འཇིག་རྟེན་ཁམས་འདིར་ཡང་སྙིང་གཞི་རྡུལ་ཅི་ཙམ་ཡོད།
ཡིག་སྒྱུར།: 
སྤེལ་དུས།: 
2014-04-25 14

ལྟ་གྲངས།

21
     དོན་དམ་དུ།  འདྲི་དོན་འདིར་ཁ་ཚོན་གཅོད་ཐུབ་པའི་ལན་ཞིག་ཡོད་མི་སྲིད།  གང་ཡིན་ཟེར་ན།  དང་ཐོག་འཇིག་རྟེན་ཁམས་འདི་ཆེ་ལོད་ཇི་ཙམ་ཡོད་པ་གནད་ལ་འཁེལ་བའི་ངང་ནས་ཤེས་མཁན་གྱི་མི་མེད།   འོན་ཀྱང་། ང་ཚོས་ཚོད་དཔག་ཁ་ཤས་བྱས་ཆོག
      མི་ཁ་ཅིག་གིས་ཚོད་རྩིས་བྱས་ཟིན་ཏེ། ང་ཚོའི་འཇིག་རྟེན་ཁམས་དེའི་ནང་ཧ་ལམ་བརྟན་སྐར་མ་ལག100,000,000,000(1011)ཙམ་ཡོད་པར་ངོས་འཛིན།  བརྟན་སྐར་མ་ལག་འདི་ཚོའི་ཆ་སྙོམས་གཅིག་གི་གྲངས་ཚད་ནི་ཉི་མའི་གྲངས་ཚད་ལས་གྲངས100,000,000,000ཆེ(དེས་འཇིག་རྟེན་ཁམས་ཀྱི་དངོས་པོ་ཚང་མའི་གྲངས་ཚད་ནི་ཉི་མའི་གྲངས་ཚད་ཀྱི་ལྡབ1011×1011(1022)བཤད་པ་དང་མཚུངས།  ཚིག་གཞན་ཞིག་གི་ཐོག་ནས་བཤད་ན།  འཇིག་རྟེན་ཁམས་ཀྱི་དངོས་པོ་ཚང་མས་ཉི་མ10,000,000,000,000,000,000,000(1022)གྲུབ་ཐུབ་པར་འདང་ངེས་ཡིན།  ཉི་མའི་གདོས་ཚད་ནི་ཁེ 2×1033 རེད།  དེས་འཇིག་རྟེན་ཁམས་ཀྱི་དངོས་པོ་ཚང་མའི་གདོས་ཚད་ནི་ཁེ1022×2×1033(ཡང་ན་2×1055)ཡིན་ཞེས་བཤད་པ་དང་མཚུངས་གྲངས་དེ་ཁེ 200,000,000,000,000,000,000,000,000,000,000,000,000,000,000,000,000,000,000 ཞེས་འབྲི་ཆོག
     ད་ལྟ་ང་ཚོས་ཡང་བསྐྱར་ཕྱོགས་གཞན་ཞིག་ནས་བལྟས་ན།  འཇིག་རྟེན་གྱི་གྲངས་ཚད་ཕལ་ཆེར་ཆ་ཚང་གཅིག་བསྡུས་ཀྱིས་ཉིང་རྡུལ་ནང་དུ་ཚུད་ཡོད(ཉིང་རྡུལ་ནི་རྡུལ་ཕྲན་སྙིང་པོ་གྲུབ་ཆའི་གཙོ་བོའི་གཞི་རྡུལ་ཡིན)ཉིང་རྡུལ་ནི་ཧ་ཅང་ཆུང་བའི་དངོས་པོ་ཡིན།  ཉིང་རྡུལ 6×1023བྱུང་ན་གཞི་ནས་དངོས་པོ་ཁེ་གཅིག་གྲུབ།  ཉིང་རྡུལ6×1023བྱུང་ན་གཞི་ནས་དངོས་པོ་ཁེ་གཅིག་གྲུབ་པ་ཡིན་ན།  འཇིག་རྟེན་ཁམས་ནང་དངོས་པོ་ཁེ2×1055ཡོད་པ་ཡིན། དེས་ན་འཇིག་རྟེན་ཁམས་ནང་ཁྱོན་བསྡོམས་ཉིང་རྡུལ1023×2×1055(ཡང་ན12×1078)དགོས་པ་ཡིན།  སྟབས་བདེ་བའི་ཆེད་དུ།  ཨང་ཀི་འདི1.2×1079འབྲི་ཆོག།
གནམ་དཔྱད་རིག་པ་བས་བསམ་ན།  འཇིག་རྟེན་ཁམས་ཀྱི་90%རྡུལ་ཕྲན་ནི་ཆིང་ཡིན་པ་དང9%རྡུལ་ཕྲན་ནི་ཧེལ་ཡིན།  དེ་བྱིངས་ཀྱི1%དེ་ནི་རྣམ་པ་སྣ་ཚོགས་ཀྱི་རྙོག་འཛིང་ཆེ་བའི་མ་རྒྱུ་ཡིན།   དེ་འདྲ་བཤད་ཡོད་དེ།   རྡུལ་ཕྲན100ཡོད་པའི་དཔེ་མཚོན་གྱི་མ་དཔེའི་ནང་ཆིང་རྡུལ་ཕྲན90དགོས་པ་དང་ཧེལ་རྡུལ་ཕྲན9 རྡུལ་ཕྲན་གཞན་དག་1(དཔེ་བཞག་ན་དབྱང་རྡུལ་ཕྲན་གཅིག་ལྟ་བུ་)ང་ཚོས་ཤེས་གསལ་ལྟར།   ཆིང་རྡུལ་ཕྲན་རེ་རེའི་རྡུལ་ཕྲན་སྙིང་པོར་ཉིང་རྡུལ་གཅིག་ཡོད་དེ་རྒྱུ་རྡུལ་དང།   ཧེལ་རྡུལ་ཕྲན་རེ་རེའི་རྡུལ་ཕྲན་སྙིང་པོར་ཉིང་རྡུལ་བཞི་ཡོད་དེ་རྒྱུ་རྡུལ་གཉིས་དང་བར་རྡུལ་གཉིས།  དབྱང་རྡུལ་ཕྲན་རེ་རེའི་རྡུལ་ཕྲན་སྙིང་པོར་ཉིང་རྡུལ16ཡོད་དེ་རྒྱུ་རྡུལ8 དང་བར་རྡུལ8ཡོད།  དེར་བརྟེན་རྡུལ་ཕྲན100ཡི་ནང་ཁྱོན་བསྡོམས་ཉིང་རྡུལ142ཡོད་དགོས་པ་སྟེ་རྒྱུ་རྡུལ116དང་བར་རྡུལ26ཡོད།  ཉིང་རྡུལ་དེ་གཉིས་ལ་ཁྱད་པར་གཅིག་ཡོད་དེ།  བར་རྡུལ་ལ་གློག་ཁུར་མི་ལྡན་པའི་རྐྱེན་གྱིས་ཁོ་དང་ཆབས་ཅིག་གི་གཞི་རྡུལ(གློག་རྡུལ)ལ་བསམ་གཞིགས་བྱེད་དགོས་དོན་མེད།  རྒྱུ་རྡུལ་ལ་ཕོ་གློག་ལྡན་པས།    དེར་བརྟེན་འཇིག་རྟེན་ཧྲིལ་པོ་གློག་རང་བཞིན་སྙོམས་པོར་ངོས་འཛིན་པ་དེ་འདྲ་ཡིན་ན།  རྒྱུ་རྡུལ་གཅིག་ཡོད་ན་གློག་རྡུལ་(གློག་མོ་གློག་ལྡན་པ་གཅིག་)གཅིག་ཁོ་དང་མཉམ་དུ་ཡོད་དགོས་སོ།   དེ་འདྲ་བྱས་ན།  ཉིང་རྡུལ་142ཡོད་ན་གློག་རྡུལ116ཡོད་དགོས(རྒྱུ་རྡུལ116དང་དོ་མཉམ་པའི་ཆེད)བསྡུར་ཚད་འདི་གནས་ཐུབ་པའི་ཆེད་དུ་འཇིག་རྟེན་ཁམས་ཀྱི་ཉིང་རྡུལ་1.2×1079ལ་ཧ་ལམ་གློག་རྡུལ་1×1079ཙམ་དང་སྦྲགས་དགོས།   ཉིང་རྡུལ་དང་གློག་རྡུལ་དེ་ཚོ་མཉམ་དུ་སྣོན་ན། ང་ཚོས་འཇིག་རྟེན་ཁམས་ཀྱི་དངོས་པོ་ཚང་མའི་ནང་ཡོད་པའི་གཞི་རྡུལ་བསྡོམས་འབོར2.2×1079ཡིན་པ་ཐོན། ང་ཚོས་གྲངས་དེ་22,000,000,000,000,000,000,000,000,000,000,000,000,000,000,000,000,000,000,000,000,000,000,000,000,000,000འབྲི་ཆོག
      གལ་སྲིད་འཇིག་རྟེན་ཁམས་འདི་དངོས་པོ་ཕྱེད་ཀ་དང་དངོས་པོ་ལྡོག་མ་ཕྱེད་ཀས་གྲུབ་པ་ཡིན་ན།  འོ་ན་གཞི་རྡུལ་དེ་ཚོའི་ཁྲོད་ཕྱེད་ཀ་ནི་ཉིང་རྡུལ་ལྡོག་མ་དང་གློག་རྡུལ་ཕོ་ཡོད་དགོས།  འོན་ཀྱང་འདིས་བསྡོམས་འབོར་ལ་ཤུགས་རྐྱེན་མི་ཐེབས།   འཇིག་རྟེན་ཁམས་ནང་ཡོད་པའི་ཕོན་ཆེན་གྱི་གཞི་རྡུལ་གཞན་ཁ་ཤས་ནི་འོད་རྡུལ་དང་ཕྲ་རྡུལ་འབྲིང་། གཅིག་བྱས་ན་འགུལ་ཤུགས་རྡུལ་ཡང་ཡོད།   ཡིན་ནའང་ཁོ་ཚོ་ཚང་མ་གྲངས་ཚད་མེད་པའི་གཞི་རྡུལ་རེད།   དེར་བརྟེན་ཁོ་ཚོ་དེའི་ནང་དུ་རྩིས་མེད། བྱས་ཙང་ཁྱོན་ཡོངས་ནས་བཤད་ན།   ང་ཚོའི་འཇིག་རྟེན་ཁམས་འདིར་ཁྱོན་བསྡོམས་གཞི་རྡུལ22×1078ཡོད།  ཁོ་ཚོས་ཧ་ཅང་ཆེ་བའི་འཇིག་རྟེན་ཁམས་གཅིག་གྲུབ་ཡོད།