ལྟ་གྲངས།
ཚད་བསྒྱུར་འཕྲུལ་ཨམ(Warp Drive曲速引擎)ནི་གློག་བརྙན《རྒྱུ་སྐར་སྙེགས་པ》Star Trekཡི་ནང་གི་འོད་ཀྱི་མྱུར་ཚད་ལས་འདས་པའི་སྒུལ་ཤུགས་སྟེ། ཚན་རིག་པས་འཕུར་གྲུའི་མཐའ་འཁོར་གྱི་དུས་དང་གོ་ས་བསྒྱུར་ཏེ་འོད་ཀྱི་མྱུར་ཚད་མངོན་ཏུ་འགྱུར་ཐུབ་པ་རྟོགས།
རྒྱལ་ཕྱིའི་གསར་ལམ་ཁག་ལ་གཞིགས་ན། གློག་བརྙན《རྒྱུ་སྐར་སྙེགས་པ》Star Trekལྟར། ཚད་བསྒྱུར་འཕྲུལ་ཨམ་བཅུག་པའི་འཕུར་གྲུ་ནི་རྒྱུ་སྐར་བར་བགྲོད་བྱེད་གཙོ་བོ་དེ་ཡིན་པར་བཤད། ཨཱེན་སི་ཐཱན་གྱི་སྒྲ་ཡངས་འཇུག་གི་ལྟོས་གྲུབ་རིག་པར་གཞིགས་ན། “ཕུག་ཁུང”(loophole/漏洞)ཁྱད་པར་བ་ཞིག་ཡོད་ཅིང་དེས་འཕུར་གྲུ་དག་ཆེས་ཐུང་བའི་མྱུར་ཚད་ཀྱིས་ཡུལ་དུས་བརྗེ་ཐུབ་པར་བཤད། དེ་ནི་འཕུར་གྲུའི་མྱུར་ཚད་འོད་འགྲོས་ལས་མགྱོགས་པར་བཤད་པ་མིན་ཏེ། ཡུལ་དང་དུས་ཀྱི་རང་བཞིན་གྱིས་འཕུར་གྲུ་དེ་ཡུལ་དུས་གཅིག་གནས་གཅིག་བརྒྱུད་ཐུབ་པར་ཟེར། དོན་དངོས་སུ། ཨ་མེ་རི་ཀའི་གནམ་རིག་སྡེ་ཁག་ནས་ཡུལ་དུས་བརྗེ་ནུས་པའི་འཕུར་ཚད་དེ་འདྲ་ཧ་ལམ་ཡོད་སྲིད་པ་ཚོད་བལྟ་བྱེད་བཞིན་ཡོད་ཅིང་། ཐོག་དང་པོར། ཚད་བསྒྱུར་འཕྲུལ་ཨམ་གྱིས་འོད་འདས་མྱུར་ཚད་མངོན་འགྱུར་ཐུབ་པ་རྟོགས།
ཨཱེན་སི་ཐཱན་གྱི་དུས་དང་གོ་སའི་གཞུང་ལུགས་ཀྱིས་གཟུགས་ལྡན་དངོས་པོའི་མྱུར་ཚད་ནི་འོད་ཀྱི་མྱུར་ཚད་ལས་བརྒལ་མི་ཐུབ་པ་དང་བརྒལ་ཀྱང་མི་ཆོག་པར་འདོད། འོན་ཏེ་གོང་གི་གློག་བརྙན་དེའི་ནང་དུ་མྱུར་ཚད་ཀྱི་ཆོས་ཉིད་འདི་བཟློག་ཏེ་འོད་ཀྱི་མྱུར་ཚད་ལས་བརྒལ་ཐུབ་པ་བྱུང་ཡོད་ཅིང་། ཚན་རིག་པས་ཀྱང་རྫས(matter/物质)དང་ལྡོག་རྫས(anti-matter/反物质)ཀྱི་སྒུལ་ཤུགས་འཕྲུལ་འཁོར་གྱིས་ཚད་བརྗེའི་འཕྲུལ་ཨམ་ཞིག་བཟོས་ཏེ་འོད་འགྲོས་ལས་བརྒལ་བའི་བར་སྣང་གི་འཕུར་རྩལ་ཞིག་མངོན་ཏུ་འགྱུར་ཐུབ་པར་འབད་བཞིན་ཡོད། དུས་རབས་གོང་མའི་ལོ་རབས60བ་ནས་བཟུང་། ལྡོག་རྫས་ནི་ཚ་ཚ་འུར་འུར་དུ་རྒྱས་བཞིན་པའི་ཞིབ་འཇུག་གི་ཁྱབ་ཁོངས་ཤིག་ཡིན་ཏེ། རྫས་དང་ལྡོག་རྫས་གདོང་ཐུག་བྱུང་སྐབས། རྫས་ཉམས་པར་འགྱུར་བ་དང་ཆབས་ཅིག་ཏུ་ཨཱེན་སི་ཐཱན་གྱི་ནུས་ཚད་སྙོམས་རྩིས(equation/方程)ཀྱིས་རྫས་རྒྱུ་དེ་ནུས་ཚད་དུ་གཏང་ཐུབ།
རྫས་དང་ལྡོག་རྫས་གདོང་ཐུག་པ་ལས་བྱུང་བའི་ནུས་ཚད་ནི་བཀོལ་རུང་གི་ནུས་ཚད་ཀྱི་ཁུངས་ཤིན་ཏུ་སྟོབས་ཆེན་ཞིག་ཡིན་མོད་ཀྱང་། ཞིབ་འཇུག་བྱས་པ་ལྟར་ན། ཐ་ན་ནུས་ཚད་འདི་བཀོལ་བས་ཀྱང་བོངས་ཚད་ཆེ་བའི་འཇིག་རྟེན་འཕུར་གྲུས་འོད་འགྲོས་ལས་མྱུར་བའི་འཕུར་རྩལ་ཅིག་མངོན་ཏུ་འགྱུར་མི་ཐུབ། འོ་ན། ཚད་བསྒྱུར་འཕྲུལ་ཨམ་གྱིས་ནུས་སམ། གློག་བརྙན《རྒྱུ་སྐར་སྙེགས་པ》ཡི་བརྙན་ཞེན་པ་དང་དངོས་ལུགས་རིག་པ་བ་མཱི་ལྒེལ་ཨཱར་ཀུབ་ལེ་ཡིས། ཚད་བསྒྱུར་འཕྲུལ་ཨམ་ཞིག་ནམ་ཞིག་ལ་བཟོ་ནུས་པར་འདོད།
གཟུགས་ལྡན་དངོས་པོའི་མྱུར་ཚད་འོད་ལས་མྱུར་ངེས་པ་དཀའ་ནའང་། ཚན་རིག་པས་འཇིག་རྟེན་འཕུར་གྲུའི་མྱུར་ཚད་འོད་འགྲོས་ལྟར་མཐོ་དགོས་དོན་མེད་པར། འཕུར་གྲུའི་མཐའ་འཁོར་གྱི་དུས་དང་གོ་ས་སྤོས་པས་ཆོག་ཟེར།
འབར་གས་ཆེན་མོ་བྱུང་རྗེས་སུ། སྟོང་ཁམས་ཀྱི་རྒྱ་མུ་མཐུད་ནས་རྒྱས་བཞིན་ཡོད་ཅིང་། རྒྱང་རིང་གི་སྐར་འོད་ལ་ཉམས་ཞིབ་བྱས་པ་ལྟར་ན། སྐར་འོད་ཀྱི་འོད་ཁུངས་དེ་ཡུན་གྱིས་སའི་གོ་ལ་དང་རྒྱང་བཀྱེད་བཞིན་པ་རྟོགས་པ་དང་། ནམ་མཁའ་སྟོང་སངས་ཡིན་པས་ན། དེའི་ནང་འཕུར་གྲུའི་མཐའ་འཁོར་གྱི་དུས་ཚོད་དང་གོ་ས་སྤོ་ཐུབ་ངེས་པར་འགྱུར། འདི་ཡང་རྒྱུ་སྐར་ཕན་ཚུན་བར་འགྲུད་བཞུད་ཐུབ་ངེས་པའི་མ་འོངས་པའི་ལག་རྩལ་ཞིག་ཏུ་གྱུར་ཡོད་དོ༎
དཔྱད་གཏམ་འཇོག་པ།