གང་འདྲ་ཞིག་ལ་ཚོད་རྩིས་ཟེར།
ཡིག་སྒྱུར།: 
ཞུ་དག: 
སྤེལ་དུས།: 
2014-10-19 22

      

         རྩིས་རིག་ཐོག་ཡོང་སྲིད་པ་གཅིག་དང་ཡོང་སྲིད་པ་ཡོད་ཚད་ཕན་ཚུན་བསྡུར་བ་བྱས་ནས་ཐོབ་པའི་བསྡུར་ཚད་ལ་ཚོད་རྩིས་ཞེས་བརྗོད།  ཚོད་རྩིས་ནི་སྐབས་བསྟུན་གནད་དོན་ཞིག་གི་འབྱུང་ཚད་ཆེ་ཆུང་མཚོན་པ་ཞིག་ཡིན་པས་ཡོངས་ཁྱབ་ངང་འཚོ་བའི་ནང་བེད་སྤྱོད་གཏོང་གི་ཡོད། དུས་རྒྱུན་མི་རྣམས་ཀྱིས་མི་ག་གེ་མོ་ཞིག་འགྲན་བསྡུར་ཞིག་ལས་རྒྱལ་བའི་གདེང་ཚོད་བརྒྱ་ཆ་ག་ཚོད་ཡོད་མེད་འདྲི་བ་དང་།  དོན་དག་ཞིག་འབྱུང་སྲིད་པའི་ཚད་ཇི་ཙམ་ཡོད་པ་སོགས་བློས་དཔོག་པ་ནི་ཚོད་རྩིས་ཀྱི་རིག་པ་བཀོལ་བའི་དཔེ་མཚོན་ཡིན།  དེ་མིན་རྩེད་མོའི་རྣམ་གྲངས་མང་པོ་ཞིག་ཚོད་རྩིས་དང་འབྲེལ་བ་ཡོད་དེ།   དཔེར་ན་དངུལ་སྒོར་འཕེན་སྐབས་མདུན་ངོས་སམ་ཡང་ན་རྒྱབ་ངོས་ཡིན་པ་ཚོད་དཔག་བྱེད་སྐབས་མདུན་ངོས་དང་རྒྱབ་ངོས་ཀྱི་ཡོང་སྲིད་ཡོད་པའི་ཚད་ནི་ཕྱོགས་སོ་སོའི་ཕྱེད་ཀ་ཡིན་ཏེ།  ཚང་མ་1/2ཡིན།   ཤོ་འཕངས་ནས་རྩེད་མོ་རྩེད་སྐབས་ཤོ་ལ་ངོས6ཡོད་ལ་ངོས་སོ་སོ་གཅིག་པ་མིན་པས་མིག་མདུན་དུ་ཤར་བའི་ཚད་ནི་1/6ཡིན།