ཟླ་མ་ཚང་གོང་སྐྱེ་བ་དང་མངལ་གནས་ཕྲུ་གུ་འཆི་བ་ནི་མངལ་ཆགས་སྐབས་སྦྲུམ་སྲིན་འགོས་པ་དང་འབྲེལ་བ་ཡོད།
སྤེལ་དུས།: 
2014-04-25 15

ལྟ་གྲངས།

31

 早产和死胎与怀孕期间的细菌感染有关ཟླ་མ་ཚང་གོང་སྐྱེ་བ་དང་མངལ་གནས་ཕྲུ་གུ་འཆི་བ་ནི་མངལ་ཆགས་སྐབས་སྦྲུམ་སྲིན་འགོས་པ་དང་འབྲེལ་བ་ཡོད། 

据3月19日发表在《美国医学会杂志》上的一则研究披露,对一项从2009-2012年间在英格兰和威尔士对感染了流感嗜血杆菌这种细菌的育龄妇女的监测研究中,怀孕与发生这种感染的较大风险有关,后者则与诸如早产和死胎等不良妊娠后果有关。

 དེ་ཡང་《ཨ་རིའི་གསོ་རིག་གྲོས་ཚོགས་དུས་དེབ་》ཐོག་སྤེལ་བའི་ཞིབ་འཇུག་ཅིག་གིས་ཁྱབ་བསྒྲགས་ལྟར་ན། སྤྱི་ལོ་༢༠༠༩ནས་༢༠༡༢གི་རིང་དབྱིན་གཱ་ལན་དང་ཝེར་ཧྲེ་ཡིས་ཆམ་རིམས་ཁྲག་ཞེན་དབྱུག་སྲིན་འགོས་པའི་བུད་མེད་ཕྲུ་གུ་བཙའ་རན་པའི་ན་སོར་སླེབས་པ་ཞིག་ལ་ཚོད་ཞིབ་བྱེད་རིང་། མངལ་ཆགས་པ་ནི་འགོ་ནད་དེ་འདྲ་བྱུང་བའི་ཉེན་ཁ་དང་འབྲེལ་བ་ཡོད་པ་རེད། ཕྱི་མ་དེ་ཟླ་མ་ཚང་གོང་ནས་སྐྱེ་བ་དང་མངལ་གནས་ཕྲུ་གུ་འཆི་བ་སོགས་སྦྲུམ་གི་རྗེས་འབྲས་ངན་པོ་དག་དང་འབྲེལ་བ་ཡོད།

流感嗜血杆菌可引起的疾病包括呼吸道感染。根据文章的背景资料,某些研究提示,在怀孕时罹患侵袭性流感嗜血杆菌性疾病的风险会增加,尽管这些情况所基于的病例数较少。

ཆམ་རིམས་ཁྲག་ཞེན་དབྱུག་སྲིན་ལས་བྱུང་སྲིད་པའི་ནད་རིགས་ཀྱི་ཁོངས་ལ་དབུགས་ལམ་གྱི་འགོས་ནད་ཚུད་ཡོད་། ཡིག་ཆའི་རྒྱབ་ལྗོངས་དཔྱད་གཞི་དང་ཞིབ་འཇུག་འགའི་གསལ་སྟོན་ལ་གཞིགས་ན།  མངལ་ཆགས་སྐབས་འཇབ་རྒོལ་རང་བཞིན་གྱི་ཆམ་རིམས་ཁྲག་ཞེན་དབྱུག་སྲིན་གྱི་ནད་གཞི་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་ཞིང་། མ་གཞི་གནས་ཚུལ་དེ་འདྲ་བའི་ནད་གཞི་ཅུང་ཉུང་མོད།

伦敦英国公共卫生的Sarah Collins, M.P.H.及其同事在一个为期4年的时期中对育龄期妇女中的侵袭性流感嗜血杆菌疾病进行了调查。该研究包括了来自英国公共卫生的数据,该机构对英格兰和威尔士的侵袭性流感嗜血杆菌疾病开展了强化的全国性监测。在2009-2012年间治疗患有实验室确诊的侵入性流感嗜血杆菌疾病的15-44岁妇女的全科医生被要求在病人感染3个月后完成一个临床问卷。

ལུན་ཏུན་དབྱིན་ཇིའི་སྤྱི་པའི་འཕྲོད་བསྟེན་གྱི་Sarah Collins, M.P.H.དང་ཁོང་གི་ལས་རོགས་ཀྱིས་དུས་ཡུན་ལོ་༤ཡི་རིང་སྐྱེ་རན་པའི་ན་སོར་སླེབས་པའི་བུད་མེད་ཀྱི་འཇབ་རྒོལ་རང་བཞིན་གྱི་ཆམ་རིམས་ཁྲག་ཞེན་དབྱུག་སྲིན་གྱི་ནད་རིགས་ལ་བརྟག་དཔྱད་བྱས་ཤིང་། ཞིབ་འཇུག་དེར་དབྱིན་ཇིའི་སྤྱི་པའི་འཕྲོད་བསྟེན་གྱི་གཞི་གྲངས་ཀྱང་ཚུད་ཡོད་ལ། ལས་ཁུངས་དེས་དབྱིན་གཱ་ལན་དང་ཝེར་ཧྲེ་ཡི་འཇབ་རྒོལ་རང་བཞིན་གྱི་ཆམ་རིམས་ཁྲག་ཞེན་དབྱུག་སྲིན་གྱི་ནད་ལ་རྒྱལ་ཡོངས་རང་བཞིན་གྱི་ལྟ་ཞིབ་ཤུགས་ཆེན་པོ་བྱས་ཡོད། ༢༠༠༩ནས་༢༠༡༢ལོའི་རིང་ཚོད་ལྟ་ཁང་ནས་གཏན་འཁེལ་བྱས་པའི་འཇབ་རྒོལ་རང་བཞིན་གྱི་ཆམ་རིམས་ཁྲག་ཞེན་དབྱུག་སྲིན་གྱི་ནད་གཞི་ཕོག་པའི་བུད་མེད་ལོ་༡༥ནས་༤༤བར་ཡིན་པར་སྨན་བཅོས་བྱེད་མཁན་གྱི་སྨན་པ་རྣམས་ལ་ནད་པར་ནད་གཞི་འགོས་ནས་ཟླ་གསུམ་གྱི་རྗེས་ལ་ནད་ཐོག་གྱི་དྲི་བར་ལན་རྒྱག་རྒྱུའི་རེ་བ་གཏོན་ཡོད་པ་རེད།

实验室确诊的侵袭性流感嗜血杆菌疾病的发生率是很低的——为10万分之0.50(171名妇女)。怀孕妇女之所以有着较高的感染风险主要是因为她们得的是无荚膜(一种类型的菌株)流感嗜血杆菌疾病。在怀孕头24周中的这一感染与胎儿流产(93.6%)和极度早产(6.4%)有关。在怀孕后半期中的无荚膜流感嗜血杆菌感染与28个病例中的28.6%的早产及7.1%的死胎有关。除了严重感染之外,这些婴儿还有发生早产儿长期并发症的风险。在侵入性流感嗜血杆菌疾病后发生流产要比英国的全国平均水平高2.9倍。

ཚོད་ལྟ་ཁང་ནས་གཏན་འཁེལ་བྱས་པའི་འཇབ་རྒོལ་རང་བཞིན་གྱི་ཆམ་རིམས་ཁྲག་ཞེན་དབྱུག་སྲིན་གྱི་ནད་རིགས་ཕོག་ཚད་ནི་ཤིན་ཏུ་དམའ་སྟེ། ཁྲི་༡༠ཡི་དཔྱ་༠.༥རེད།(བུད་མེད་༡༧༡གི་ནང་།)མངལ་ཡོད་པའི་བུད་མེད་ལ་འགོ་བའི་ཉེན་ཁ་ཆེན་པོ་དེ་འདྲ་ཡོད་པའི་རྒྱུ་མཚན་གཅོ་བོ་ནི་ཁོང་ཚོར་ཕོག་པ་དེ་ཤུན་པགས་མེད་པའི་(སྲིན་རིགས་ཤིག)ཆམ་རིམས་ཁྲག་ཞེན་དབྱུག་སྲིན་གི་ནད་གཞི་ཡིན་པས་ཡིན། མངལ་འཁོར་ཙམ་ནས་གཟའ་འཁོར་༢༤ཡི་ནང་སྲིན་འབུ་འགོས་པ་དེ་ནི་མངལ་གི་ཕྲུ་གུ་ཤོར་བ་(༩༣.༦%)དང་ཟླ་མ་ཚང་གོང་སྐྱེ་བ་(༦.༤%)སོགས་དང་འབྲེལ་བ་ཡོད་ཅིང་། མངལ་འཁོར་བའི་དུས་སྐབས་ཕྱི་མར་ཤུན་པགས་མེད་པའི་ཆམ་རིམས་ཁྲག་ཞེན་དབྱུག་སྲིན་འགོས་པ་དེ་ནི་ནད་པ་༢༨ནང་དུ་28.6%གི་ཟླ་མ་ཚང་གོང་སྐྱེ་བ་དང་༧.༡%གི་མངལ་གནས་ཕྲུ་གུ་འཆི་བ་བཅས་དང་འབྲེལ་བ་ཡོད། འཇབ་རྒོལ་རང་བཞིན་གྱི་ཆམ་རིམས་ཁྲག་ཞེན་དབྱུག་སྲིན་གྱི་ནད་གཞི་ཕོག་རྗེས་སུ་ཕྲུ་གུ་ཤོར་བ་ནི་དབྱིན་ཇིའི་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ལས་ལྡབ་༢.༩ཡིས་མཐོ་བ་ཡོད།

文章的作者写道,几乎所有的感染都与流产、死胎或早产有关的发现为人们提供了孕妇感染的严重性的证据。侵袭性流感嗜血杆菌疾病在没有怀孕的妇女中也是一种需要住院并在恰当的微生物学研究之后进行静脉内抗菌素注射及密切监测的严重感染,特别是考虑到在这一调查中的超过一半的没有怀孕的妇女患有一种并发的内科疾病。

རྩོམ་པ་པོས་བྲིས་དོན། ཧ་ལམ་འགོས་ནད་ཡོངས་རྫོགས་དང་ཕྲུ་གུ་ཤོར་བ། མངལ་གནས་ཕྲུ་གུ་འཆི་བའམ་ཡང་ན་ཟླ་མ་ཚང་གོང་སྐྱེ་བ་སོགས་དང་འབྲེལ་བའི་གསལ་རྟོགས་དག་གིས་མི་རྣམས་ལ་མངལ་ཡོད་པའི་བུད་མེད་ལ་སྲིན་འབུ་འགོ་བའི་ཉེན་ཚབ་རང་བཞིན་གྱི་དཔང་རྟགས་མང་པོ་འཁོ་འདོན་བྱས་ཡོད། འཇབ་རྒོལ་རང་བཞིན་གྱི་ཆམ་རིམས་ཁྲག་ཞེན་དབྱུག་སྲིན་གྱི་ནད་གཞི་དེ་མངལ་མ་འཁོར་བའི་བུད་མེད་ཁྲོད་དུའང་སྨན་ཁང་དུ་བསྡད་ནས་འོས་འཚམ་གྱི་སྐྱེ་དངོས་ཕྲ་རབ་རིག་པའི་ཞིབ་འཇུག་བྱས་རྗེས་སྡོད་རྩར་དུག་སྲིན་འགོག་སྨན་གྱི་སྨན་ཁབ་རྒྱག་དགོས་ཤིང་དམ་ཟབ་ངང་ལྟ་ཞིབ་བྱེད་དགོས་པའི་འགོས་ནད་ཚབ་ཆེན་གྱི་རིགས་ཤིག་རེད། ལྷག་པར་དུ་བརྟག་དཔྱད་དེའི་ནང་ཕྱེད་ཀ་ལྷག་ལྷག་གི་མངལ་མེད་པའི་བུད་མེད་དག་ལ་མཉམ་བྱུང་གི་ཁོག་ནད་ཅིག་ཕོག་ཡོད་པར་བསམ་གཞིགས་བྱེད་དགོས་ཡོད།

研究人员指出,在这项研究中所报告的总体估计比率应被视作为最低值,因为只有实验室确诊的侵袭病例得到了随访。

ཞིབ་འཇུག་པས་བསྟན་དོན། ཞིབ་འཇུག་དེའི་ནང་སྙན་ཞུའི་སྤྱིའི་ཚོད་དཔག་གྱི་ཚད་དེ་ཚད་དམའ་ཤོས་སུ་ངོས་འཛིན་དགོས། རྒྱུ་མཚན་ནི་བརྟག་དཔྱད་བྱེད་སའི་འཇབ་རྒོལ་ནད་གཞི་དེ་དག་ནི་ཚོད་ལྟ་ཁང་གིས་གཏན་འཁེལ་བྱས་པ་གཅིག་པུ་ཡིན་པས་སོ།།