རྩིས་རིག་མཁས་པ། ཨན་ཊི་རེ•མཱར་ཁོ་ཝུAndrey Markov
ཡིག་སྒྱུར།: 
ཞུ་དག།: 
སྤེལ་དུས།: 
2014-04-25 15

ལྟ་གྲངས།

57

     ཨན་ཊི་རེ·མཱར་ཁོ་ཝུ(Andrey Markov)ནི།  ཕྱི་ལོ1856ལོའི་ཟླ་བ6པའི་ཚེས14ཉིན་རཱ་ཡ་བཙན(Ryazan)དུ་སྐུ་འཁྲུངས། 1922ལོའི་ཟླ་7ཚེས་20ཉིན་སཱིན་ཕེ་ཏེར་བྷུར་གྷི(St.Petersburg)རུ་དགོངས་པ་རྫོགས། 1874ལོར་སཱིན་ཕེ་ཏེར་བྷུར་གྷི་སློབ་ཆེན(St.Petersburg University)དུ་བཞུགས་ཤིངP.L.ཆལ་སྦི་ཞོལ་ཧྥུ་ཡིས་ཤུགས་རྐྱེན་ཟབ་མོ་ཐེབས།1878ལོར་སློབ་གྲྭ་ནས་ཐོན་ཏེ་<<འབྲེལ་གྲངས་ཆ་བེད་སྤྱད་ནས་འགྱུར་གྲངས་ཀྱི་བར་ཁྱད་མཉམ་བྱའི་རྩིས་གཞིའི་ཧྲིལ་པོ་འཚོལ་བ།>>ཞེས་པའི་གྲངས་རིག་རྩོམ་ཡིག་སྤེལ་ཏེ་གསེར་བྱང་གི་བྱ་དགའ་ཐོབ། ལོ་གཉིས་རྗེས་ལ་རབ་འབྱམས་པའི(master)སློབ་རིམ་ཐོབ་ཞིང་ སཱིན་ཕེ་ཏེར་བྷུར་གྷི་སློབ་ཆེན་གྱི་སློབ་དཔོན་གཞོན་པ་བྱས། ཕྱི་ལོ1884ལོར་དངོས་ལུགས་དང་རྩིས་རིག་གི་རབ་འབྱམས་པའི་བསླབ་གནས་ཐོབ་ཅིང་།  1886ལོར་སློབ་གྲྭ་དེ་གའི་སློབ་དཔོན་བྱས། ཕྱི་ལོ1896ལོ་ནས་སཱིན་ཕེ་ཏེར་བྷུར་གྷི་ཚན་རིག་ཁང་གི་གཙུག་ལག་རབ་འབྱམས་པར་བདམས་ཤིང་ཕྱི་ལོ1905ལོར་འབྲས་ལྡན་སློབ་དཔོན་གྱི་མཚན་སྙན་ཐོབ་པ་རེད།

   མཱར་ཁོ་ཝུ་ནི་ཧྥི་ཏ་པའོ་རྩིས་རིག་རིག་གཞུང་མཚོན་པའི་མི་སྣ་ཞིག་རེད། གཙོ་བོ་འབྱུང་སྲིད་པའི་རང་བཞིན་དང་རྣམ་གྲངས་རིག་པའི་ཐད་ལ་ཞིབ་འཇུག་གནང་ཞིང་། ཁོང་གིས་ཞིབ་འཇུག་བྱས་ནས་ངེས་མེད་འབྱུང་རིམ་ཞེས་པའི་བར་སྟོང་གསར་པ་ཞིག་བཙུགས་ཤིང་ཁོང་རང་ཉིད་ཀྱི་མཚན་གྱིས་མཱར་ཁོ་ཝུ་དེང་རབས་འཆར་གཞི་ཞེས་མིང་བཏགས་པས་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་ཁྱབ་ཁོངས་སུ་སྤྱོད་སྒོ་ཆེན་པོ་བྱུང་ཡོད་ཅིང་།    ཁོང་གི་ཚབ་མཚོན་གསུང་རྩོམ་ལ《འབྱུང་སྲིད་པའི་རང་བཞིན་རྩིས་གཞི》བྱའོ༎ ཨང་ཀིའི་རིག་གཞུང་ཐོག་ན། ཁོང་གིས་འབྲེལ་གྲངས་ཆ་དང་གྲུ་བཞིའི་སྙོམ་རྩིས་རྩིས་ཕྲེང་གཞུང་ལུགས་ལ་ཞིབ་འཇུག་བྱས་ཤིང་དཀའ་ཚེགས་ཆེ་བའི་གནད་དོན་མང་པོ་ཐག་གིས་གཅོད་ཐུབ་པར་གྱུར།  འབྱུང་སྲིད་པའི་རང་བཞིན་གླེང་བའི་ཁྲོད། ཁོང་གི་གལ་གནད་ཚོད་དཔག་གི་ཐབས་ལམ་འཕེལ་རྒྱས་བཏང་ཞིང་གྲངས་ཆེན་ཁྲིམས་སྲོལ་དང་དབུས་མའི་འགག་མཚམས་རྣམ་བཞག་གི་བེད་སྤྱོད་རྒྱ་ཆེ་རུ་བཏང་བ་དང་ཆེས་གལ་ཆེ་བའི་ཉམས་ཞིབ་གྲུབ་འབྲས་རྣམས1906ནས1912བར་ལེགས་གྲུབ།  ཁོང་གིས་རྩིས་རིག་དབྱེ་ཞིབ་བེད་སྤྱོད་བྱས་ནས་རང་བྱུང་གི་བྱུང་རིམ་ལ་ཞིབ་འཇུག་བྱ་བའི་འཆར་རིས“མཱར་ཁོ་ཝུ་བརྒྱུད”ཞེས་པ་དེ་གསར་གཏོད་གནང་ཞིན་། དེ་དང་ལྷན་དུ་རྗེས་ནུས་མེད་པའི་ངེས་མེད་བྱུང་རིམ་ཏེ་མཱར་ཁོ་ཝུའི་བྱུང་རིམ་ཞིབ་འཇུག་གསར་དུ་བཏོད་པར་གྱུར། མཱར་ཁོ་ཝུས་ལྟ་ཞིབ་དང་ཚོད་ལྟ་མང་པོ་བྱས་ནས་མ་ལག་ཞིག་གི་གནས་སྟངས་འགྱུར་བ་འགྲོ་བའི་གོ་རིམ་ནང་ཐེངསnཔ་འགྱུར་བ་བྱུང་བ་ལས་ཐོབ་པའི་གནས་སྟངས་དེས་ཐེངས་གོང་མའི(ཐེངས་(n-1))ཚོད་ལྟའི་འཇུག་འབྲས་གཏན་འཁེལ་བྱེད་ཐུབ་པ་གསལ་རྟོགས་བྱུང་།མཱར་ཁོ་ཝུས་ཞིབ་འཇུག་གཏིང་ཟབ་བྱས་ནས་འཛུབ་སྟོན་བྱས་པའི་མ་ལག་ཞིག་ནི།  གནས་སྟངས་གཅིག་ནས་གནས་སྟངས་གཞན་ཞིག་ལ་འགྱུར་བའི་བྱུང་རིམ་ནང་།  འགྱུར་བ་འབྱུང་སྲིད་པའི་རང་བཞིན་ཆགས་ཡོད་པ་མ་ཟད་འགྱུར་བ་འབྱུང་སྲིད་པའི་རང་བཞིན་དེ་དེ་དང་ཉེ་བའི་གོང་གི་གནས་སྟངས་དེར་བརྟེན་ནས་ཚོད་དཔག་བྱེད་ཐུབ་པ་ཞིག་ཡིན་པ་དང་མ་ལག་ཐོག་མའི་གནས་སྟངས་དང་འགྱུར་བ་མ་བྱུང་གོང་གི་མཱར་ཁོ་ཝུའི་བྱུང་རིམ་དང་འབྲེལ་བ་མེད་པ་དེའོ༎      དེང་སང་།  མཱར་ཁོ་ཝུའི་བརྒྱུད་ཀྱི་གནས་ལུགས་དང་ཐབས་ཤེས་ནི་རྒྱ་ཆེའི་རང་བྱུང་ཚན་རིག་དང་བཟོ་བསྐྲུན་ལག་རྩལ།  དེ་བཞིན་སྤྱི་སྤྱོད་ལས་རིགས་གཞན་གྱི་ནང་དུ་བེད་སྤྱོད་བྱ་བཞིན་ཡོད་དོ༎