ཐིག་ཤིང་སྟེང་གི་འཇལ་ཚད་ཇི་ལྟར་བྱུང་བ་ཡིན་ནམ།
ཡིག་སྒྱུར།: 
ཞུ་དག།: 
སྤེལ་དུས།: 
2014-06-19 17

ལྟ་གྲངས།

84

       ཐིག་ཤིང་སྟེང་གི་ཚད་ཐིག་རེ་རེས་རིང་ཐུང་ཐ་དད་པ་རེ་མཚོན་པར་བྱེད་དེ།  དེ་དག་ནི་རེ་རེ་བཞིན་ཧོ་སྨིད་དང་ལི་སྨིད།  ཧྥུན་སྨིད་དང་སྨིད་སོགས་ཡིན།   འོ་ན་རིང་ཚད་དེ་ཚོའི་འཇལ་ཚད་ཇི་ལྟར་བྱུང་བ་ཡིན་ནམ། 

       དེ་ཡང་སྤྱི་ལོ1790ལོའི་ཟླ5པར།  ཧྥ་རན་སིའི་ཚན་རིག་མཁས་ཅན་གྱིས་གྲུབ་པའི་དམིགས་བསལ་ཨུ་ཡོན་ལྷན་ཁང་གིས་གྲོས་འགོ་བཏོན་པ་བརྒྱུད།  ཕ་རི་སིའི་སའི་གོ་ལའི་ལྷོ་བྱང་དཀྱིལ་ཐིག་གི་རིང་ཚད་ཆ་ཚང་གི་ཁྲི་བཞི་སྟོང་གི་ཆ་གཅིག་དེ་སྨིད་གཅིག་ཏུ་ངོས་འཛིན་བྱས་ཤིང་།  ལོ་དེར་ཧྥ་རན་སིའི་རྒྱལ་ཚོགས་ཀྱིས་གྲོས་གཞི་འདིར་ཆོག་མཆན་ཐོབ།  ཡུན་གྱིས་འཛམ་གླིང་སྟེང་གི་རྒྱལ་ཁབ་དག་གིས་གཅིག་རྗེས་གཉིས་མཐུད་ངང་གཅིག་གྱུར་གྱིས་སྨིད་བེད་སྤྱོད་བཏང་།  དེ་བས་སྤྱི་ལུགས་འཇལ་ཚད་འདི་སྔར་བས་ཏན་ཏིག་ཞིག་ཡོང་ཕྱིར་མི་རྣམས་ཀྱིས་ཡང་བསྐྱར་སྨིད་ཀྱི་རྨང་གཞིའི་ཐོག་དེ་ལས་ཞིབ་ཚགས་པ་ཞིག་དབྱེ་ཡོད་དེ།    ཧྥུན་སྨིད་དང་ལི་སྨི།   ཨའོ་སྨི་སོགས་ཡིན་རིང་ཚད་དེ་ཚོའི་འཇལ་ཚད་ཐིག་ཤིང་སྟེང་དུ་བཀོད་ཡོད་ལ་དངོས་རྫས་སྣ་ཚོགས་ཀྱི་རིང་ཚད་འཇལ་བྱེད་ཀྱང་དེ་ཡིན།  དཔེར་ན།  མིའི་གཟུགས་ཀྱི་རིང་ཚད་དང་སྐེད་པའི་སྦོམ་ཚད་སོགས་ཚང་མ་ཐིག་ཤིང་ལ་བརྟེན་ནས་གཞལ་གྱི་ཡོད།