དུས་ཀྱི་ལོ་རྒྱུས་མདོར་བསྡུས།
ཡིག་སྒྱུར།: 
སྤེལ་དུས།: 
2014-05-21 13

ལྟ་གྲངས།

6811
 
  《དུས་ཀྱི་ལོ་རྒྱུས་མདོར་བསྡུས》(A Brief History of Time)ནི་ཨིན་ཇིའི་རླབས་ཆེ་བའི་དངོས་ལུགས་རིག་པ་བ། ནག་ཁུང་གཞུང་ལུགས་དང“འབར་གས་ཆེན་མོའི”རིགས་པའི་གཞུང་ལུགས་ཀྱི་གསར་འཛུགས་གནང་མཁན་སི་ཌེ་ཝིན་ཧོ་ཁེན་གྱིས་མཛད་པའི་འཇིག་རྟེན་རིག་པའི་གསུང་རབ་ཏུ་གྲགས་པ་ཞིག་ཡིན་ལ།  དངོས་ཁམས་རིག་པའི་ཟབ་དོན་དག་གོ་བདེ་བར་བྲིས་པའི་ཚན་རིག་ཁྱབ་སྤེལ་གྱི་དཔེ་གཞིར་འཛིན་པ་ཞིག་ཡིན།
 
  དེབ་འདི་རུ།  ཧོ་ཁེན་གྱིས་ཀློག་པ་པོ་རྣམས་ཕྱིའི་བར་སྣང་གི་ཡ་མཚན་བའི་ཁོར་ཡུག་ལ་ལྟ་སྐོར་དུ་ཁྲིད་ནས། རྒྱང་ཐག་རིང་བའི་ཁྱིམ་རྒྱུད་དང་ནག་ཁུང་། quarkརྡུལ། “དྲི་ལྡན”གྱི་གཞི་རྡུལ་དང་།  “རང་སྐོར”གཞི་རྡུལ། དངོས་པོ་ལྡོག་མ། “དུས་ཚོད་ཀྱི་མདའ་རྟགས” སོགས་ལ་དོན་ཟབ་མོ་གོ་སླ་བའི་ཐོག་ནས་གསལ་བཤད་གནང་ཡོད་པ་མ་ཟད།  འཇིག་རྟེན་ནི་གང་འདྲ་ཞིག་ཡིན་པ་དང་། ཡུལ་དང་དུས། བལྟོས་བཅས་སྨྲ་བ་སོགས་གནའ་བོའི་དོགས་གནད་ལ་གསལ་བཤད་ཀྱང་གནང་ཡོད་ཅིང་།   དེས་ཀློག་པ་པོར་སྒྲ་དོག་པའི་བལྟོས་བཅས་སྨྲ་བ་དང་། དུས་དང་། འཇིག་རྟེན་གྱི་འབྱུང་རྩ་སོགས་རྟོགས་དཀའ་བའི་འཇིག་རྟེན་རིག་པ་ལ་གོ་བ་རགས་ཙམ་སྟེར་ཐུབ།  《དུས་ཀྱི་ལོ་རྒྱུས་མདོར་བསྡུས》 འདི1988ལོར་ཐོག་མར་དཔར་བ་ནས་འཛམ་གླིང་གི་ཚན་རིག་གསུང་རབ་ལས་རྡོ་རིང་ལྟ་བུ་ཞིག་ཏུ་གྱུར་ཅིང་།  དཔེ་དེབ་འདི་སྐད་ཡིག་མི་འདྲ་བ40ཙམ་ཏུ་བསྒྱུར་ཡོད་པ་དང་།  བྲིན་ཚད་དེབ་དུང་ཕྱུར་གཅིག་ཙམ་ལ་བུད་ནས་རྒྱལ་སྤྱིའི་དཔེ་སྐྲུན་ལོ་རྒྱུས་སུ་ངོ་མཚར་བར་བགྲངས།
 
  དེབ་འདི་ནི་ཆེས་གོ་སླ་བའི་ཚིག་གིས་ཆེས་རྟོགས་དཀའ་བའི་འཇིག་རྟེན་གྱི་ཆོས་ཉིད་གླེང་ཞིང་སྐྱེ་བོ་ཕལ་བར་བྲིས་པའི་དངོས་ལུགས་རིག་པའི་བཀའ་རྩོམ་ཞིག་ཡིན་ཞེས་བཤད་ཆོག་པ་དང་།   ཆབས་ཅིག་དེང་སང་གི་ན་གཞོན་དག་གིས་མི་ཀློག་ཐུ་མེད་དུ་གྱུར་བའི་གསུང་རབ་ཅིག་ཡིན།  མི་མང་པོ་ཞིག་གིས་དེབ་འདི་ཚན་རིག་ཁྱབ་སྤེལ་ཀྱི་དེབ་ཅིག་རེད་ཅེས་བཤད་ཅིང་། འདིས་ཧ་ཅང་གཟུ་བོའི་སྒོ་ནས་ཞིག་ནས་དུས་ཚོད་ནི་གང་ནས་འགོ་བཙུགས་པ་དང་གང་ལ་མཇུག་སྒྲིལ་བ། འཇིག་རྟེན་མུ་མེད་རང་བཞིན་དང་མཐའ་ཡོད་རང་བཞིན་གྱི་ཁུངས་ལུང་གང་དུ་ཡོད་པ་གསལ་བཤད་བྱས་ཡོད། 
 
  དགེ་རྒན་ཆེན་མོ་ཧོ་ཁེན་གྱིས་དེབ་འདི་མཛད་སྐབས། རང་ཉིད་ཕྱིའི་འཇིག་རྟེན་གྱི་ཁྱབ་ཁོངས་ཡ་མཚན་ཅན་ཞིག་ཏུ་བཞག་སྟེ་རང་དང་འཇིག་རྟེན་ཕྱེ་ནས་རྒྱང་རིང་གི་བརྟན་སྐར་དང་། བརྟན་སྐར་ནག་པོ།  quarkརྡུལ།  “དྲི་ལྡན”གཞི་རྡུལ་དང་། “རང་སྐོར”གཞི་རྡུལ། དངོས་པོ་ལྡོག་མ།  “དུས་ཚོད་ཀྱི་མདའ་རྟགས”ཞིབ་ཏུ་གླེང་ཡོད། ཞིབ་དཔྱད་འདི་འདྲ་ནི་མིའི་རིགས་ཀྱིས་འཛམ་གླིང་ཤེས་རྒྱུ་དང་རྒྱུས་ལོན་རྒྱུར་བློ་སྒོ་རབ་དང་རིམ་པ་ཕྱེས་ཡོད་པ་སྨྲོས་མེད་ཡིན་ཡང་།  འདི་ནི་ཁོང་གི་ཐུགས་འདུན་མཐར་ཐུག་མ་ཡིན་ཏེ། ཧོ་ཁེན་ཁོང་གི་གསུང་ཧ་ཅང་ཁ་གསལ་ཞིང་ཐབས་མཁས་ལྟར་ཡིན་ཡང་ཀློག་པ་པོ་འགའ་རེས་ད་དུང་རྙོག་འཛིང་ཆེ་བའི་དོན་སྤྱི་དེ་རྣམས་གོ་བ་ལེན་དཀའ་བར་བཤད།  ཀློག་པ་པོ་རྣམས་ཀྱིས་ཤེས་རྟོགས་གཏིང་ཟབ་ཡོང་ཆེད།  དེབ་དེའི་ནང་དུ་ཚོན་ལྡན་བར་བཅུག་རི་མོ240ལྷག་བཅུག་ཡོད་པ་དཔེར་ན་འཁོར་སྐར་གྱི་རི་མོ་དང་འདྲ་པར་ལྟ་བུའོ། །  འདི་དག་ནི་ཧ་བྷོ་གནམ་རིག་རྒྱང་ཤེལ་དང་རྩིས་འཕྲུལ་གྱི་ཚད་གསུམ་དང་ཚད་བཞིའི་གདོས་བཅས་པར་རིས་མངོན་པའི་ལག་རྩལ་སོགས་འཕེལ་བའི་བཀའ་དྲིན་ཡིན།  བར་བཅུག་རི་མོའི་ཞིབ་ཕྲའི་གསལ་བཤད་ཀྱིས་ཀློག་པ་པོ་རྣམས་ལ་བརྟན་སྐར་མ་ལག་ཁམས་ཀྱི་རྒྱ་ཆེ་ཚུལ་དང་། ནག་ཁུང་ཡ་མཚར་ལུགས།  དངོས་པོ་དང་དངོས་པོ་ལྡོག་མ་གཉིས་ཕོག་རྡེབ་ཀྱི་གཞི་རྡུལ་དངོས་ལུགས་ཀྱི་ཕྲ་མཐོང་འཇིག་རྟེན་སོགས་ཚོར་དུ་འཇུག་ཐུབ།  དེབ་འདིའི་ཡིག་གྲངས་ཧ་ཅང་མང་པོ་ཡོད་པ་དང་རྩོམ་པ་པོ་རང་ཉིད་ཀྱིས་ཀྱང་དེབ་འདི་ནི་ཧ་ཅང་རིང་པོ་ཡོད་དེ་ཧ་ལམ་དུས་ཚོད་ཡོངས་རྫོགས་དེའི་ནང་དུ་ཚུད་ཡོད་ཅེས་གསུངས་ཡོད།   འོན་ཀྱང་།  དུས་ཚོད་ལ་ཐོག་མ་དང་མཐའ་མ་མེད་པས་དེ་ཡུལ་ལམ་བར་སྟོང་གང་འདྲ་ཞིག་གི་ནང་དུ་ཡང་ཆུགས་མི་སྲིད།  དེར་བརྟེན།  དུས་ཚོད་ལ་ཐོག་མཐའ་མེད་པར་འདོད་པ་དེ་རྩོམ་པ་པོ་ཧོ་ཁེན་གྱིས་དེབ་ཧྲིལ་པོའི་མཇུག་ཏུ་སྟོན་འདོད་པའི་དགོངས་གཞི་མཐར་ཐུག་དེ་རེད།
 
  《དུས་ཀྱི་ལོ་རྒྱུས་མདོར་བསྡུས》ནི་ཚན་རིག་གི་རིན་ཐང་ཤིན་ཏུ་ཆེ་བའི་སློབ་ཅིག་དང་། མིའི་རིགས་ཀྱིས་བདེན་པ་མཚམས་མེད་དུ་བསྙེགས་པ་སིམ་ཡོད་པའི་དེབ་ཅིག་ཀྱང་རེད།

དཔྱད་གཏམ།

ཁྱེད་ཅག་གི་དྲ་བ་འདི་ལ་ཕྲན་གྱིས་དགའ་བསུ་ཞུ་ཞོར།དྲི་བ་ཞིག་ལ་ཕྲན་གྱིས་བྲིས་རྩོམ་ཐུང་ནང་ཆོས་དང་ཙན་རིག་བར་གྱི་དཔྱད་བརྗོད་༼འཇིག་རྟེན་ལ་ཐོག་མ་ཡོད་དམ༽ཟེར་བ་ཞིག་ཡོད་པས་ཁྱེད་ཅག་ལ་བསྐུར་ཕུད་ངེས་ཡིན་ནམ།

འུ་ཅག་མི་རིགས་འདི་ལ་མེད་ན་མི་འགྲིག་པའི་དྲ་བ་འདི་འདྲ་ཞིག་གསར་དུ་བཟོས་པ་ལ་རྟེན་འབྲེལ་གྲངས་མེད་ཞུ།

ཐོག་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། དེབ་དེ་ནི་མདོར་བསྡུས་ལ་སྙིང་དོན་ཟབ་མོ་དང་ཆ་ཚང་བ་ཞིག་ཡིན་པས། བོད་ཡིག་ཐོག་བསྒྱུར་ཐུབ་ན་བཟང་ཞེས་རེ་བསྐུལ་ཞུ།