ཚན་རིག་དཔེ་སྐྲུན།
ཡིག་སྒྱུར།: 
སྤེལ་དུས།: 
2014-04-25 15

ལྟ་གྲངས།

23

ཚན་རིག་ཞིབ་འཇུག་གི་འབྲས་བུ་དཔེ་སྐྲུན་བྱས་པ་དེ་ཚན་རིག་ཡར་ཐོན་འགྲོ་མཁན་གྱི་ངོས་ནས་བརྗོད་ན་གལ་ཧ་ཅང་ཆེ། ཡོན་ཏན་ཅན་ཚོའི་ཆེད་དུ་ཐུན་མོང་ཚོགས་པས་ཚན་རིག་ཞིབ་འཇུག་གི་འབྲས་བུ་དཔེ་སྐྲུན་བྱས་པ་དེ་ཡང་ཚོང་ལས་སམ་ཁེ་གཉེར་མེད་པའི་དཔེ་སྐྲུན་ཚོང་པ། དེ་མིན་རིག་གཞུང་ཚོགས་པ་འམ་ཡང་ན་ཚན་རིག་མཁས་ཅན་རང་ཉིད་ཀྱི་འཇིག་རྟེན་རང་བཞིན་གྱི་བྱ་གཞག་ཞིག་ཀྱང་ཡིན། གཞན་ཚན་རིག་ཞིབ་འཇུག་གི་འབྲས་བུ་རྩོམ་སྒྲིག་དང་དཔེ་སྐྲུན་བྱེད་པ་ནི་དངོས་པོའི་གྲངས་ཚད་ཚོད་འཛིན་བྱེད་པའི་བརྒྱུད་རིམ་ཞིག་ཡིན་པ་མ་ཟད་འགྲེམ་སྤེལ་ཞིག་ཀྱང་ཡིན། དེ་དང་ཆབས་ཅིག་ཏུ་ཆེད་ལས་མ་ཡིན་པའི་མི་སྣའི་ཆེད་དུ་དཔེ་སྐྲུན་བྱས་པའི་ཚན་རིག་ཞིབ་འཇུག་གི་འབྲས་བུ་དེ་ཡང་ཚན་རིག་དང་མཐུན་པའི་གལ་ཆེའི་དཔེ་སྐྲུན་ཞིག་ཡིན། ཚན་རིག་ཞིབ་འཇུག་གི་འབྲས་བུ་དཔེ་སྐྲུན་བྱེད་པར་དམིགས་ཡུལ་ཞིག་ཡོད་དེ་བྱེད་སྒོ་གཞན་དཔེ་སྐྲུན་བྱེད་པ་དང་འདྲ་བར་ཁོས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་སྒྲིག་སྤེལ་དང་རྒྱ་ཁྱབ་ཏུ་འགྲེམ་པར་སྐུལ་ལྕག་ཐེབས་ཀྱི་ཡོད་། གཞན་ཡང་དེས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་དེ་ཚོའི་ཞིབ་ཕྲའི་གནད་དོན་དེབ་གཞུང་ནང་འཁོད་པར་འགན་ལེན་བྱེད་ཐུབ་པ་དང་ཆབས་ཅིག་རྟོགས་པ་གསར་པ་དང་ལྟ་ཚུལ་གསར་འཛུགས་ཀྱི་བདག་དབང་དང་ད་དུང་ཤེས་ཡོན་གྱི་ཐོན་དངོས་བདག་དབང་། གཞན་ཡང་ཚན་རིག་མཁས་ཅན་མི་སྒེར་རམ་ཡང་ན་ཚན་རིག་དང་མཐུན་པའི་སྒྲིག་འཛུགས་བྱེད་མཁན་ཤན་འབྱེད་པ་ཚོ་ཡང་དཔེ་སྐྲུན་ཡིག་རིགས་གི་སྤུས་ཚད་དང་གྲངས་ཚད་བཅས་དང་ཁ་བྲལ་ཐབས་མེད། ཚན་རིག་དང་མཐུན་པའི་དཔེ་སྐྲུན་གྱི་རྣམ་པའི་ནང་དཔེ་དེབ་དང་། ལས་རིགས་གཅིག་པས་ཞིབ་དཔྱད་བྱས་པའི་དཔྱད་རྩོམ་དུས་དེབ། གྲོས་ཚོགས་ཕྱོགས་བསྡུས་དཔྱད་རྩོམ།ད་དུང་{གསར་འགྱུར་}བཅས་ཚུད་ཡོད་།ཁྱབ་ཁོངས་གཞན་ནང་ད་དུང་གློག་རྡུལ་འབབ་སྟེགས་སོ་སོའི་སྟེང་རང་གི་རྩོམ་ཡིག་སྦྱོར་བ་དང་། {རྩོམ་འབྲི་མཐུན་ཚོགས་ཞིབ་འཇུག་དཔྱད་རྩོམ}དང་དེ་མིན་རིག་གནས་བང་མཛོད་ཀྱི་སྒྲིག་གཞི་བཅས་ཚུད་ཡོད། དེའི་ནང་ནས་ལས་རིགས་གཅིག་པས་ཞིབ་དཔྱད་བྱས་པའི་ཆེད་རྩོམ་གྱི་དུས་དེབ་ནི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་སྒྲོག་སྤེལ་བྱེད་པའི་གལ་ཆེའི་ཐབས་ལམ་ཞིག་ཡིན།   ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་མགྱོགས་མྱུར་ངང་སྒྲིག་སྤེལ་དང་རྒྱ་ཁྱབ་ཏུ་འགྲེམ་རྒྱུ་ནི་ཚན་རིག་འཕེལ་རྒྱས་འགྲོ་བའི་ངོས་ནས་བརྗོད་ན་གལ་ཆེའི་དམར་ཁྲིད་ཞིག་ཡིན་། དེ་ཡང་ཆེད་དོན་དཔྱད་རྩོམ་དཔེ་སྐྲུན་བྱས་ནས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་སྒྲིག་སྤེལ་བྱེད་པའི་ཐབས་ལམ་འདི་ཅུང་ཐུང་བའི་གསར་འགྱུར་དང་བསྡུར་ན་རྟག་པར་མཐོང་རྒྱུ་ཡོད་པ་ཞིག་མ་ཡིན། དུས་དེབ་དཔྱད་རྩོམ་དེ་དུས་རྒྱུན་མགྱོགས་མྱུར་ངང་པར་རྒྱག་ཐུབ་པ་མ་ཟད་ལས་རིགས་གཅིག་པའི་དཔྱད་མོལ་ནན་ཏན་གྱི་བསྡུ་ལེན་བྱེད་ཀྱི་ཡོད། དེར་བརྟེན་ཁོ་ཚོར་ཡིད་རྟོན་རུང་བའི་འགན་ལེན་བྱེད་ཆོགམ་གཞི་ཆེད་དོན་དཔྱད་རྩོམ་གྱིས་རྒྱ་ཆེའི་དམངས་ཚོགས་ལ་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་སྒྲིག་སྤེལ་བྱེད་ཐུབ་ཀྱི་ཡོད། ཡིན་ནའང་གལ་ཏེ་ཆེད་དོན་དཔྱད་རྩོམ་དེ་ཚན་རིག་ཁྱབ་སྤེལ་ཞིག་ལ་ངོས་འཛིན་བྱས་ན་ཚན་རིག་མཁས་ཅན་མི་སྒེར་གྱི་འཚོ་ཐབས་ལས་རིགས་ལ་ཉེན་ཁ་ཡོང་སྲིད་{དེ་ཡང་ཚན་རིག་མཁས་ཅན་ཚོས་ཚན་རིག་ཁྱབ་སྤེལ་བྱེད་འདོད་མེད་པའི་རྒྱུ་མཚན་ཀྱི་གྲས་ཡིན་པ་ཡང་བསྐྱར་ར་སྤྲོད་བྱེད་ཐུབ། ལས་རིགས་གཅིག་པའི་དཔྱད་གླེང་སོགས་གཞིར་བཟུང་ན་དེའི་རྩ་དོན་ནི་ཚན་རིག་དང་མཐུན་པའི་དུས་དེབ་ནང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཁྱབ་བསྒྲགས་བྱས་ན་ཚན་རིག་སྒྲིག་སྤེལ་བྱེད་སྟངས་གལ་ཆེ་ཤོས་ཀྱི་གྲས་ཞིག་ཡིན། དེ་བས་ཚན་རིག་དང་མཐུན་པའི་དུས་དེབ་ཀྱི་སྤུས་ཚད་ནི་རྩོམ་སྒྲིག་རུ་ཁག་ལ་རག་ལས་ཡོད་ལ་དུས་དེབ་དེ་ཚོའི་བཀོལ་སྤྱོད་མང་ཉུང་ལ་ཡང་རག་ལས་ཡོད། སྐབས་རེ་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་གྲོས་ཚོགས་ཆེད་རྩོམ་ནང་ལ་ཡང་ཐོན་སྲིད་མོད།བཟོ་བཅོས་བྱས་རྗེས་གཞི་ནས་དཔེ་སྐྲུན་བྱེད།དུས་རྒྱུན་གྲོས་ཚོགས་ཆེད་རྩོམ་གྱི་གལ་ཆེའི་རང་བཞིན་འདི་ལས་རིགས་གཅིག་པས་དཔྱད་གླེང་བྱས་པའི་དུས་དེབ་ལས་ཞན་པ་ཡོད། དེའི་ཕྱིར་དེ་ནི་ཚད་ལྡན་རིག་གཞུང་དུས་དེབ་ནང་བསྡུར་ཚད་གཅིག་པ་མིན།དཔེ་སྐྲུན་མ་བྱས་གོང་གི་ངོ་མ་མ་ཡིན་པའི་མ་དཔེ།   ཚན་རིག་ཞིབ་འཇུག་གི་དཔྱད་རྩོམ་ཟིན་བྲིས་དུས་རྒྱུན་ཚན་རིག་མཁས་ཅན་ཕན་ཚུན་བར་རྡོ་ལག་བརྒྱུད་ཀྱི་བལྟ་ཡི་ཡོད། བྱས་གཙང་དཔེ་སྐྲུན་མ་བྱས་གོང་མ་དཔེ་ངོ་མ་མིན་པ་དེ་ཡང་མཉམ་སྤྱོད་བྱེད། མ་གཞི་དེང་སང་མི་རྣམས་ཀྱས་དེ་ཚོ་བརྡ་གཏོང་གློག་ལམ་དྲ་བའི་ཐོག་བསྐུར་གྱི་ཡོད་མོད། ཡིག་ཆ་ངོ་མ་མ་ཡིན་པ་ཁག་གཅིག་པར་སྐྲུན་བྱེད་དབང་ལ་བཀག་རྒྱ་ངེས་ཅན་ཞིག་ཡོད། ཡིག་ཆ་ངོ་མ་མ་ཡིན་པའི་ཡིག་ཚགས་ཀྱི་མཛོད་ནི་དྲ་ཚིགས་ཀྱི་གཞི་གྲངས་མཛོད་ཡིན་པས་ཞིབ་འཇུག་མི་སྣས་ཞིབ་འཇུག་གི་འབྲས་བུའི་སྙན་ཞུ་སྔ་མ་རྣམས་གཞི་གྲངས་ཀྱི་མཛོད་ནང་འཇོག་གི་ཡོད། འོན་ཀྱང་གྲུབ་འབྲས་དེ་ཚོ་ཟླ་བ་ཁ་ཤས་རྗེས་གཞི་ནས་དངོས་སུ་ཁྱབ་བསྒྲགས་བྱེད་ཀྱི་ཡོད། ཡིན་ནའང་གཞི་གྲངས་ཁག་གཅིག་ལག་བསྟར་བྱེད་པར་ཚོགས་མིས་བཀག་བསྡོམ་བྱེད་ཀྱི་ཡོད། གཞན་ཕལ་ཆེར་ལ་བཀག་རྒྱ་གང་ཡང་མེད། ༡༩༩༡ལོར་PaulGinspargཡིས་རྟོག་བཟོའི་དཔེ་མཛོད་ཁང་ཞིག་གསར་འཛུགས་བྱས་པ་དེ་ནི་དཔེ་སྐྲུན་མ་བྱས་གོང་གི་མ་དཔེ་ངོ་མ་མ་ཡིན་པ་རྣམས་གསོག་ཉར་བྱེད་ཡུལ་ཞིག་ཡིན། རྗེས་སུ་དེ་ནི་ཐུན་མོང་གི་ཚན་རིག་དང་མཐུན་པའི་དཔེ་མཛོད་ཁང་ཞིག་ཏུ་འཕེལ་རྒྱས་ཕྱིན་ཡོད། དེར་བརྟེན་ཉར་ཚགས་བྱེད་པར་བཀག་རྒྱ་མེད་པས་དྲ་ཚིགས་ཐོག་ཞབས་འདེགས་ཞུ་བཞིན་ཡོད། ཡིན་ནའང་ཉར་ཚགས་གཙོ་བོ་ནི་རྩིས་རིག། དངོས་ལུགས་རིག་པ་དང་རྩིས་འཁོར་ཚན་རིག་དེ་བཞིན་གྲངས་ཚད་ངེས་ལྡན་གྱི་སྐྱེ་དངོས་རིག་པ་དང་བསྡོམས་རྩིས་རིག་པ་བཅས་ཡིན། ལྷག་པར་དུ་༢༠༠༩ལོར་ཐུན་མོང་དཔེ་མཛོད་ཁང་འདིའི་ཆེད་རྩོམ་ཟླ་བ་རེའི་འཕེལ་གྲངས་༥༠༠༠ལྷག་ཟིན་གྱི་ཡོད་པ་མ་ཟད་ཉིན་རེ་རེའི་བེད་སྤྱོད་གཏོང་ཚད་ཁྲི་ཁ་ཤས་ཟིན་གྱི་ཡོད། མ་གཞི་དུས་ཚོད་ཐུང་ཐུང་ཞིག་རེད་མོད། ཡིན་ནའང་འདེི་ནི་ནུས་པ་ཆེན་པོ་ཐོབ་པའི་དངོས་ལུགས་ཁྱབ་ཁོངས་ནང་གི་གསར་ཤོས་ཀྱི་ཞིབ་འཇུག་སྙན་ཞུ་ཞིག་ཆགས་ཡོད། མ་གཞི་ཁྱབ་ཁོངས་གཞན་པའི་ནང་ལ་ཡང་དེ་དང་འདྲ་བའི་ཞབས་ཞུ་ཡོད། ཡིན་ནའང་ཐུན་མོང་ཚན་རིག་དང་མཐུནཔའི་དཔེ་མཛོད་ཁང་ལས་ལྷག་པ་ཞིག་རྩ་བ་ནས་མེད། ཉར་ཚགས་དང་ཚོད་འཛིན་མི་བྱེད་པར་ཚན་རིག་དང་མཐུན་པའི་དཔེ་སྐྲུན།  མ་གཞི་དམག་ཆེན་གཉིས་པ་ནས་བཟུང་ཚན་རིག་དང་མཐུན་པའི་ཆ་འཕྲིན་ལ་འབར་གས་བྱུང་ཡོད། འོན་ཀྱང་དུས་རབས་༢༠པའི་ལོ་རབས་༨༠མ་སླེབས་པའི་བར་ཚན་རིག་དཔྱད་རྩོམ་གྱི་གྲངས་ཚད་དང་དེ་མིན་ཆ་འཕྲིན་གྱི་འགྲོ་དངུལ་སོགས་ནི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཐོབ་པར་གཙོ་བོའི་བཀག་རྒྱ་ཞིག་ཏུ་འགྱུར་ཡོད། དུས་དེ་ནས་བཟུང་ལོ་༧ནས་༡༠བར་སོང་རྗེས་དཔྱད་རྩོམ་ལས་ཐོབ་པའི་འགྲོ་དངུལ་ལྡབ་གཅིག་འཕར་ཡོད། ཉར་ཚགས་ཚོད་འཛིན་མི་བྱེད་པ་ནི་ཚན་རིག་དང་མཐུན་པའི་ཆ་འཕྲིན་གྱི་དཔལ་འབྱོར་ལ་བཀག་ཆ་མེད་པ་བཟོ་བྱེད་པ་ལྟ་བུ་ཞིག་ཡིན། ལྷག་པར་དུ་འབྱོར་འབྲིང་རྒྱལ་ཁབ་ཞིག་གི་ངོས་ནས་བརྗོད་ན་ཉར་ཚགས་ཚོད་འཛིན་མི་བྱེད་པ་ནི་སྤྱི་ཚོགས་ས་ཁོངས་ཀྱི་ཐབས་ལམ་ཁོ་ནར་བརྟེན་གྱི་ཡོད། དེ་གཞན་རྩོམ་པ་པོས་སྤེལ་བའི་དཔྱད་རྩོམ་མམ་ཡང་ན་དཔྱད་གཞི་མི་གཞན་གྱིས་རང་དབང་ངང་བེད་སྤྱོད་བྱས་ཆོག  འདི་ནི་དེ་སྔོན་གྱི་རྒྱུན་སྲོལ་མ་དཔེ་དང་གཅིག་པ་མིན། དེ་སྔོན་རྩོམ་པ་པོས་དཔེ་སྐྲུན་བྱེད་དབང་འདི་དཔེ་སྐྲུན་ཚོང་པར་སྤྲད་ནས་དཔྱད་རྩོམ་སྤེལ་ཐུབ་པ་བྱེད། ཡིན་ནའང་མི་རྣམས་ཀྱིས་པར་སྐྲུན་ཡིག་རིགས་ཉོས་པའམ་ཡང་ན་དེའི་ནང་ནས་རྩོམ་ཡིག་གཅིག་ཉོས་ན་མ་གཏོགས་དཔེ་སྐྲུན་ཚོང་པས་དཔེ་སྐྲུན་བྱེད་དབང་བེད་སྤྱད་ནས་མི་རྣམས་ཀྱིས་བེད་སྤྱོད་བྱེད་པར་བཀག་བསྡོམ་བྱེད་ཀྱི་ཡོད། མ་གཞི་ནུབ་གླིང་རྒྱལ་ཁབ་ཁག་གཅིག་གི་ནང་{དཔེར་ན་ཡ་གླིང་བྱང་མ་དང་ཡོ་རོབ་ནུབ་མ་}ཚན་རིག་མཁས་ཅན་སྒེར་གྱིས་ཁོ་ཚོའི་མངའ་འོག་གི་རྩ་འཛུགས་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་ཆ་འཕྲིན་དང་ཚན་རིག་དང་མཐུན་པའི་དཔྱད་རྩོམ་ཐོབ་པ་བྱེད་ཀྱི་ཡོད་འོན་ཀྱང་ལས་ཁུངས་ཁག་གཅིག་ཡང་གྲངས་ཚད་འདི་ཚོ་ཉོ་བར་འགྲོ་གྲོན་ངེས་ཅན་ཞིག་གཏོང་དགོས། དུས་རབས་༢༡པའི་ལོ་བཅུའི་སྔོན་ནས་བདེན་དཔང་བྱས་པར་གཞིག་ན་ཚན་རིག་ཞིབ་འཇུག་གི་ཚད་ལྡན་ཡིག་ཆ་དེ་ཉར་ཚགས་ཚོད་འཛིན་མི་བྱེད་པར་འཕེལ་རྒྱས ་གཏོང་དགོས། ལྷག་པར་དུ་གསོ་བ་རིག་པའི་མངའ་ཁོངས་། དེ་ཡང་སྐབས་རེར་རོགས་སྐྱོར་བྱེད་མཁན་གྱི་རེ་བ་ལྟར་གྲུབ་འབྲས་དེ་ཚོ་ཉར་ཚགས་ཚོད་འཛིན་མི་བྱེད་པར་དྲ་ཚིགས་ཐོག་འཇོག་ཐུབ་པ་བྱེད་དགོས། འོན་ཀྱང་ཉར་ཚགས་ཚོད་འཛིན་མི་བྱེད་པ་འདིའི་མ་འོངས་པར་མ་དངུལ་སྒུལ་ཤུགས་འཕེལ་རྒྱས་ཇི་འདྲ་བྱུང་བར་ད་དུང་གསལ་པོ་རྟོགས་དཀའ།  ལྷག་པར་དུ་སྤྱི་ཚོགས་ཚན་རིག་ངོས་ནས་བརྗོད་ན་ཕལ་ཆེར་ཁོ་ཚོར་འདང་ངེས་པའི་འགྲོ་དངུལ་ཞིག་ཐོབ་དཀའ། 

ཡོང་ཁུངས།: 
རྒྱ་ཡིག་དྲ་རྒྱ།