ཀའུ་སི(Karl Friedrich Gauss)ནི་འཇར་མན་གྱི་རྩིས་རིག་མཁས་པ་གྲགས་ཅན་ཞིག་ཡིན། ཁོང་དགུང་ལོ10ལ་སོན་པའི་ལོ་དེར། རྒན་ལགས་ཀྱིས་རྩིས་རིག་གི་སློབ་ཁྲིད་སྟེང་། དྲི་གཞི་ཞིག་བཏོན་པ་སྟེ། དེ་ནི1+2+3+ +100=?རེད། སྐབས་དེར་ཀའུ་སི་ཡིས་མགྱོགས་མྱུར་ངང་ལག་པ་བཀྱགས་ཏེ། གྲངས་ཀ100དེའི་བསྡོམས་འབོར་ནི5050རེད་ཞེས་བརྗོད་པས་རྒན་ལགས་ཡ་མཚར་ཆེན་པོ་སྐྱེས་ཏེ། ཀའུ་སི་ལ་དུས་ཚོད་ཐུང་ཐུང་དེ་འདྲ་ཞིག་གི་ནང་དུ་ཡང་དག་པའི་ཐོབ་གྲངས་རྩི་ཐུབ་པའི་རྒྱུ་མཚན་ཅི་ཡིན་དྲིས། ད་བྱེད་དུས། ཀའུ་སི་ཡིས་ཨང་ཀི1ནས100ཡི་བར་གྲངས་100དེ་དག་གི་ནང་ནས་ཆོས་ཉིད་ཞིག་ཡོད་པ་རྟོགས་པ་རེད། དེ་ནི་གོ་རིམ་བཞིན་ཨང་ཀི་མགོ་དང་མཇུག་གཉིས་རེ་རེ་བཞིན་བསྣན་ན་ཚང་མའི་བསྡོམས་འབོར་ནི101ཡིན་འདུག དཔེར་ན་1+100=101དང2+99=101རེད། གྲངས100དེ་དག་མཉམ་དུ་བསྒྲིགས་ན101བྱས་པ་ཆ50ཡོད། དེར་བརྟེན་མགྱོགས་མྱུར་ངང5050དེ་རྩིས་རྒྱག་ཐུབ་པར་གྱུར་རོ༎
ཀའོ་སི་ཡིས1+2+3+ +100=?མགྱོགས་མྱུར་ངང་བརྩིས་ཚུལ།
[17]
[8]
[8]
[7]
[6]
[4]
[2]
[0]
[0]
[0]
[0]
[0]