་འར།(玻尔)པ་སེ་སྡེ།(巴斯德)   ཏཱར་ཝུན།(达尔文)  ཀཱ་ལི་ལེ།(伽利略) མཱ་ཁེ་སེ་ཝེ།(麦克斯韦)  ཨ་ཁེ་མི་དཱ།(阿基米得)སོགས་ཡོད་ཅིང་།     དེ་དག་ཚང་མ་འདིའི་ཁོངས་སུ་ཚུད་ཐུབ།

དོན་དངོས་སུ།   འཛམ་གླིང་ཐོག་ཏུ་རླབས་ཆེན་གྱི་ཚན་རིག་པ་ཨང་གཉིས་པ་གཏན་ནས་མེད་ཀྱང་སྲིད་པ་ཞིག་རེད། རླབས་ཆེན་གྱི་ཚན་རིག་པ་ཨང་གཉིས་པར་བརྩི་བར་ཧ་ཅང་འཚམ་པའི་ཚན་རིག་མཁས་ཅན་ཤིན་ཏུ་མང་བ་དང་།      གོང་དུ་དཔེ་བཞག་པའི་ཚན་རིག་པའི་ཁྲོད་དུ་ཡང་།      ཡང་སྙིང་སུ་རླབས་ཆེ་བ་དབྱེ་འབྱེད་བྱ་དཀའ་བ་ཡིན་ན།      ང་ཚས་འདེམས་བསྐོ་བྱ་རྒྱུ་འདི་མཚམས་བཞག་ནས།       ཐད་ཀར་ཁོ་ཚོ་ནི་གྲལ་མགོར་སླེབས་པའི་བདམས་ཐོན་པ་ཤ་སྟག་ཡིན་ཅེས་མི་བརྗོད་ཀ་མེད་ཡིན། འོན་ཀྱང་།      ང་ཚོས་བཏོན་པའི་དྲི་བ་ནི“ཚན་རིག་པ་རླབས་ཆེ་ཤོས་དེ་སུ་ཡིན”ཞེས་པ་ཡིན།

དེར་བརྟེན།  དྲི་བ་འདིར་ལན་འདེབས་པར་དཀའ་ངལ་ཆེན་པོ་དེ་ཙམ་མེད། ངའི་ངོས་འཛིན་ལྟར་ན།  ཚན་རིག་ལོ་རྒྱུས་ཞིབ་འཇུག་བྱ་མཁན་ཕལ་ཆེ་བས་དེ་འཕྲལ་དུ་མ་གྲོས་གཅིག་མཐུན་གྱིས།   ཉིག་ཊོན(Newton)ནི་འཛམ་གླིང་ཐོག་ད་བར་བྱུང་མ་མྱོང་བའི་ཚན་རིག་པ་རླབས་ཆེ་ཤོས་རེད་ཅེས་ཟེར།   མ་གཞི་ཁོ་ལ་ཡང་རང་ཉིད་ཀྱི་སྐྱོན་ཆ་འགའ་ཡོད་དེ། དཔེར་ན།  ཁོ་པ་ནི་ཧ་ཅང་ཐབས་རྡུགས་ཀྱི་གཏམ་བཤད་མཁན་ཞིག་ཡིན་ལ།       ཆེ་ཆུང་ལ་མ་ལྟོས་པའི་བློ་ཁོག་ཆུང་ཞིང་།  རང་གིས་རང་ལ་སྙིང་རྗེ་བྱེད་པ་དང་ངུ་རྒྱུར་དགའ་བ།    ད་དུང་སྐབས་རེ་བློ་ཕམ་དང་ཡིད་ཐང་ཆད་སླ་བའི་མི་ཞིག་ཡིན། འོན་ཀྱང་། ཚན་རིག་པ་ཞིག་གི་ངོས་ནས་བརྗོད་ན།  ཁོ་དང་འགྲན་ཟླ་བྱ་ཐུབ་མཁན་སུ་ཡང་མེད།

ཁོ་པས་ཆ་ཕྲན་བསགས(微积分)ལ་ཞིབ་འཇུག་བྱས་པར་བརྟེན་ནས་མཐོ་རིམ་རྩིས་རིག་ལ་རྨང་གཞི་འདིང་ཐུབ་པ་བྱུང་། ཁོ་པས་ཉི་མའི་འོད་ཟེར་འོད་རིམ་གྱི་ཚོན་མདོག(光谱色)ཏུ་ཕྲལ་གསེད་པའི་ཚོད་ལྟ་བྱས་ཏེ་དེང་སྐབས་ཀྱི་འོད་རིག་ལ་རྨང་གཞི་འདིང་ཐུབ་པ་བྱུང་། ཁོ་པས་ཤུགས་རིག་ཐོག་གི་ཆོས་ཉིད་ཆེན་པོ་གསུམ་རྙེད་པ་མ་ཟད།      ཆོས་ཉིད་དེ་དག་གིས་ཐོན་པའི་ནུས་པ་ཡང་རིགས་འདེད་བྱས་པར་བརྟེན་ནས།  དེང་སྐབས་དངོས་ལུགས་རིག་པར་རྨང་གཞི་འདིང་ཐུབ་པ་བྱུང་། ཁོ་པས་ཀུན་ལྡན་འཐེན་ཤུགས་ཀྱི་ཆོས་ཉིད་ལ་ཞིབ་འཇུག་བྱས་པར་བརྟེན་ནས་དེང་སྐབས་གནམ་དཔྱད་རིག་པར་རྨང་གཞི་འདིང་ཐུབ་པ་བྱུང་།

ཚན་རིག་པ་སུ་ཡིན་ཡང་།     གལ་ཏེ་གོང་གསལ་གྱི་བྱས་རྗེས་བཞི་པོ་འདིའི་ཁྲོད་ནས་གང་རུང་ཞིག་དབང་ཡོད་ཚེ།     དབང་གྲགས་ཆེ་བའི་ཚན་རིག་པ་ཞིག་རེད་ཅེས་བརྗོད་ཆོག    གལ་ཏེ་བྱས་རྗེས་བཞི་པོ་དེ་དག་མི་གཅིག་གིས་གྲུབ་པ་ཡིན་ན།      མི་འདི་ནི་རྩེར་སོན་གྱི་ཚན་རིག་པ་ཞིག་རེད་ཅེས་ཐེ་ཚོམ་སྤུ་ཙམ་མེད་པར་བརྗོད་ཆོག  སྨོས་མི་དགོས་པ་ཞིག་ལ།      ཉེའུ་ཐུན་གྱི་རླབས་པོ་ཆེ་ནི་ཁོ་པའི་ཉམས་ལེན་དེ་དག་ཙམ་ལས་མ་ཡིན་། དེ་བས་གལ་ཆེ་བ་ནི།     ཁོ་པས་ཉམས་ལེན་དེ་དག་བྱ་སྐབསབེད་སྤྱད་པའི་ཐབས་ཤེས་ཡིན།

དེ་སྔོན་གནའ་བོའི་ཀི་རུའི་(古希腊)མི་རྣམས་ཀྱིས་ཚན་རིག་བསམ་བློ་དང་མཚན་ཉིད་བསམ་བློ་མང་པོ་ཞིག་ཕྱོགས་བསྡུས་བྱེད་ཀྱིན་ཡོད། ལྦོ་ལའ་ཐོ།(柏拉图)   ཡའ་ལི་སེ་ཏོ་སྡེ།(亚里斯多德)   ཨོ་ཅེ་ལི་དེ།(欧几里得)   ཨ་ཁེ་མི་དཱ།(欧几里得)   ཐོ་ལེ་མི།(托勒密)སོགས།    མི་སྣ་གལ་ཆེན་དག་ནི།     ལོ་ངོ་ཉིས་སྟོང་ལྷག་གི་རིང་མི་སྟོབས་ལྡན་ཞིག་དང་འདྲ་བར་རྗེས་རབས་པ་རྣམས་ཀྱི་སེམས་དབུས་སུ་བརྟན་པོར་གནས།

དེའི་རྗེས་སུ་ཨ་རབ(阿拉伯)དང་ཡོ་རོབ(欧洲)ཀྱི་རླབས་ཆེན་གྱི་བསམ་བློ་བ་མང་པོ་ཞིག་ཀྱང་གནའ་བོའི་ཀི་རུའི་མི་ཡི་གོམས་བགྲོས་ལས་རྣམ་པར་རྒྱལ་ཐུབ་མེད།     ཁོ་ཚོས་གནའ་མི་ཚོའི་ལྟ་ཚུལ་གྱིས་རང་གི་བསམ་ཚུལ་ལ་རྒྱབ་སྐྱོར་བྱེད་མཁན་མེད་པའི་གནས་བབ་ཁྲོད།    རང་གི་བསམ་ཚུལ་གསར་པ་འདོན་མི་ནུས། ལྷག་པར་དུ།ཡའ་ལི་སེ་ཏོ་སྡེ(亚里斯多德)ནི།     དེ་བས་ཁོ་ཚོའི་སེམས་ནང་གི་རི་བོ་ཐེའི་ཧྲན་དང་བྱང་སྐར་སྤུན་བདུན་ལྟ་བུ་ཡིན།

དུས་རབས་བཅུ་བདུན་དང་བཅོ་བརྒྱད་ལ་སླེབས་དུས།     གཞི་ནས་ཚོད་ལྟ་མཁན་འགའ་ཞིག    དཔེར་ན།     ཀཱ་ལི་སློད་(伽利略)དང་སྤོ་ཡེའར་(波义耳)སོགས་ཀྱིས་གནའ་བོའི་ཀི་རུའི་མི་ཡི་ལྟ་ཚུལ་ཐམས་ཅད་ཡང་དག་ཡིན་པ་མི་ཁྱབ་ཅེས་བརྗོད་ཕོད། ཀཱ་ལི་སློད་ཀྱིས་ ཡའ་ལི་སེ་ཏོ་ཡི་དངོས་ལུགས་རིག་པའི་སྟེང་གི་ཆོད་གཏམ་འགའ་ཞིག་རྩིས་མེད་བཏང་བ་དང་།   ལས་ཀ་ཡང་མང་པོ་བྱས་ཡོད།(དེའི་་རྗེས་ཀྱི་ཉེའུ་ཐོན་གྱི་འགུལ་སྐྱོད་ཀྱི་ཆོས་ཉིད་ཆེན་མོ་གསུམ་ནི། ཅ་ལི་སློད་ཀྱི་ལས་ཀ་དེ་དག་ལ་ཕྱོགས་བསྡོམས་བྱས་པ་ཡིན།)

འདི་ལྟར་ཡིན་ཡང་།      སྐབས་དེའི་ཡོ་རོབ་ཀྱི་ཤེས་ཡོན་ཁྱབ་ཁོངས་ཁྲོད་དུ།ད་དུང་ཁོ་ཚོས་དུས་ཡུན་རིང་པོ་དད་མོས་བྱས་པའི་ཀི་རུའི་མི་རྣམས་ལ་རྒྱབ་བརྒལ་བྱ་མི་ནུས། ༡༦༨༧ལོར་སླེབས་སྐབས།     ཉེའུ་ཐོན་གྱིས་ལ་ཏིང་ཡི་གེས་བྲིས་པའི་གྲགས་ཅན་གྱི་གསུང་རྩོམ«རྩིས་རིག་གི་རྩ་བའི་རིག་པ»ཞེས་པ་པར་སྐྲུན་བྱས། ཚན་རིག་པ་ཕལ་ཆེ་བའི་ལྟ་ཚུལ་ལ་གཞིགས་ན།    དེབ་དེ་ནི་གནའ་སྔ་མོ་ནས་ད་བར།    རླབས་ཆེ་ཤོས་ཀྱི་གསུང་རྩོམ་ཞིག་ཡིན།

གསུང་རྩོམ་དེའི་ཁྲོད་དུ།     ཁོ་པས་དངོས་པོའི་འགུལ་སྐྱོད་ཀྱི་ཆོས་ཉིད་ཆེན་མོ་གསུམ་དང་ཀུན་ལྡན་འཐེན་ཤུགས་ཀྱི་གཞུང་ལུགས། ད་དུང་གནད་དོན་གཞན་མང་པོ་སྟོན་ཡོད། ཁོ་པས་ནན་ཏན་གྱི་ཀི་རུའི་ཉམས་འགྱུར་ཐོག་ནས་རྩིས་རིག་བེད་སྤྱད་པ་དང་། དེ་བས་ཕུན་སུམ་ཚོགས་པའི་ཐབས་ལམ་ལ་བརྟེན་ནས་སྣང་ཚུལ་མང་པོ་ཞིག་མཉམ་དུ་འབྲེལ་ཡོད། དེབ་དེ་ཀློག་མྱོང་བའི་མི་ཞིག་ཡིན་ཚེ།    ད་གཟོད་འཛམ་གླིང་ཐོག་གནའ་བོའི་བསམ་བློ་བ་གང་རུང་ཞིག་དང་དཔུང་པ་མཉམ་གཤིབ་བྱེད་ཆོག་ལ།    མཐའ་ན་ཁོ་ཚོ་ལས་ལྷག་པའི་རླབས་ཆེན་གྱི་བསམ་བློ་བ་ཞིག་ཐོན་ཟིན་པ་ངོས་ལེན་མི་བྱེད་ཀ་མེད་བྱུང་ལ།    ཁོ་པས་སྟོན་པའི་འཇིག་རྟེན་ཁམས་ཀྱི་རྒྱན་རིས་ནི་ཕུན་སུམ་ཚོགས་ཤིང་སྐྱོན་ཆ་མེད་པ་དང་།དེ་བས་དེའི་འོས་འཚམ་རང་བཞིན་དང་ལྡོག་མེད་རང་བཞིན་གྱི་ཐད་ནས་བརྗོད་ན་ཡང་།     ཚང་མ་ཀི་རུའི་རིག་གཞུང་ཁྲོད་དུ་བཀོད་པའི་དངོས་ལུགས་རིག་པ་གང་ལས་ལྷག་པ་ཡོད།

རླབས་ཆེན་གྱི་མི་སྣ་འདི་དང་རླབས་ཆེན་གྱི་གསུང་རྩོམ་དེ་ཐོན་པ་དང་བསྟུན་ནས།    གནའ་བོའི་ཀི་རུའི་མི་ཡིས་མི་རྣམས་ཀྱི་བསམ་བློར་གཡོགས་པའི་ལྕགས་སྒྲོག་ཆེན་མོ་དེ་གཞི་ནས་བཅག་ཐུབ་པ་བྱུང་ལ།     དེང་རབས་མི་རྣམས་ཀྱི་རྣམ་དཔྱོད་ཐོག་གྱི་རང་དམན་གྱི་བསམ་ཚུལ་ཡང་ནམ་ཡང་གཏོར་བརླག་ཏུ་བཏང་ཐུབ་པ་བྱུང་།

ཉེའུ་ཐོན་ཚེ་ལས་འདས་རྗེས།     དབྱིན་ཇིའི་སྙན་ངག་པ་ཡ་ལི་ཧྲན་ཏའ་•ཕུ་སྤོ་(亚历山大•蒲柏)ཡིས་གཤམ་གསལ་གྱི་གཏམ་འགའ་ཡི་ཁྲོད་དུ་ཁོ་པ་གླེང་ཡོད་པ་འདི་ལྟ་སྟེ།    རང་བྱུང་དང་རང་བྱུང་གི་ཆོས་ཉིད་ནི་མུན་ནག་གི་མཚན་མོའི་ཁྲོད་དུ་ཡིབ་ནས་བསྡད་ཡོད།   དཀོན་མཆོག་གྱིས་ཉེའུ་ཐོན་ང་ཚོའི་ཁྲོད་དུ་མངག      འོན་ཏེ།     ཁོ་པས་རང་བྱུང་གྱི་གབ་བྱའི་དོན་རྣམས་གསལ་པོར་སྟོན་པ་སྟེ་ བྱ་གཞག་བསྒྲུབས་ནས་བྱས་རྗེས་ཆེན་པོ་བཞག

ཡོང་ཁུངས།: 
《དེང་རབས་ཚན་རིག་ཁྲོད་ཀྱི་གནད་དོན100》