ཨ་རབ་ཀྱི་ཨང་ཀི་འཛམ་གླིང་ཡོངས་སུ་སྤྱོད་ཐུབ་པའི་རྒྱུ་མཚན།
ཡིག་སྒྱུར།: 
ཞུ་དག།: 
སྤེལ་དུས།: 
2014-04-25 16

ལྟ་གྲངས།

196

ང་ཚོས་དུས་རྒྱུན་བེད་སྤྱོད་བྱེད་ཀྱིན་པའི་ཨང་ཀི0,1,2,3,4,5,6......འདི་དག་གི་མིང་ལ་ཨ་རབ་ཨང་ཀི་ཞེས་འབོད།  འདི་ནི་འཛམ་གླིང་ས་ཕྱོགས་ཚང་མར་བེད་སྤྱོད་ཡོད་པ་ཞིག་ཡིན། དོན་དངོས་ཐོག་ཨ་རབ་ཨང་ཀི་ནི་ཕལ་ཆེར་ལོ1500སྔོན་ནས་རྒྱ་གར་མིས་གསར་གཏོད་བྱས་པ་ཞིག་རེད། རྗེས་སུ་ཨ་ཤེ་ཡ་གླིང་དུ་ཚོང་གཉེར་གྱིན་པའི་ཨ་རབ་མིས་ཨང་ཀི་དེ་ཚོ་ཤེས་པར་གྱུར་ཅིང་།    ཕྱིས་སུ་ཁོ་ཚོས་དེ་དག་ཡོ་རོབ་གླིང་དུ་བཀོལ་བར་བྱས་སོ༎   དེར་བརྟེན་ཡོ་རོབ་པས་ཨང་ཀི་དེ་ཚོར་ཨ་རབ་ཨང་ཀི་ཞེས་མིང་བཏགས་ཤིང་།  ཨང་ཀི་དེ་དག་འབྲི་སྐབས་དུས་ཚོད་གྲོན་ཆུང་ཐུབ་ལ་བར་སྟོང་ཡང་ཆེན་པོ་མི་དགོས་པ་དང་།   རྩིས་རྒྱག་སྐབས་ཧ་ཅང་སྟབས་བདེ་པོ་ཡོད་པས་ཡོ་རོབ་པས་དགའ་བསུ་ཆེན་པོ་ཐོབ་ཅིང་སྤྱོད་སྒོ་སྔར་བས་ཀྱང་ཆེ་རུ་ཕྱིན།    སྒོས་སུ་སྤྱི་ལོའི་དུས་རབས༧པ་ནས་བཟུང་།  ཨ་རབ་མིས་ཕྱི་ཕྱོགས་ལ་སྟོབས་ཤུགས་རྒྱ་སྐྱེད་བཏང་བས་ཨ་རབ་ཨང་ཀི་ཡང་དེ་དང་ཞོར་དུ་སྤེལ་ཅིང་ཁྱབ་ལ།  མཐར་དེ་ནི་འཛམ་གླིང་ཐོག་ཀུན་གྱིས་སྤྱོད་པའི་ཨང་ཀིའི་འབྲི་སྲོལ་དུ་གྱུར་ཏོ༎

དཔྱད་གཏམ།

ཚ་ལུ་མའི་དྲ་བ་འཇིག་རྟེན་འདིར་གསར་དུ་འཁྲུངས་བ་ལ་རྟེན་འབྲེལ་ཞུ། ཕྲན་ཆུང་ང་ཧ་ཅང་དགའ་ནས་ཡོད། རྣམ་པ་ཚོ་ལ་བཀའ་དྲིན་ཆེ་ཞུ།