ཉི་འོད་དང་ཆུ་ཡོད་པས“རླངས་པ”བཟོ་ཐུབ།
ཡིག་སྒྱུར།: 
སྤེལ་དུས།: 
2014-04-25 14

ལྟ་གྲངས།

21

ཚྭ་མེད་ཆུ་དང་ནཱ་སྨི་རིལ་བུ་མཉམ་དུ་སྦྱར་བས།  ཉི་འོད་འོག་གདུ་མི་དགོས་པར་ཐད་ཀར་རླངས་པར་འགྱུར་ཐུབ།

དེ་རིང་ནཱ་སྨི་རིལ་བུ་དེས་ཡང་ཧ་ལས་དགོས་པའི་ལས་ཀ་གང་བྱས་པ་རེད་ཟེར་ན།  དེ་ཡང་ཏི་ཁེ་ས་སི་མངའ་སྡེའི(Texas)རྫོང་ལེ་སི་སློབ་ཆེན་གྱིས་ཞིབ་འཇུག་ཚོགས་པ་ཞིག་གིས་ར་སྤྲོད་བྱས་པ་ལྟར་ན།  ཆུ་དང་ནཱ་སྨིའི་རིལ་བུ་སྦྱར་བའི་སྟེང་ཉི་འོད་བསྡུས་ན་སྐར་ཆ་འགའ་མི་འགོར་བར་རླངས་པ་འབྱུང་ཐུབ།  འདི་མིས་ཆེད་མངགས་འཁོལ་ཚད་དམའ་རུ་བཏང་བ་མིན་པར།  ཉི་མའི་དྲོད་ལ་བརྟེན་ནས་བྱུང་བའི་ཆུ་ཚ་པོ་བཟོ་བའི་འཕྲུལ་འཁོར་ལྟ་བུ་དེས་ཆུ་དེ་ཚ་པོ་མ་ཆག་གོང་ལ་རླངས་པ་ཆགས་པ་ཡིན་ལ་ཆུ་ཚང་མ་ཁོལ་པ་མིན།

དེ་བས་ཁོ་ཚོས་དེ་ཡང་སྙིང་ག་དུས་བེད་སྤྱོད་དངོས་བྱེད་ཐུབ་པ་ཤེས་མི་ཐུབ་མོད།  འོན་ཀྱང་ཆུ་དང་ཉི་འོད་མ་གཏོགས་མི་དགོས་པར་རླངས་ཆུའི་གློག་འདོན་འཕྲུལ་འཁོར་དེ་འདྲ་གཅིག་བསམ་ཐུབ་ཀྱི་རེད།

ལག་རྩལ་དེ་ནི་ཉུང་ཤས་ཀྱི་ཐཱན་དང་གསེར་དབྱུག་ཡོད་པའི་གཉིས་དབྱང་ཀོའི་འགྱུར་ནཱ་སྨི་བསྲེས་སྦྱོར་རིལ་བུ(རིལ་བུ་་རེ་རེའི་ཚངས་ཐིག་དེ་མིའི་སྐྲའི་ཚངས་ཐིག་གི་བཅུ་ཆ་གཅིག་ཀྱང་མེད)དང་ཤེལ་སྒོའི་སྣོད་ཆས་ནང་གི་ཆུས་ལས་ཀ་བྱེད་ཀྱི་ཡོད། ཚངས་ཐིག་ཆུང་ཆུང་དེ་འདྲ་དུས་རྒྱུན་མཐོང་བའི་རླབས་ཐག་ལས་ཐུང་བ་ཡོད།       དེ་ལས་དེ་དག་གིས་འོད་རླབས་ནུས་ཤུགས་མང་ཤོས་བསྡུ་བ་བྱེད་ཀྱི་ཡོད།  བྱེད་ཐུབ་པ་ལས་འོད་དེ་དག་ཚ་སེལ་བྱེད་པ་མིན།  དེར་བརྟེན་དྭངས་ཤེལ་ལ་བརྟེན་ནས་ཉི་འོད་སྣོད་བྱེད་ནང་དུ་གཅིག་བསྡུས་བྱེད་ཀྱི་ཡོད།   རིལ་བུ་དེ་དག་མགྱོགས་མྱུར་ནང་ཧ་ཅང་ཚ་པོ་ཆག་གི་ཡོད།   དེ་ལས་དེའི་མཐའ་འཁོར་གྱི་ཆུ་ཐད་ཀར་རླངས་འགྱུར་བྱེད་ཐུབ།

 དེས་རིལ་བུའི་མཐའ་འཁོར་ལ་ཆུ་རླངས་ཀྱི་ལྦུ་བ་མང་པོ་བཟོ་ཐུབ་ཀྱི་ཡོད། ལྦུ་བ་དེ་དག་ཆུ་དྲང་མོ་དང་གློག་རྒྱུན་ཆད་ཐུབ་ཀྱི་ཡོད། དེས་རེལ་བུ་དེ་བས་ཚ་རུ་བཏང་ནས་དེའི་མཐའ་འཁོར་དུ་ལམ་སེང་ཆུ་མང་པོ་རླངས་འགྱུར་བྱེད་ཐུབ།  རིལ་བུ་དང་དེའི་མཐའ་འཁོར་ཆུ་རླངས་མང་པོ་ཡོད་པ་དང་འཕྱོ་ཤུགས་ཐོན་སྐྱེད་བྱས་ཐུབ་ཚེ། ཆུ་རླངས་ལྦུ་བ། རེལ་བུ་དང་ལྦུ་བ་ཚང་མ་ཆུ་དངོས་སུ་འཕྱོ་ཚེ་རླུང་བུ་དེ་དག་ཁ་རླུང་ནང་དུ་གློད་ཚེ་རིལ་བུ་དེ་དག་ཡང་རྗེས་སུ་སླར་ཡང་ཆུ་དྲང་མོའི་ནང་དུ་འཛུལ་སྲིད། དེ་ནས་ཡང་སླར་ཡང་ཉི་འོད་ཚ་པོ་བཟོ་བཞིན་ཡོད།   གོང་གི་གོ་རིམ་དེ་དག་ཡང་སྐོར་རྐྱང་སྐོར་བྱེད་དགོས།

 བསྲེ་སྦྱོར་བྱས་པའི་ནཱ་སྨིའི་རིལ་བུ་དེ་དག་ཕན་ཚོན་འགྱུར་ནས་འཁོལ་ཚད་གཅིག་ཚོད་དཔག་བྱེད་ཐུབ།  འོན་ཀྱང་རླངས་ལྦུ་དང་པོ་དེ་ཆུ་ངོས་སུ་མ་སླེབས་པའི་གོང་ང་ཚོས་སྣོད་ཆས་ནང་གི་ཆུ་ཚང་མ་འཁོལ་ཚད་ལ་སླེབས་དགོས་དོན་མེད།  རང་གིས་དེ་ཕྲ་མཐོང་གི་ཐོག་ནས་ཆུ་འཁོལ་བ་ལ་དོ་དམ་བྱེད་པའི་རྒྱུད་རིམ་གཅིག་ལ་བསམ་ན་ཆོག    དེའི་ཞིབ་མོའི་མཚོན་རྟགས་ནི་ཆུ་ཆ་ཤས་གཅིག་ཚ་པོ་བཟོས་ནས། ཆུ་དེ་དག་ནཱ་སྨིའི་རིལ་བུ་དང་མཉམ་སྦྲེལ་བྱེད་དགོས།  ཆུ་ཆ་ཤས་གཞན་དག་དེ་ཚོ་དྲང་མོ་ཡིན་དགོས། རིལ་བུ་དེ་དག་ནི་ཧ་ཅང་གིས་སྤྱོད་ཤན་ཆེ་བ་ཡོ་རེད། དེ་དག་རྒྱུན་མི་ཆད་པར་བསྡུད་འཛོམས་བྱེད་པ་ཚ་པོ་བཟོ་བ་དྲང་རུ་བཏང་དགོས་བྱུང་ཡང་གཏན་ནས་བརྗེ་མི་དགོས།

 འདི་ཡིད་མཐུན་པའི་ལས་ཀ་གཅིག་མ་ཡིན་ནམ་ཁྱོན་ཡོང་ནས་བཤད་ན་འདི་ནི་མ་འོངས་པའི་ཉི་མའི་མཚར་སྡུག་གི་གནས་བབས་ཞིག་བཀོད་འདུག   ཡིན་ནའང་ཞིབ་ཚགས་པོ་ནས་བཤད་ན། གོང་ཚད་དམའ་ལ་ཆུ་རླངས་འདང་པ་(དེ་བས་ཀྱང་ཤོང་ཚད་ཆུང་བ་ཡིན་ནའང་རེད།)དེ་གང་འདྲ་བྱས་ནས་དྲོད་ཚད་དང་གློག་ཤུགས་ཐོག་ལ་བདེ་སྤྱོད་བྱེད་ནས་ནུས་ཁོངས་སྟུག་པོའི་རྣམ་པའི་རྒྱུད་རིམ་དེ་དལ་རུ་བཏང་དགོས་རེད། དཔེ་ན་ཆུ་ཚ་ཕུད་པ་ཝ་བུས་བཤད་པ་ལྟར་སྔོན་མ་མིས་སྟབས་བདེ་ལ་གོང་ཚད་ཆུང་བའི་ཐབས་ཤེས་སྟོན་ནས་ཆུའི་རླངས་པ་མོང་པོ་བཟོ་བ་དང་བདེ་སྤྱོད་བྱས་ནས་འཛམ་གླིང་ལ་འགྱུར་ལྡོག་བྱུང་བ་རེད། དེ་ན་ད་ཐེངས་ཡང་དེ་ལྟར་ནོ།  །