གང་ཞིག་ལ་ཚན་རིག་ཟེར།
རྩོམ་མཁན།: 
སྤེལ་དུས།: 
2014-04-25 16

ལྟ་གྲངས།

23

ཧྥང་ཀྲུ་ཙེ་(方子舟)མིང་དངོས་ཧྥང་ཧྲེ་མིང་།(方是民)༡༩༦༧ལོའི་ཟླ་བ་༩པར་ཧྥུ་ཅན་ཡུན་ཤཱའོ་རྫོང་(福建云霄县)དུ་སྐྱེས།༡༩༨༥ལོར་ཀྲུང་གོ་ཚན་རྩལ་སློབ་ཆེན་སྐྱེད་དངོས་ཚན་ཁག་དུ་རྒྱུག་ལོན། ༡༩༩༠ལོར་དངོས་གཞིའི་སློབ་མ་ཐོན་རྗེས་ཨ་རིར་སློབ་སྦྱོང་ལ་ཕྱིན། ༡༩༩༥ལོར་ཨ་རིའི་མི་ཆེ་ཀཱན་ཀྲུའུ་ལི་(MichiganState)སློབ་ཆེན་སྐྱེས་དངོས་རྫས་འགྱུར་འབུམ་རམས་པའི་མིང་བཏགས་ཐོབ། སྔ་རྗེས་སུ་ལོ་ཆས་སེ་ཐ་(Rochester)སློབ་ཆེན་སྐྱེས་དངོས་ཚན་ཁག་དང་སོ་འ་ཁ་(Salk)སྐྱེས་དངོས་ཞིབ་འཇུག་གླིང་དུ་འབུམ་རམས་པའི་རྗེས་ཀྱི་ཞིབ་འཇུག་བྱས། ཞིབ་འཇུག་ཁ་ཕྱོགས་ནི་འདུས་རྡུལ་རྒྱུད་འཛིན་རིག་པ་ཡིན། ད་ལྟ་ཨ་རིའི་ཅཱ་ལི་ཧྥུ་ནི་ཡཱ་ཀྲུ་རུ་(加利福尼亚州)བཞུགས་ལ་འབྲེལ་དྲའི་གསར་སྤེལ་དང་རྩོམ་འབྲི །ཞོར་དུ་ཨ་རིའི་སྐྱེས་དངོས་གནས་ཚུལ་ཀུང་སིའི་བློ་འདྲིའི་ཚན་རིག་མཁས་ཅན་གྱི་གོ་ནས་ཟིན་གྱི་ཡོད། རྒྱ་ཡིག་འབྲེལ་དྲའི་སྔོན་བྱོན་པའི་ཡ་གྱལ་གཅིག ༡༩༩༤ལོར་འཛམ་གླིང་ཐོག་གི་རྒྱ་ཡིག་དྲ་བའི་རྩོམ་རིག་དུས་དེབ་དང་པོ་《ཤིན་ཡུས་སེ་》《新语丝》གསར་འཛུགས་བྱས་ལ། ཤིན་ཡུས་སེ་དྲ་ཚིགས་གཙོ་སྐྱོང་བྱས་ནས་ཤིན་ཡུས་སེ་ཚོགས་པའི་ཚོགས་མགོ་གནང་། ༢༠༠༠ལོར་རྒྱ་ཡིག་དྲ་ཐོག་རིག་རྩལ་རྫུན་རྟོལ་དྲ་ཚིགས་དང་པོ་“གན་འཛིན་དཔང་ཉར”གསར་འཛུགས་བྱས་ནས་ཚན་རིག་ཁམས་དང་གསར་འགྱུར་ཁམས་སོགས་ཀྱི་རིག་རྩལ་ངན་རུལ་སྣང་ཚུལ་མང་དག་ཞིག་དམར་རྗེན་དུ་བཏོན། དེ་སྔོན་ཨ་རིའི་《ཚན་རིག》《科学》ལས་ཆེད་རྩོམ་ངོ་སྤྲོད་བྱས། ད་ལྟ་དུས་ངེས་ཅན་གྱི་《ལྷོ་ཕྱོགས་གཟའ་འཇུག》དང་《ཚན་རིག་འཛམ་གླིང》《科学世界》《འཛམ་གླིང་ཟླ་ཕྱེད་དུས་དེབ》《环球半月刊》སོགས་གི་ཚན་རིག་ཚན་བྱང་ལ་རྩོམ་ཡིག་འབྲི་གི་ཡོད།

སློབ་ཐིང་གིས་ཅཱ་ལི་ལོས་(伽利略)ཡིས་ཆེད་དུ་ལྡོག་སྙོམས་བྱས་པ་ནས་ཟུང།ཅཱ་ལི་ལོས་སྤྱི་སྨོན་གྱི་དཔའ་བོ་ཞིག་ལ་འགྱུར། ཚན་རིག་རྫུན་མ་ལ་རྩེད་པའི་མི་རྣམས་ཀྱང་རང་ཉིད་ཅཱ་ལི་ལོས་རུ་འཛིན་པར་སྤྲོ། ལྷས་སྐྲུན་པ་སྨྲ་བ་རྣམས་ཀྱིས་ཀྱང་ང་ཚོ་སྔོན་དུས་ཀྱི་ཅཱ་ལི་ལོས་དང་འདྲ་ཞེས་བཤད་ཀྱི་ཡོད། མོ་པ་ཚོ་ཡང་སྲོག་བརྩི་བ་ནི་ཚན་རིག་དང་མི་ཐུན་པར་འཛིན་རྐྱེན་རླུང་རབ་དུ་ལངས་ཡོད། ཅཱ་ལི་ལོས་ལ་སློབ་ཐིང་གིས་མནར་གཅོད་ཕོག་པ་དང་འདྲ་བར་བཤད་སྲོལ་ཡོད། ཚན་རིག་གི་རྒྱལ་ཁའི་ལོ་རྒྱུས་དོན་དངོས་ཤིག་གློ་བུར་དུ་ཚན་རིག་ལ་ལྡོག་པའི་ཁ་གཡར་སར་སྒྱུར། མིའི་རིགས་གི་བསམ་བློ་ནི་དངོས་གནས་བློ་ཡུལ་ལས་འདས་པ་ཞིག་རེད།

ཚན་རིག་ནི་ཅ་དངོས་ཡག་པོ་ཞིག་རེད། དོན་གང་ཡིན་རུང་ལ་ཚན་རིག་གི་ཤོག་བྱང་སྦྱར་ཐུབ་ན་གོང་ཚད་ལྡབ་བརྒྱར་འཕེལ་བ་ལྟར། “ཚན་རིག་གི་ལྷས་སྐྲུན་སྨྲ་བ”ནི་ཡེ་ཤུ་ཆོས་དད་པ་ཚོའི་ཁྲོད་ཁྲོམ་ར་ཡོད་པ་ཞིག་རེད། ཡིན་ཡང་ཚན་རིག་གི་སྲོག་བརྩི་བ་ནི་གསར་སྲོལ་གྱི་དངོས་པོ་མ་ཡིན། ང་ཚོའི་མེས་པོ་རྣམས་ཀྱིས་མིའི་རིགས་ཀྱི་ཤེས་རྨོངས་དུས་སྐབས་སུ་གཏོད་པའི་མཚན་ཉིད་རིག་པ་ཞིག་ལ་ཚན་རིག་གི་ཕྱི་ཤུབས་གཡོགདགོས་ལ་དཀའ་བ་ཡང་མང་པོ་མི་དགོས་ཏེ། ཀྲུང་གོའི་ཚན་རིག་དཔོན་པོ་མང་དག་ཞིག་གིས་ཁོ་ཚོར་རམ་འདེགས་བྱེད་བཞིན་ཡོད། དེས་མ་ཚད་ཡུལ་སྐོར་ཁྲམ་པ་ཁྱུ་ནས་ཁྱུ་ཡང་རྫིག་རྫིག་རྔམ་རྔམ་ངང་ཀྲུང་གོའི་མཐོ་རིམ་སློབ་གྲའི་ནང་་སྤྱི་དམངས་གཉིད་ཡུར་གྱི་ཁྲབ་སྟོན་བྱེད་པར་གདན་དྲངས། འདི་ནི་དུས་རབ་གོང་མའི་ཀྲུང་གོའི་ཚན་རིག་ཁོངས་གི་ཡ་མཚན་ཅན་གྱི་སྣང་ཚུལ་ཞིག་རེད།

འོན་ཀྱང་གཞུང་ལུགས་ཞིག་ཚན་རིག་དང་ཐུན་མིན་དང་། འཛམ་གླིང་ཡོངས་ཀྱི་ཚན་རིག་ཁམས་ཀྱིས་ཁས་ལེན་མིན་ནི། ཀྲུང་གོའི་ཚན་རིག་དཔོན་པོས་ཁ་ལོ་སྒྱུར་ཐུབ་པ་ཞིག་གཏན་ནས་མ་ཡིན།ད་ལྟའི་ཚན་རིག་རིག་པས་ཡོངས་ཁྱབ་ཏུ་ཁས་ལེན་པ་ནི། གཞུང་ལུགས་ཞིག་ཚན་རིག་དང་ཐུན་མིན་བརྡར་ཤ་གཅད་དགོས་ན། དེ་གཏན་ཚིགས་དང་ཉམས་མྱོང། སྤྱི་ཚོགས་རིག་པ། ལོ་རྒྱུས་བཅས་ཚད་གཞི་བཞིའི་ནང་གཅིག་ཆད་ཀྱང་མི་འགྲིག་སྟེ། ཞིབ་ཕྲར་བཤད་ན།

གཏན་ཚིགས་གི་ཐོག་ནས་བཤད་ན། ཁོར་ངེས་པར་དུ་

༡ ཨོ་ཁཱ་མོ་བཞར་གྲིའི་རྩ་དོན་(奥卡姆剃刀原理)དང་ཐུན་པ་དགོས། དེའང་ངེས་པར་དུ་ཁ་གསལ་མདོར་བསྡུས་ལས་ཉོག་རྫིང་ཡོད་མི་རུང་ལ་འོས་ཚོད་དང་ཆ་རྐྱེན་མང་པོ་ཁོངས་སུ་ཆུད་མེད། རྗེས་ཀྱི་ཕམ་ཉེས་ལ་ཕྱི་ཐུད་ཀྱི་ལམ་ཞིག་འཇོག་དགོས།

 ༢ དེ་ནི་རང་མཐུན་ཡིན་ཏེ། སྐབས་རེ་སྔོན་ལ་སྲོག་ཆགས་བཟོས་རྗེས་མི་བཟོས་པ་དང་། སྐབས་རེ་སྔོན་ལ་མི་བཟོས་རྗེས་སྲོག་ཆགས་བཟོས་པ་ལྟར་བཤད་མི་རུང།

༣ ཡོངས་ཁྱབ་མིན་པ་ར་སྤྲོད་ཐུབ་པ་དགོས་སྟེ། ཆ་རྐྱེན་གང་འདྲ་ཞིག་གི་འོག་དུའང་ནམ་ཡང་ཡང་དག་པ་ཡིན་མི་ཆོག་ལ། བཟོ་བཅོས་གཏི་འབྲུ་ཙམ་ཡང་བྱེད་མི་རུང་བའི་ཁྱད་ཆོས་ཡོད་མི་ཆོག

༤ཁ་གསལ་གྱི་བེད་སྤྱོད་ཁྱབ་ཁོངས་ཡོད། ཆ་རྐྱེན་དང་ཁྱབ་ཁོངས་ངེས་ཅན་ནང་བེད་སྤྱད་ཆོག་པ་ལས་འཇིག་རྟེན་བྱ་བ་ཐམས་ཅད་ལ་སྤྱད་ཆོག་པ་མིན།

ཉམས་མྱོང་གི་སྟེང་ནས་བཤད་ན། དེར་ངེས་པར་དུ་

༡གཞན་གྱིས་ཞིབ་དཔྱད་ཆོག་པའི་སྔོན་དཔག་དགོས་པ་ལས། མཛེས་སྡུག་ལྡན་པའི་སྟོང་བསམ་ཞིག་མ་ཡིན།

༢དོན་དངོས་ཐོག་གཞན་གྱིས་ར་སྤྲོད་བྱས་ཟིན་པའི་སྔོན་དཔག་ཡོད་དགོས། དེ་ཡང་ཚན་རིག་གཞུང་ལུགས་ཞིག་གཞན་གྱིས་མ་དག་པར་ར་སྤྲོད་བྱེད་པ་ཁོ་ན་མི་རུང་། གཞན་གྱིས་ར་སྤྲོད་བྱེད་མ་མྱོང་ན་དེ་འདྲའི་གཞུང་ལུགས་ནི་ནུས་མེད་ཡིན།

༣ མཐའ་འབྲས་ཡང་ཟློས་བྱས་ཆོག་པ་ལས། ཐོ་བ་ཅིག་གི་ཉོ་ཚོང་མིན་པའམ་ཡང་ན་ཚོང་ཁང་དེ་རང་ལས་ཡན་ལག་ཚོང་ཁང་གཞན་མེད་པ་དེ་འདྲ་མིན་ལ། རང་མི་གཅིག་ལ་ཐོབ་པའི་འབྲས་བུ་དེ་ཞིབ་འཇུག་པ་གཞན་ལ་སྐྱར་ཟློས་མི་ཐུབ་ཅིང་། ད་དུང་མི་གཞན་གྱི་འཇོན་ཐང་རང་ལ་འགྲན་མི་ནུས་ཞེས་བཤོད་ཀྱི་ཡོད་པ་དེ་འདྲ་ཡང་མིན།

༤གཞི་གྲངས་གི་དངོས་མིན་ཉམས་ལེན་ལ་ངེས་གཏན་གྱི་ཚད་གཞི་ཡོད། གང་འདྲ་ནི་རྒྱུན་ལྡན་གྱི་སྣང་ཚུལ་དང་། གང་འདྲ་ནི་རྒྱུན་སྲོལ་དང་མི་ཐུན་པ། གང་འདྲ་ནི་རྒྱུད་རིམ་བར་ཁྱད་དང་གང་འདྲ་ནི་ཐོལ་བྱུང་གི་བར་ཁྱད་བཅས་ཚང་མ་ཁ་གསལ་གོ་གསལ་དུ་དབྱེ་བ་འབྱེད་དགོས་པ་ལས་རང་ཉིད་ཀྱི་དགོས་མཁོ་ལ་ལྟོས་ནས་འབྲས་བུར་རང་དགར་འབྲེལ་བཤད་བྱས་མི་ཆོག།

སྤྱི་ཚོགས་རིག་པའི་ཐོག་ནས་བཤད་ན། དེར་ངེས་པར་དུ་

༡ཤེས་ཟིན་པའི་དྲི་བ་དག་སེལ་ཐུབ་པ་དགོས། གལ་སྲིད་དེ་ཡང་གྲུབ་མ་ཐུབ་ན་གཞུང་ལུགས་དེ་འདྲ་གནས་པའི་དགོས་མཁོ་གང་ཡང་མེད།

༢ཚན་རིག་མཁས་ཅན་རྣམས་ཀྱིས་མུ་མཐུད་ཞིབ་འཇུག་བྱས་ཆོག་པའི་དྲི་བ་གསར་པ་དང་། དྲི་བ་དེ་དག་སེལ་བའི་འདྲ་དཔེ་འདོན་དགོས། དེའང་ཁོར་འབྲེལ་བཤད་ཡོད་དགོས་པ་མ་ཟད་ད་དུང་སྔོན་དཔག་ཀྱང་ཡོད་དགོས། དེ་ལྟར་མ་བྱུང་ན་བེད་སྤྱོད་གང་ཡང་མེད།

༣གོ་དོན་གྱི་མཚན་ཉིད་མཁོ་འདོན་བྱེད་ལ། ངེས་པར་དུ་དོན་དངོས་ཐོག་ལག་ལེན་ཐུབ་པ་ཞིག་དགོས། “རླུང་སྒོམ་ར་བ”དང“གནམ་དང་མིའི་ཚོར་འདུ”ལྟ་བུའི་བཅོས་མ་རྫུན་སྒྲིག་དང་གནད་དོན་ཐག་ཅོད་བྱེད་པར་རོགས་རམ་གང་ཡང་མེད་པའི་མཚན་ཉིད་རྫུན་མ་དག་མིན།

ལོ་རྒྱུས་གྱི་ཐོག་ནས་བཤད་ན། དེར་ངེས་པར་དུ

༡གཞུང་ལུགས་རྙིང་པ་རྣམས་ཀྱིས་འབྲེལ་བཤད་ཟིན་པའི་གཞི་གྲངས་ཚང་མར་འབྲེལ་བཤད་བྱེད་དགོས་པ་ཏེ། རང་རང་ལ་ཕན་ཐོག་པའི་གཞི་གྲངས་ཁོ་ནར་འབྲེལ་བཤད་བྱས་ཏེ་རང་ལ་མི་བདེ་བའི་གཞི་གྲངས་རྣམས་སྣང་མིན་དུ་གཏོང་མི་རུང། དེ་ལྟར་མིན་ན་དེས་གཞུང་ལུགས་རྙིང་པར་འགྲན་མི་ནུས།  མོ་དག་པོ་ག་ཚོད་དང་གསོལ་སྨོན་ནུས་པ་ཇི་འདྲ་བཟང་བར་སྒྲོག་སྤེལ་བྱེད་མཁན་ཚོས་རྒྱུན་སྤྱོད་གྱི་གཡོ་ཐབས་ནི་སྟབས་འཁེལ་གྱི་ལེགས་གྲུབ་དེ་འཁྱེར་ནས་ཧམ་པ་ཆེན་པོས་སྒྲོག་སྤེལ་བྱེད་པ་ལས་གྲངས་ལས་འདས་པའི་ཕམ་པའི་དཔེ་མཚོན་སྦས་སང་བྱས་ཡོད།

༢ནུས་ལྡན་གྱི་མཉམ་འགྲོའི་གཞུང་ལུགས་གཞན་དང་ཕན་ཚུན་མཉམ་གནས་བྱེད་དགོས་པ་ལས་གཞུང་ལུགས་གཞན་རྣམས་ལ་སྣང་མེད་དུ་གཏོང་མི་ཉན། དཔེར་ན་གལ་ཏེ་“ཚན་རིག་གི་ལྷས་སྐྲུན་སྨྲ་བ”ཡིས་ འཕེལ་རིམ་སྨྲ་བ་ལྟ་བུའི་གཞུང་ལུགས་རྙིང་པའི་ཚབ་བྱེད་འདོད་ན། འཕེལ་རིམ་སྨྲ་བས་འབྲེལ་བཤད་ཟིན་པའི་གཞི་གྲངས་ཚང་མར་འབྲེལ་བཤད་བྱེད་དགོས་པ་མ་ཟད། ད་དུང་འཕེལ་རིམ་སྨྲ་བ་དང་ཕན་ཚུན་ཧ་ཅང་མཐུན་པའི་དེང་རབས་སྐྱེས་དངོས་རིག་པའི་རིག་གནས་གཞན་དག་དང་། གནམ་དཔྱད་རིག་པ། ས་གཤིས་རིག་པ། དངོས་ཁམས་རིག་པ། རྫས་འགྱུར་རིག་པ་བཅས་ཀྱི་འབྲས་བུ་ལ་ཁ་ཡ་མི་བྱེད་པ་མི་རུང་། དེ་བཞིན་མི་ལ་ལས་“རླུང་སྒོམ་ཚན་རིག”ནི་རྩེར་སོན་ཚན་རིག་ཏུ་བཤད། དེ་འདྲ་ཡིན་འདོད་ན། དེར་དེང་རབས་སྨན་རིག་གི་ཞིབ་འཇུག་འབྲས་བུ་ཚུད་པ་མ་ཟད་ད་དུང་ངེས་པར་དུ་དངོས་ཁམས་རིག་པ་དང་རྫས་འགྱུར། སྐྱེས་དངོས་རིག་པ་སོགས་རིག་གནས་བར་ཕན་ཚུན་འགལ་མི་རུང།

དེས་མ་ཚད་ད་དུང་ངེས་པར་དུ་ཚན་རིག་ལ་རྒྱལ་མཚམས་དང་རིགས་རྒྱུད། རིག་གནས་གྱི་བཅད་མཚམས་མེད་པར་ཤེས་དགོས། གང་ལྟར་ཚན་རིག་ཡིན་པར་བརྗོད་པ་ཞིག་ཀྲུང་གོ་བ་རང་ཉིད་དང་(ཡང་ན་ཀྲུང་གོའི་རིག་གནས་ལ་རྒྱུས་ལོན་པའི་ཕྱི་རྒྱལ་བས)གཞི་ནས་ཤེས་ཐུབ་པ་ཞིག་ཡིན་ན་དེ་ཚན་རིག་ངོ་མ་མིན་པར་གཏན་འཁེལ།

ཚན་རིག་དང་དད་པར་འབྲེལ་བ་མེད། གང་ལྟར་“ཡིད་ཆེས་ན་ཡོད་ཅིང་ཡིད་ཆེས་ན་དག”པར་ཤོད་པ་དག་ཚན་རིག་དང་མི་ཐུན་པར་གཏན་འཁེལ། ཚན་རིག་གི་ངོས་ནས་བཤད་ན། གལ་ཏེ་ཡོད་པ་དང་དག་པ་ཡིན་ཚེ། རང་ཡིད་མི་ཆེས་ཀྱང་སྔར་བཞིན་ཡོད་ལ་དག་པོ་ཡོད། གལ་ཏེ་མེད་པ་དང་མི་དག་ན། རང་ཡིད་ཆེས་ཀྱང་མེད་ལ་དེ་བས་མི་དག

ཚན་རིག་གིས་རང་ཉིད་ནམ་ཡང་འགྲིག་པ་མིན་པར་ཁས་ལེན་ལ། དེས་ནོར་འཁྲུལ་སྲིད་འོན་ཀྱང་ནོར་བར་ཤེས་ན་བཅོས་ཐུབ། གལ་ཏེ་གཞུང་ལུགས་ངེས་ཅན་ཞིག་ལ་བསྟེན་ནས་འཛམ་གླིང་བུམ་པའི་འགྲན་ལྡུར་འཇུག་འབྲས་ལ་མངོན་དཔག་བྱས་ནས་མ་ཐིགས་ན། ཚན་རིག་གི་ལྟ་ཕྱོགས་ནས་བལྟས་ན་ངེས་པར་དུ་གཞུང་ལུགས་དེ་རིགས་ལ་ཉུང་ཐར་ཡང་ཆ་མ་ཚང་བར་ཁས་ལེན་དགོས། དེ་ལས་ལྡོག་ཏེ་གལ་ཏེ་སྔོན་དཔག་པའི་ཆུ་ཚད་མི་འདངས་བའམ་ཡང་ན་གཞུང་ལུགས་དེ་རིགས་དངོས་སུ་རྟོག་མེད་པར་ཁག་དཀྲི་ཙམ་ཡིན་ན། གཞུང་ལུགས་དེ་རིགས་ནམ་ཡང་ཡང་དག་ཡིན་པར་བཤད་པ་དང་མཚུངས། གཞན་གྱིས་དག་པར་ར་སྤྲོད་ཆོག་པ་ལས་མི་དག་པར་སྤྲོད་མི་ཆོག་པ་དེ་འདྲ་ཚན་རིག་དང་འབྲེལ་བ་མེད།

གང་ལྟར་མཐར་གཏུགས་ན།ཚན་རིག་ནི་ཐབས་ཤེས་ཞིག་རེད། རིག་རྨོངས་ཤེས་མེད་ལས་རྒྱལ་བའི་ཆེས་ཤུགས་དང་ལྡན་པའི་མཚོན་ཆ་ཞིག་ཡིན།

ཡོང་ཁུངས།: 
རྒྱ་ཡིག་དྲ་རྒྱ།