བར་ཁམས་ནང་གི་ཕྲ་སྲིན།
སྤེལ་དུས།: 
2014-04-25 15

ལྟ་གྲངས།

22

 སྐྱེ་དངོས་ཕྲ་རབ་ནི་ཀུན་ལ་གནས་ཤིང་ཐ་ན་འཇིག་རྟེན་འཕུར་གྲུའི་ནང་དུ་ཡང་གནས་སྲིད།  ཕྲ་སྲིན་ཚོམ་བུ་དེ་བར་ཁམས་སུ་འཛུལ་རྗེས་དེའི་གྲུབ་ཚུལ་ལ་འགྱུར་བ་ཇི་ལྟ་བུ་ཞིག་འགྲོ་སམ།  དེས་ན་བར་སྣང་ཁམས་ཀྱི་་ཕྲ་སྲིན་ལ་ཞིབ་འཇུག་བྱས་ན་ང་ཚོ་ལ་དོན་སྙིང་ཇི་འདྲ་ཞིག་ཡོད་དམ།  གང་ལྟར་མིའི་རིག་གང་དུ་གནས་ཀྱང་དེར་ཕྲ་སྲིན་གྱིས་རྗེ་ཤུལ་ཡོད་པ་རྟོགས་ཐུབ་ལ་སྐབས་གཅིག་མིའི་རིག་བར་སྣང་ཁམས་སུ་གནས་ན་དུས་ཚོད་རིང་ཐུང་ལ་མི་ལྟོས་པར་ཕྲ་སྲིན་ཚང་མ་སྐྱེ་སྟོབས་ཀྱི་དཔལ་འབར་ནས་དཔྱིད་ཀྱི་དཔལ་ ཡོན་བཞད་པ་ཇི་བཞིན་སྐྱེས་འཚར་ཡོང་གི་ཡོད།  དེར་བརྟེན་ང་ཚོས་དགའ་ཚོར་ཆེན་པོས་མཐོང་གསལ་ཞིབ་འཇུག་རིག་པའི་མི་སྣ་ཚོས་སྔ་ས་ནས་ཕྲ་སྲིན་ཆུན་པོ་ཚོས་ཇི་ལྟར་བྱས་ནས་འཇིག་རྟེན་འཕུར་གྲུའི་ཁོར་ཡུག་ལ་ཤུགས་རྐྱེན་གཏོང་མིན་ཐད་ཞིབ་འཇུག་བྱེད་པ་མཐོང་ཐུབ་ལ།  འབྲེལ་ཡོད་ཀྱི་ཆུ་གཡེང་ཕྲ་སྲིན་ཚོམ་བུར་ཞིབ་འཇུག་ལྟར་ན་དེ་འདྲའི་ཆུ་གཡེང་སྐྱེ་དངོས་དེ་དག་སྐབས་གཅིག་སའི་གོ་ལ་དང་བྲལ་ན་སྐྱེ་དངོས་དེ་དག་གི་དུག་ནུས་ཆེ་རུ་འགྲོ་བ་མ་ཟད་སྐྱེ་ཚད་ཀྱི་མྱུར་ཚད་ཀྱང་མགྱོགས་སུ་འགྲོ་གི་ཡོད་ལ།  དེ་ལས་ཡ་མཚན་ བ་ཞིག་ལ་འཕུར་གྲུ་མཚོ་འགྲུལ་བྱེད་པའི་སྐབས་སུ་ཕྲ་སྲོའི་ཆུན་པོ།  སྐྱེ་དངོས་སྐྱིད་མོ་ཡང་འགྱུར་བ་འགྲོ་བཞིན་ཡོད།

   སྐྱེ་དངོས་སྐྱི་མོ་ནི་དངོས་གཟུགས་ཕྱི་ངོས་ཀྱི་ཕྲ་སྲིན་ཆུན་བུ་མང་པོ་འདུས་ནས་གྲུབ་པ་ཞིག་རེད།  དེ་ནི་སྨན་བཅོས་ཁྱབ་ཁོངས་ནང་མི་རྣམས་མགོ་ན་བའི་དམིགས་གསལ་གྱི་འདྲི་དོན་ཞིག་རེད།  རྒྱུ་མཚན་གང་ཡིན་ཞེས་ན་སྐྱེ་དངོས་སྐྱི་མོའི་ཞབས་ངོས་ཀྱི་ཕྲ་སྲིན་ཚོམ་བུས་དུས་གཏན་ཏུ་ནས་སྐྱེ་འགོག་རྫས་ལ་གཡོལ་ནས་འབུ་ཕྲ་གནོན་པའི་ནུས་པ་ཐོན་གྱི་ཡོད་ལ་ཆུ་གཡེང་ཕྲ་སྲིན་ཡང་རང་འདོད་ཀྱི་འགུལ་སྐྱོད་ལ་བརྟེན་ནས་གཞི་ཆགས་ཀྱི་ཚོགས་པ་ཞིག་ཆགས་རྗེས་粘液གིས་སོ་སོ་རང་ཉིད་ཐུམ་ཁྲེས་བྱས་ཐོག་གཞི་ནས་སྐྱེ་དངོས་སྐྱི་མོ་གྲུབ་ཀྱི་ཡོད་།

  亚特兰蒂斯འཇིག་རྟེན་འཕུར་སྐྱོད་གནམ་གྲུའི་ཐོག་གི་ཞིབ་འཇུག་མི་སྣ་ཚོས་གནམ་གྲུ་འཕུར་སྐྱོད་བྱེད་པའི་རིང་ལ་铜绿假单胞菌ཞེས་པའི་སྐྱེ་དངོས་ཆུན་པོ་གསོ་སྐྱོང་བྱས་པ་མ་ཟད་ཕྲ་སྲིན་ཚོམ་བུའི་དམིགས་གསལ་གྱི་རང་བཞིན་ལའང་ཞིབ་འཇུག་བྱས་པ་རེད།  དེ་ཡང་ཁོ་ཚོས་རྟོགས་གསལ་བར་སྣང་ཁམས་ནང་གསོ་སྐྱོང་བྱས་པའི་ཕྲ་སྲིན་ཚོས་ཆེ་ཞིང་སྲབ་པའི་སྐྱེ་དངོས་ཀྱི་གྲུབ་ཚུལ་ཆགས་པ་མ་ཟད་དེར་སྲོག་དང་ལྡན་པའི་ཕྲ་ཕུང་མང་པོ་ཞིག་ཡོད་པ་རྟོགས་པ་རེད།  དུས་མཚུངས་ཁོ་ཚོས་ཡང་སྐྱེ་དངོས་སྐྱིད་མོའི་གྲུབ་ཚུལའང་འགྱུར་ལྡོག་ངེས་ཅན་ཞིག་བྱུང་བ་རྟོགས་ཐུབ།  སིའི་གོ་ལའི་ཐོག་གི་སྐྱེ་དངོས་སྐྱི་མོའི་གཟུགས་ནི་ཤ་མོའི་གཟུགས་མ་ཡིན་པར་层状结构རེད་འོན་ཀྱང་བར་ཁམས་ནང་གི་སྐྱི་མོ་རྣམས་ཧ་ལམ་རིམ་པ་ལྟར་ཆགས་ཀྱི་གཞུང་རྟ་————ཁེབས་གཅོད་ཀྱི་དབྱིབས་གཟུགས་ཆགས་ཐུབ།

   གཤམ་འོག་གི་རི་མོ་སོ་སོ་ནི་སའི་གོ་ལ་(གཡོན་རིས་)དང་བར་ཁམས་ནང་གི་(གཡས་རིས་)སྐྱེ་དངོས་སྐྱི་མོའི་ཆ་ཤས་གསུམ་རེད།  ལྗང་ཁུའི་ཆ་ཤས་ནི་ཕྲ་སྲིན་རེད་།དེ་བཞིན་བར་ཁམས་ནང་འཚར་ལོངས་བྱུང་བའི་ཞབས་དངོས་ཀྱི་ཕྲ་སྲིན་ཆུན་པོ་དེ་དག་ཐ་ཐོར་དུ་གནས་ལ་དབུས་ཀྱི་ཆ་ཤས་དེ་སྟུག་ཅིང་མགོ་ཙེར་ཐོག་ཁེབས་བཞིན་གནས་ཡོད།གཡོན་དངོས་ཀྱི་རི་མོ་དེ་ནི་སའི་གོ་ལའི་ཐོག་འཚར་ལོངས་བྱུང་བའི་ཕྲ་སྲིན་ཚོམ་བུ་སྟེ་ཕྲ་སྲིན་དེའི་མི་རེའི་འཚར་ལོངས་ཡོང་བའི་གྲངས་ཚད་ཀྱང་སྤྱིའི་ཆ་ནས་གཅིག་མཚུངས་ཡིན།  དེས་ན་སིའི་གོ་ལའི་ཐོག་འཚར་ལོངས་བྱུང་བའི་ཕྲ་སྲིན་དང་བར་ཁམས་ནང་འཚར་ལོངས་བྱུང་བའི་ཕྲ་སྲིན་གཉིས་བསྡུར་ན་བར་ཁམས་ནང་འཚར་ལོངས་བྱུང་བའི་ཕྲ་སྲིན་གྱི་བོངས་ཆེ་བ་ཡོད།

   དེ་འདྲའི་གཞུང་རྟ་--ཁེབས་ཀྱི་གྲུབ་ཚུལ་དེ་ཕྲ་སྲིན་གྱི་འགུལ་སྐྱོད་རང་བཞིན་གྱི་ཐག་གཅོད་ཀྱི་ཡོད།  དེ་ཡང་དང་ཐོག་ཁོ་ཚོས་ཀ་དབྱིབས་ཀྱི་མཐའ་འཁོར་དུ་རང་འདོད་ཀྱི་འགུལ་སྐྱོད་བྱེད་ཀྱི་ཡོད།  དེ་བཞིན་ཕྲ་སྲིན་གྱི་རེག་སྤུ་ཙ་འགོག་བཏང་རྗེས་ཕྲ་སྲིན་གྱི་འགུལ་སྐྱོད་རང་བཞིན་ལ་བཀག་འགོག་བཟོ་བ་མ་ཟད་ཕྲ་སྲིན་རྣམས་སའི་གོ་ལོའི་ཐོག་འགུལ་སྐྱོད་མེད་པའི་ཕྲ་སྲིན་བཞིན་ལྟར་པར་ཆགས་པ་ལས་ཀ་གཟུགས་ཀྱི་དབྱིབས་ཆགས་ཀྱི་མེད།   ཞིབ་འཇུག་མི་སྣས་ཤེས་གསལ་གཞུང་རྟ་དང་ཁེབས་ལྟ་བུའི་གྲུབ་ཚུལ་དེ་ཁོར་ཡུག་ཆུང་བའི་ནང་གི་ཕྲ་སྲིན་ཆུན་པོས་ཆགས་པ་ལས།  དེ་མིན་པའི་ཐ་ཐོར་གི་དབྱིབས་དེ་ཆགས་པ་མིན་།  དུས་མཚུངས་ཁོ་ཚོས་འཚོལ་ཞིབ་ལྟར་ན་དབྱང་རླུང་གར་ཚད་ཀྱི་སྐྱེ་དངོས་སྐྱི་མོའི་དབྱིབས་གཟུགས་གཏན་འཁེལ་ཐོག་ནུས་པ་ངེས་ཅན་ཐོན་གྱི་ཡོད་པ་རེད།

   སྐྱེ་དངོས་སྐྱི་མོས་བར་ཁམས་ནང་ལ་གལ་ཆེའི་མངོན་རྟགས་མཚོན་གྱི་ཡོད།  རྒྱུ་མཚན་གང་ལ་ཞེས་ན་སྐྱེ་དངོས་སྐྱི་མོ་རུལ་བཟོས་དང་འགག་པའི་རྐྱེན་མང་པོ་ཞིག་མི་རྣམས་ཀྱི་བར་སྣང་འཕུར་གྲུའི་ཐོག་ནས་མངོན་ཚུད་ཐུབ་པ་རེད།  དེ་ཡང་བར་ཁམས་ནང་དུ་འཚོ་བའི་འཇིག་རྟེན་འཕུར་སྐྱོད་མི་སྣའི་རིམས་འགོག་ནུས་ཤུགས་རིམ་གི་འགྲིབ་བཞིན་ཡོད་པས་སྐབས་དེ་དུས་ཕྲ་སྲིན་ཐོན་ན་ཁོ་ཚོའི་ཚེ་སྲོག་ལ་ཉེན་ཁ་ཚབ་ཆེན་ཡོད།  དེ་ཡང་ཞིབ་འཇུག་མི་སྣ་ཚོས་སྐྱེ་དངོས་སྐྱེ་མོས་ཇི་ལྟ་བྱས་ནས་བར་ཁམས་ཁོར་ཡུག་ནང་འཚོ་ཐུབ་མིན་ལ་ཞིབ་འཇུག་བྱེད་པར་དགའ་ལ་ཇི་ལྟར་བྱས་ནས་བར་ཁམས་ནང་གི་སྐྱེ་དངོས་སྐྱེ་མོ་འཇོམས་པའི་ཐོག་ལ་ཞིབ་འཇུག་བྱེད་པར་དགའ།

   རྩོམ་པ་པོའི་སྐོར།  རྩོམ་པ་པོ་S.E古尔德ནི་སྐྱེ་དངོས་ཕྲ་རབ་ལ་ཤིན་ཏུ་ནས་དགའ་ཞེན་ཆེ་བའི་སྐྱེ་དངོས་རྫས་འགྱུར་མཁས་ཅན་ཞིག་རེད།  ཁོང་ནི་ཙི་ཙི་དཀར་པོ་ཆུང་བའི་ལུས་ཐོག་ལ་ཕྲ་སྲིན་འཚོལ་ཞིབ་བྱེད་པར་བརྙེས་ཤིང་རྒྱུན་དུ་ནས་སྐྱེ་དངོས་ཕྲ་རབ་དང་འབྲེལ་བའི་རྩོམ་ཡིག་བལྟ་ཀློག་བྱེད་པ་ལ་བརྙེས་པོ་ཡོད།  ཁོང་སློབ་ཆེན་འཚོ་བ་དང་ཡོངས་སུ་ཁ་བྲལ་བ་ནས་བཟུང་ཅན་ཆའོ་མཐུན་གཉེར་ཁང་ཆུང་ཆུང་ཞིག་གི་ནང་དུ་གཙོ་བོ་གཞི་འཛིན་གྲངས་ཀ་རྣམས་ཡིག་ཆར་སྒྲིག་བཀོད་དང་སྤུས་ལེགས་ཀྱི་པ་རིས་བཟོ་བའི་འགན་འཁུར་གནང་གི་ཡོད།