ཨེན་སི་ཐན་ལ་ཀླད་ཆེན་ཁྱད་པར་བ་ཞིག་མི་འདུག་ཟེར།
ཡིག་སྒྱུར།: 
སྤེལ་དུས།: 
2014-06-05 10

ལྟ་གྲངས།

207
   
  ཕྱི་ཟླ5པའི་ཚེས14ཉིན་རྒྱལ་སྤྱིའི་གསར་ལམ་དུ་བཀོད་པ་ལྟར་ན། ཨེན་སི་ཐན་ལ་རང་གིས་སྲོལ་ཕྱེ་བའི་གཞུང་ལུགས་དང་གསར་བརྗེའི་རང་བཞིན་ཡོད་པའི་སྤྱི་འགྲོས་ལས་གཞན་པའི་ཤུལ་བཞག་རྩ་ཆེན་པོ་ཞིག་ཡོད་པ་ནི། ཁོང་གི་ཀླད་ཆེན་ཡིན་ཞིང་།  1955ལོའི་ཟླ4པའི་ཚེས8ལ་སྐུ་གྲོངས་པ་ནས་བཟུང་།  དེང་རབས་ཀྱི་རིག་པ་རྒོད་ཤོས་སུ་གྲགས་པའི་སྐྱེས་བུ་རླབས་ཆེན་འདིའི་ཀླད་པར་ཚན་རིག་པ་རྣམས་ཀྱིས་ཞིབ་འཇུག་བྱེད་མཚམས་བཞག་མྱོང་མེད།
2012ལོའི3པའི27ལ་ལོན་ཌོན་ཝེལ་ཁོང་རྟེན་མཛོད་ཁང་གི་འགྲེམ་སྟོན་ཞིག་ཏུ་ཨེན་སི་ཐན་གྱི་ཀླད་ཆེན་གྱི་དཔེ་རིས་བཀྲམས། 

ཨེན་སི་ཐན་གྱི་སྐད་གྲཊ་ཆོད་པའི་ནུས་པ་བརྗེ་འགྱུར་གྱི་སྤྱི་འགྲོས་འདིས་ལས་ཉིང་རྡུལ་མཚོན་ཆ་ཐོག་མར་བྱུང་ཞིང་།  དེ་ལ་ཁོས“ངས་འཛམ་གླིང་དམག་ཆེན་གསུམ་པའི་སྐབས་སུ་མཚོན་ཆ་ཅི་འདྲ་ཞིག་གིས་གསོད་རེས་བྱེད་པ་མི་ཤེས་མོད། དམག་ཆེན་བཞི་པའི་དུས་སུ་དབྱུག་པ་དང་རྡོ་སྤྱོད་རྒྱུ་རེད”ཅེས་བརྗོད་མྱོང་།
   དེ་སྔ་མི་རྣམས་ཀྱིས་ཁོང་གི་ཐུན་མོང་མ་ཡིན་པའི་སྐྱེས་ཐོབ་དེ་ཁོང་གི་གཞན་དང་མི་འདྲ་བའི་ཀླད་ཆེན་དང་འབྲེལ་བ་ཡོད་པར་འདོད་མོད།  ཡིན་ཡང་ད་ལྟའི་ཞིབ་འཇུག་གསར་ཤོས་ཤིག་ལས།  ཨེན་སི་ཐན་གྱི་ཀླད་ཆེན་ཡང་མི་གཞན་དང་འདྲ་བར་ཐུན་མོང་མ་ཡིན་པ་ཞིག་མིན་པར་བསྟན་འདུག  འཚོལ་ཞིབ་དང་གསར་རྙེད་དུས་དེབ《Neuroskeptic》ཏུ་བཀོད་པ་ལྟར་ན།  1985ལོར་ཞིབ་འཇུག་བྱས་པ་ཞིག་ལས་ཨེན་སི་ཐན་གྱི་ཀླད་ཆེན་དུ་འདུས་པའི་དབང་རྩའི་སྤྱིན་རྒྱུ་ཕྲ་ཕུང་དེ་རིག་པ་སྤྱིར་བཏང་ཡིན་པའི་མི་ལས་ལྡབ་འགྱུར་གྱིས་མཐོན་པོ་ཡོད་པ་སྟེ།  དབང་རྩའི་སྤྱིན་རྒྱུ་ཕྲ་ཕུང་ལ་དབང་རྩའི་སྤྱིན་རྒྱུ་ཡང་ཟེར་ཞིང་ཀླད་ཆེན་གྱི་དབང་རྩའི་རྒྱུ་སྲུང་བྱེད་ཡིན་ལ། ཕྲ་ཕུང་ཅི་ཙམ་མང་ན་རིག་པ་དེ་ཙམ་ཡོད་པར་ངོས་འཛིན་གྱི་ཡོད། འོན་ཀྱང་ཨ་རིའི་ཉིག་ཡོག་ཕེ་སི་སློབ་ཆེན(Pace University)གྱི་སེམས་ཁམས་རིག་པ་བ་ཐེ་ལན་སི་ཧེན་སིས་ཚེས14ཉིན་རིག་གཞུང་དུས་དེབ《ཀླད་ཆེན་དང་གོ་རྟོགས》སུ་བཀོད་པ་ལྟར་ན། ཨེན་སི་ཐན་གྱི་ཀླད་ཆེན་གྱི་ཕྲ་ཆུང་དང་གྲུབ་ཚུལ་གང་ཐད་ནས་ཁྱད་པར་བ་ཅི་ཡང་མི་འདུག་ཟེར།
   རླབས་ཆེ་བའི་དངོས་ཁམས་རིག་པ་བ་འདིའི་ཀླད་ཆེན་ལ་མ་གཞི་ནས་རྩོད་རྙོག་ཡོད་དེ།  གྲགས་ཚོད་ལ1955ལོར་ཁོང་འདས་རྗེས་ཕུང་པོ་ཡོངས་རྫོགས་མེར་བསྲེགས་དགོས་ཞེས་ཁ་ཆེམས་ཡོད་ཀྱང་། ནད་རྒྱུ་མཁན་ཐོམ་སི་ཧ་ཝེལ་གྱིས་དུས་རབས་འདིའི་ཆེས་རླབས་ཆེ་བའི་ཀླད་ཆེན་ཉར་ཚགས་བྱས་པ་སྟེ། ཁོང་གི་ཁ་ཆེམས་མ་བརྩིས་པར་གྲོངས་ནས་ཆུ་ཚོད7གྱི་རྗེས་སུ་ཁོང་གི་ཀླད་ཆེན་ཁ་རོག་གེར་བླངས་པ་རེད།  འོན་ཀྱང《རྒྱལ་ཁབ་ས་ཁམས》སུ། ཅུང་མ་འགོར་བར་ཨེན་སི་ཐན་གྱི་བུས་ཁོ་ལ་གུ་ཡངས་བཏང་སྟེ་ཁོང་གི་ཀླད་ཆེན་ཚན་རིག་ཞིབ་འཇུག་ལ་སྤྱོད་རྒྱུར་འཐད་པ་བྱུང་ཟེར་ཞིང་།   འདི་ལས1985ལོའི་ཞིབ་འཇུག་ཐོག་མ་བྱུང་བ་རེད།  ཧ་ཝེལ་དབང་རྗེས་ཀྱི་ཚན་རིག་པ་མང་པོ་ཞིག་གིས་ཨེན་སི་ཐན་གྱི་ཀླད་ཆེན་གཞན་དང་མི་འདྲ་བར་བསྟན་ཡོད། 
   འོན་ཀྱང་ཧེན་སིས་སྔ་རབས་པ་དག་གི་ཞིབ་འཇུག་བྱེད་ཐབས་ཞིབ་ཚགས་མིན་པས་ཨེན་སི་ཐན་གྱི་ཀླད་ཆེན་ཁྱད་པར་ཅན་ཡིན་པ་ར་སྤྲོད་མི་ཐུབ་ཅིང་།  དབང་རྩའི་གཤག་བཅོས་རིག་པའི་དབྱེ་ཞིབ་གཏན་ཚིགས་ལའང་གནད་དོན་ཡོད་པ་སྟེ། ཀླད་ཆེན་གྱི་ཉིང་ལག་ཁ་ཤས་ལས་ཀླད་ཆེན་གྱི་གོ་སྟོབས་གླེང་བ་འདི་གླེན་པའི་གཉིད་གཏམ་འབའ་ཞིག་རེད་ཅེས་ཟེར་རོ། ། 
 
ཡོང་ཁུངས།: 
ཤིན་ལང་ཚན་རྩལ།

དཔྱད་གཏམ་འཇོག་པ།

Log in or register to post comments