གྲངས་ཀ་གཅིག་ནི་གྲངས་ཀ་གཞན་ཞིག་གི་བརྒྱ་ཆའི་གྲངས་ག་གེ་མོ་ཞིག་ཡིན་པར་སྟོན་པ་ལ་བརྒྱ་ཆའི་བསྡུར་ཚད་ཞེས་བརྗོད། བརྒྱ་ཆའི་གྲངས་ལ་ཡང་བརྒྱ་ཆའི་ཟིན་ཚད་དམ་ཡང་ན་བརྒྱ་ཆའི་བསྡུར་ཚད་ཞེས་འབོད། དུས་རྒྱུན་ཆ་གྲངས་ཀྱི་རྣམ་པ་བཞིན་འབྲི་སྲོལ་མེད་པར་རང་གི་ཆེད་སྤྱོད་མཚོན་རྟགས་ཞིག་ཡོད་དེ། དེ་ནི་རྟགས%ལྟར་རོ༎དཔེར་ན། 1%,5.5%སོགས་ལྟ་བུ༎ སྤྱིར་བརྒྱ་ཆའི་གྲངས་ཀྱི་མ་ཆ་ཚང་མ་ནི100ཡིན་པས་ན། ཚང་མ1%གིས་མཚོན་ཞིང་། དེ་བལྟས་པ་ཙམ་གྱིས་རྟོགས་ནུས་ཤིང་གཤིབ་བསྡུར་བྱེད་པར་ཤིན་ཏུ་སྟབས་བདེ་བ་ཞིག་ཡིན། བྱས་ཙང་བརྒྱ་ཆའི་བསྡུར་ཚད་ནི་ཞིང་ལས་ཐོན་སྐྱེད་དང་ཚན་རིག་ལག་རྩལ། དེ་བཞིན་ད་དུང་ཚོད་ལྟ་སྣ་ཚོགས་ཀྱི་ནང་དུ་ཡོངས་ཁྱབ་ངང་བེད་སྤྱོད་གཏོང་བཞིན་ཡོད། ལྷག་པར་དུ་མི་རྣམས་ཀྱིས་བསྡོམས་རྩིས་སྣ་ཚོགས་ལ་བརྟག་དཔྱད་དང་། གཤིབ་བསྡུར་སོགས་བྱེད་སྐབས་སུ་རྒྱུན་དུ་བརྒྱ་ཆའི་གྲངས་བེད་སྤྱོད་བྱེད་དགོས་ཀྱི་ཡོད། དཔེར་ན། ཉིན་རེའི་གནམ་གཤིས་སྔོན་བརྡས་ཉིན་དེའི་དགོང་མོ་དང་ཉིན་གཉིས་པའི་ཉིན་མོའི་གནམ་གཤིས་ཀྱི་གནས་ཚུལ་དང་ཆར་ཆུའི་འབབ་ཚད་སོགས་གཏོང་དགོས་ཤིང་། སྐབས་འདིའི་ཆར་ཆུ་འབབ་ཚད་ནི་ཏག་ཏག་བརྒྱ་ཆའི་གྲངས་ཀྱིས་མཚོན་དགོས་སོ༎
གང་འདྲ་ཞིག་ལ་བརྒྱ་ཆའི་བསྡུར་ཚད་ཟེར།
[17]
[8]
[8]
[7]
[6]
[4]
[2]
[0]
[0]
[0]
[0]
[0]