རྩིས་འཕྲུལ་གྱི་འཕེལ་ཕྱོགས།
ཡིག་སྒྱུར།: 
སྤེལ་དུས།: 
2014-05-21 11

ལྟ་གྲངས།

339
   
   ཚན་རིག་ཡར་རྒྱས་ཕྱིན་པ་དང་འགྲོགས་ནས།  རྩིས་འཕྲུལ་ལག་རྩལ་སྣ་ཚོགས་དང་དྲ་བའི་ལག་རྩལ་འཕེལ་རྒྱས་ཤིན་ཏུ་མགྱོགས་པོ་བྱུང་བ་དང་། རྩིས་འཕྲུལ་གྱི་འཕེལ་རྒྱས་ནི་མགྱོགས་ལ་གསར་རྐྱང་ཡིན་པའི་དུས་རབས་ཤིག་ཏུ་སླེབས་ཡོད། རྩིས་འཕྲུལ་བྱེད་ནུས་རྒྱ་ཆུང་ཞིང་བོངས་ཚད་ཆེ་བ་ཞིག་ནས་བྱེད་ནུས་ཕུན་སུམ་ཚོགས་ལ་བོངས་ཚད་ཆུང་བ་དང་ཐོན་ཁུངས་དྲ་རྒྱ་ཅན་དུ་འཕེལ་རྒྱས་ཕྱིན་ཡོད། རྩིས་འཕྲུལ་གྱི་མ་འོངས་ལ་འགྱུར་བས་ཁེངས་ཡོད། གཤིས་ནུས་མངོན་གསལ་གྱིས་བཟང་དུ་གཏོང་བར་ཐེ་ཚོམ་མི་དགོས་ལ་གཤིས་ནུས་འཕེལ་རྒྱས་དེ་གྲུབ་པར་ཐབས་ལམ་མི་ཉུང་བ་ཞིག་ཡོད། ཡིན་ནའི་རྩིས་འཕྲུལ་འཕེལ་རྒྱས་གཏོང་བའི་ལམ་བུ་ནི་གཤིས་ནུས་བཟང་དུ་གཏོང་བ་དེ་ཁོ་ན་མ་ཡིན། རྩིས་འཕྲུལ་གྱི་འཕེལ་རྒྱས་དེ་མི་གཤིས་དང་མཐུན་པ་བཟོ་དགོས་ཤིང་ད་དུང་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་བྱ་དགོས་པ་སོགས་ཡོད།
 
   རྩིས་འཕྲུལ་བྱུང་བ་ནས་ད་བར་འཕྲུལ་ཆས་སྐད་བརྡ། བྱ་རིམ་སྐད་བརྡ། སྟབས་བདེའི་བཀོལ་སྤྱོད་རྒྱུད་ཁོངས་དང་Linux། Macos། BSD། Windowsསོགས་དེང་རབས་ཀྱི་བཀོལ་སྤྱོད་མ་ལག་རབས་བཞི་པ་སོགས་བརྒྱུད་ཡོད། འཁོར་བསྐྱོད་མྱུར་ཚད་ལས་ཀྱང་ཆེས་ཆེར་མགྱོགས་སུ་ཕྱིན་ཡོད། རབས་བཞི་པའི་རྩིས་འཕྲུལ་གྱི་རྩིས་རྒྱག་མྱུར་ཚད་སྐར་ཆ་རེར་དུང་ཕྱུར་བཅུ་ཕྲག་ལ་སླེབས་ཐུབ།  རྩིས་འཕྲུལ་ཀྱང་དང་ཐོག་དམག་དོན་དང་ཚན་རིག་ཞིབ་འཇུག་ཁོ་ནར་སྤྱོད་པ་ནས་ད་ལྟ་ཀུན་གྱིས་སྤྱོད་བཞིན་པ་ཞིག་ཏུ་འཕེལ་རྒྱས་ཕྱིན་པ་དང་།  རྩིས་འཕྲུལ་གྱི་གོ་ཆོད་ནུས་ཆེན་པོ་དེར་ཁྲོམ་རྭའི་དགོས་མཁོ་ཆེན་པོ་བྱུང་།མ་འོངས་པའི་རྩིས་འཕྲུལ་གྱི་གཤིས་ནུས་ནི་ཕྲ་དབྱིབསཅན། དྲ་རྒྱ་ཅན། རིག་ལྡན་དང་གཏོས་གཟུགས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་ངེས།
 

གཏོས་གཟུགས་ཅན།

   གཟུགས་ཆེན་ཅན་ནི་རྩེ་གྲའི་ཚན་རིག་ལག་རྩལ་མཁོ་བ་དང་། མྱུར་ཚད་མགྱོགས་ཤིང་ཉར་གསོག་ཤོང་ཚད་ཆེ་ལ་བྱེད་ནུས་བཟང་བའི་ཁྱད་འཕགས་རྩིས་འཕྲུལ་གྱི་འཕེལ་རྒྱས་དང་བསྟུན་པ་ཞིག་ཡིན། མི་རྣམས་ཀྱིས་རྩིས་འཕྲུལ་སྤྱོད་ཚད་ཇེ་མང་དུ་འགྲོ་བ་དང་། ལྷག་པར་དུ་དམག་དོན་དང་ཚན་ཞིབ་སློབ་གསོའི་ཐད་རྩིས་འཕྲུལ་གྱི་ཉར་གསོག་བར་སྟོང་དང་འགུལ་བསྐྱོད་མྱུར་ཚད་སོགས་ཀྱི་རེ་བ་ཇེ་མཐོ་ནས་ཇེ་མཐོ་འགྲོ་སྲིད། ད་དུང་ལས་རྩིས་འཕྲུལ་གྱི་བྱད་ནུས་དེ་བས་ཕུན་སུམ་ཚོགས་དུ་འགྲོ་ངེས།
 

ཕྲ་དབྱིབས་ཅན།

   ཕྲ་དབྱིབས་དབུས་སྒྲིག་ཆས(CPU)ཐོན་པ་ན།  རྩིས་འཕྲུལ་གྱིས་ཀྱང་ཕྲ་དབྱིབས་སྒྲིག་གཅོད་ཆས་སྤྱོད་མགོ་ཚུགས་ཤིང་རྩིས་འཕྲུལ་གྱི་བོངས་ཚད་ཆུང་དུ་ཕྱིན་ལ།  མ་རྩ་ཡང་ཆུང་དུ་བཏང་ཡོད།  ཕྱོགས་གཞན་ཞིག་ནས་མཉེན་ཆས་ལས་རིགས་ཀྱི་འཕེལ་རྒྱས་ཕྱིན་པ་དེས་རྩིས་འཕྲུལ་གྱི་ནང་གྱི་བཀོལ་སྤྱོད་མ་ལག་སྟབས་ཇེ་བདེར་བཏང་བ་དང་།  རྩིས་འཕྲུལ་གྱི་ཕྱིའི་སྒྲིག་ཆས་ཀྱང་འཐུས་ཚང་དུ་བཏང་ཡོད། རྩིས་འཁོར་གྱི་གཞུང་ལུགས་དང་ལག་རྩལ་ཇེ་བཟང་དུ་ཕྱིན་པ་དེས་ཕྲ་དབྱིབས་རྩིས་འཁོར་སྤྱི་ཚོགས་ཡོངས་ཀྱི་ལས་རིགས་མི་འདྲ་བ་དང་ཚན་པ་མི་འདྲ་བའི་ནང་མགྱོགས་པོར་ཐིམ་པར་བྱས་ལ།  མི་རྣམས་ཀྱི་འཚོ་བ་དང་སློབ་སྦྱོང་གི་མེད་དུ་མི་རུང་བའི་ཡོ་བྱད་དུ་གྱུར་བ་རེད། ལོ་བཞི་བཅུ་ལྷག་གི་ནང་རྩིས་འཕྲུལ་གྱི་བོངས་ཚད་རིམ་བཞིན་ཆུང་དུ་འགྲོ་བ་དང་། གདན་གཞག་གློག་ཀླད། ཟིན་བྲིས་གློག་ཀླད།  ལག་ཐོགས་གློག་ཀླད་དང་སྙོམས་ལེབ་གློག་ཀླད་སོགས་ཀྱི་བོངས་ཚད་རིམ་བཞིན་ཕྲ་དབྱིབས་ཅན་དུ་གྱུར་ཏེ་མི་རྣམས་ལ་སྟབས་བདེ་བའི་ཞབས་ཞུ་བསྐྲུན་ཡོད། དེར་བརྟེན་མ་འོངས་པའི་རྩིས་འཁོར་ཕྲ་དབྱིབས་ཅན་དང་བོངས་ཚད་ཆུང་དུ་འགྲོ་ངེས་ཡིན།
 

དྲ་རྒྱ་ཅན།

   སྦྲེལ་དྲས་འཛམ་གླིང་ས་ཕྱོགས་ཁག་གི་རྩིས་འཕྲུལ་མཉམ་དུ་སྦྲེལ་པས་དེ་ནས་སྦྲེལ་དྲའི་དུས་རབས་ལ་འཛུལ་བ་རེད། རྩིས་འཕྲུལ་དྲ་རྒྱ་ཅན་དུ་གྱུར་བ་དེས་མིའི་རིགས་ཀྱི་འཇིག་རྟེན་ཡོངས་སུ་བསྒྱུར།  མི་རྣམས་ཀྱིས་འབྲེལ་དྲ་བརྒྱུད་ནས་གླེང་མོལ(OICQདང་པོད་ཕྲན་སོགས)བྱེད་པ་དང་།  སློབ་གསོའི་ཐོན་ཁུངས་མཉམ་དུ་སྤྱོད་པ།  ཆ་འཕྲིན་མཉམ་དུ་འཚོལ་བ(baidu,google)སོགས་བྱེད་ཀྱིན་ཡོད།  ལྷག་པར་དུ་སྐུད་མེད་དྲ་བ་ཐོན་པ་ཡིས་མི་རྣམས་ཀྱིས་དྲ་བ་སྤྱོད་པར་སྟབས་བདེ་བསྐྲུན་ཡོད་ལ།  མ་འོངས་པའི་རྩིས་འཕྲུལ་ཡང་སྔར་བས་ཀྱང་དྲ་རྒྱ་ཅན་གྱི་ཕྱོགས་སུ་འཕེལ་ངེས་རེད།
 

མིས་བཟོས་ཤེས་ནུས།

   རྩིས་འཕྲུལ་གྱི་མིས་བཟོས་ཤེས་ནུས་ཅན་ནི་མ་འོངས་པའི་རྩིས་འཕྲུལ་གྱི་འགྲོ་ཕྱོགས་ཐག་ཆོད་རང་ཡིན།  དེང་རབས་རྩིས་འཕྲུལ་ལ་ཁྱད་དུ་འཕགས་པའི་བྱེད་ནུས་དང་འགུལ་བསྐྱོད་མྱུར་ཚད་ཞིག་མཆིས། འོན་ཀྱང་མིའི་ཀླད་པ་དང་བསྡུར་ན་དེའི་ཤེས་ནུས་དང་གཏན་ཚིགས་ནུས་པའི་ཐོག་ལ་དེ་བས་ཡར་རྒྱས་གཏོང་དགོས་ངེས། མིའི་རིགས་ཀྱིས་རྩིས་འཕྲུལ་གྱིས་ཇི་ལྟར་མིའི་རིགས་ཀྱི་བསམ་བློ་བརྡར་གཅོད་ནུས་པ་ལེགས་པར་མཚོན་ཐུབ་མིན་དང་བསམ་བློ་བརྒྱུད་ནས་མིའི་རིགས་དང་གླེང་མོལ་བྱེད་པར་འཚོལ་ཞིབ་བྱེད་ཀྱིན་ཡོད་དེ།  དེ་སྔོན་གྱི་སྒྲིག་ཨང་ལ་བརྟེན་ནས་རྩིས་འཁོར་འགུལ་བསྐྱོད་བྱེད་པའི་ཐབས་དེ་དོར་ནས་ཐད་ཀར་རྩིས་འཕྲུལ་་ལ་བཀའ་རྒྱ་གཏོང་བ་སོགས་ཀྱི་དཔྱད་ཞིབ་བྱེད་ཀྱི་ཡོད།
 

སྨྱན་མང་ཅན།

   སྲོལ་རྒྱུན་རྩིས་འཕྲུལ་གྱིས་ཆ་འཕྲིན་བཟོ་སྐྲུན་བྱེད་པ་གཙོ་བོ་ཡིག་རྟགས་དང་གྲངས་ཀར་བརྟེན་དགོས། ཡིན་ནའི་དོན་དངོས་ཐོག་མི་རྣམས་པར་རིས། ཡི་གེ། སྒྲ་དང་གཟུགས་སོགས་ཀྱི་སྨྱན་མང་ལ་གོམས་ཆེ། སྨྱན་མང་ལག་རྩལ་གྱིས་པར་རིས། སྒྲ། བརྙན་ཟློས་དང་ཡི་གེ་ཕྱོགས་གཅིག་དུ་སྒྲིལ་ནས་བཟོ་བྱའི་ཆ་འཕྲིན་གྱི་ཡུལ་དང་ནང་དོན་དེ་བས་ཀྱང་མངོན་སུམ་གྱི་འཇིག་རྟེན་དང་ཉེ་རུ་བཏང་ཡོད།

དཔྱད་གཏམ།

དྲྭ་བ་དེའི་སྟེང་གི་ཡིག་གཟུགས་ཧ་ཅང་གིས་ཆུང་ཆུང་རེད་འདུག་པས། བལྟ་ཀློག་བྱེད་སྐབས་གསལ་པོ་མཐོང་མི་ཐུབ།

དྲ་རྒྱ་འདིའི་བྱུས་བཀོད་པ་སུ་ཡིན་ཡང་ཡིག་གཟུགས་ཏོག་ཙམ་ཆེ་རུ་གཏོང་རྒྱུ་ཧ་ཅང་གི་གལ་ཆེན་པོ་འདུག། ཡིག་གཟུགས་བྱུང་བས་བལྟ་ཀློག་བྱེད་རྒྱུ་ཁག་པོ་འདུག་

དྲ་ངོས་ཀྱི་ཡིག་གཟུགས་ཆུང་འདུག
དྲ་ངོས་ཀྱི་ནང་དོན་ཉུང་འདུག
དྲ་ངོས་ཀྱི་བརྗོད་བྱ་ཆེ་འདུག
དྲ་ངོས་སུ་འབྲེལ་ཡོད་ཉུང་འདུག

དྲ་རྒྱ་གསར་ཟོས་ལེགས་སྒྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་་་