རང་བྱུང་གཏན་ཚིགས་ཁྲོད་ཀྱི་རྩིས་རིག་གི་གཞུང་ལུགས།
ཡིག་སྒྱུར།: 
ཞུ་དག།: 
སྤེལ་དུས།: 
2014-10-21 17

《རང་བྱུང་གཏན་ཚིགས་ཁྲོད་ཀྱི་རྩིས་རིག་གི་གཞུང་ལུགས།》ཞེས་པའི་དེབ་དེ་ནི་དབྱིན་ཇིའི་རླབས་ཆེན་གྱི་ཚན་རིག་མཁས་ཅན་ཨེ་ས་ཁེ་ཉུའུ་ཏུན་གྱི་མཚོན་བྱེད་རང་བཞིན་གྱི་རྩོམ་ཅིག་ཡིན། དེབ་དེ་སྤྱི་ལོ་༡༦༨༧ལོར་གཏོན་ཞིང་། ཚན་རིག་གསར་བརྗེ་ཐེངས་དང་པོའི་བརྩམས་ཆོས་གལ་ཆེན་ཞིག་ཡིན། དེབ་དེ་དངོས་ཁམས་རིག་པ་དང་རྩིས་རིག་པ། གནམ་རིག་སྐར་དཔྱད་རིག་པ་དང་རིགས་པའི་གཞུང་ལུགས་སོགས་ཀྱི་ཁྱབ་ཁོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། 《རང་བྱུང་གཏན་ཚིགས་ཁྲོད་ཀྱི་རྩིས་རིག་གི་གཞུང་ལུགས།》ཞེས་པར་འཐེན་ཤུགས་རིག་པའི་གསུང་རབ་ཀྱི་རྨང་གཞིའི་ཆོས་ཉིད་གསུམ་དང་ཡོངས་ཁྱབ་གོ་ལའི་ཆོས་ཉིད་བཏོན་ཡོད་ལ། ཆོས་ཉིད་དེ་དག་ཚང་མ་བསྒྲུབ་བྱའི་ཞིབ་འཇུག་གི་འབྲས་བུ་རྨང་གཞི་བྱས་ཡོད།

ཉུའུ་ཏུན་གྱིས་ཚན་རིག་ཞིབ་འཇུག་གི་ཐབས་ལམ་དང་རྣམ་འགྱུར་ལ་མཐོང་ཆེན་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས་རང་བྱུང་ལ་ཞིབ་འཇུག་བྱེད་པའི་རྨང་གཞིའི་རྩ་དོན་བཞི་བསྟན་ཡོད། དེའི་ནང་གི་གནད་དོན་གཙོ་བོ་ནི་ཞིབ་འཇུག་གི་ཕྱི་དོན་གྱི་གནས་ལུགས་གསལ་པོར་བྱས་ཡོད་ལ། ཁོས་རང་བྱུང་ཞིབ་འཇུག་གི་དངོས་གཙོ་སྨྲ་བའི་རིང་ལུགས་རྒྱུན་འཁྱོངས་བྱས་ཡོད་པ་དང་རང་ཉིད་ཀྱི་ཞིབ་འཇུག་དེ་དུས་ཡུན་རིང་པོའི་དོན་དངོས་རྟག་དཔྱད་ཀྱི་རྨང་གཞིའི་ཐོག་བསྐྲུན་ཡོད། མ་གཞི་བྱས་ན་ཉུའུ་ཏུན་ནི་ཕྲ་བའི་རྩིས་ཐབས་ཀྱི་གསར་གཏོད་པའི་གྲས་ཀྱི་མི་གཅིག་ཡིན་ཡིན་ན་ཡང་། ཀློག་པ་པོ་རྣམས་ཀྱིས་ཀློག་བདེ་དཔེ་དེབ་དེའི་ནང་དཀའ་ལས་ཆེ་བའི་ཕྲ་བའི་རྩིས་ཐབས་དེ་དག་གང་ཐུབ་ཀྱིས་ཉུང་བར་བྱས་ཡོད་དང་། རྩིས་རིག་གི་དབྱེ་ཐབས་ལ་དབྱིབས་རྩིས་ཁོ་ན་བཀོལ་ཡོད། ཉུའུ་ཏུན་མ་འདས་གོང་《རང་བྱུང་གཏན་ཚིགས་ཁྲོད་ཀྱི་རྩིས་རིག་གི་གཞུང་ལུགས།》ཞེས་པར་པར་གཞི་གསུམ་ཁྱབ་སྤེལ་བྱས་ཡོད་དེ། ༡༦༨༧ལོ་དང་། ༡༧༢༣ལོ། ༡༧༢༦ལོ་བཅས་ཡིན་ལ། ཚང་མ་ལ་ཊེན་ཡི་གེའི་པར་གཞི་ཡིན། ཉུའུ་ཏུན་སྐུ་འདས་རྗེས་ཐེངས་དང་པོའི་དབྱིན་ཡིག་ལ་བསྒྱུར་ཏེ་པར་གཞི་གསུམ་པ་བྱུང་ཏེ་༡༧༢༩ལོར་དཔེ་སྐྲུན་བྱས་ཤིང་། ཡིག་སྒྱུར་བྱེད་མཁན་ནིmotteཡིན། དེ་ཡང་༡༨༠༢ལོར་པར་གཞི་དང་པོའི་དབྱིན་ཡིག་གི་པར་མ་བཏོན་ཞིང་། ༡༩༣༠ལོར་ཨ་མེ་རི་ཁའི་སློབ་གཉེར་བ་དང་ཚན་རིག་ལོ་རྒྱུས་མཁས་ཅན་califi་ཡིས་ཁ་ཡོའི་ལིའི་motteཡི་ཡིག་སྒྱུར་བྱས་པའི་རྨང་གཞིའི་ཐོག་ལེགས་བཅོས་བྱས་ནས་ཁྱབ་སྤེལ་བྱས་ཡོད། དེ་ནི་དུས་རབས་༢༠ནང་ཀློག་པ་པོ་མང་ཤོས་ཀྱིས་དེབ་འདིའི་ཚད་ལྡན་གྱི་པར་གཞི་རུ་བརྩི་བཞིན་ཡོད། ལོ་ངོ་དྲུག་བཅུའི་སྐབས་ཨ་མེ་རི་ཁའི་ཚན་རིག་ལོ་རྒྱུས་མཁས་ཅན་ཁེ་ཨེན་cohenདང་ཧྥ་རན་སིའི་ཚན་རིག་ལོ་རྒྱུས་མཁས་ཅན་ཁེ་བ་ཡེ་koyerགཉིས་ཀྱིས་མཉམ་འབྲེལ་བྱས་ནས་མོ་ཐེ་ཡིས་ཡིག་སྒྱུར་བྱས་པའི་པར་གཞིའི་གཞིར་བཟུང་ནས་དེང་རབས་དབྱིན་ཡིག་གི་པར་མ་འགྲེམ་སྤེལ་བྱས། ཚན་རིག་ལོ་རྒྱུས་ཐོག་《རང་བྱུང་གཏན་ཚིགས་ཁྲོད་ཀྱི་རྩིས་རིག་གི་གཞུང་ལུགས།》ནི་འཐེན་ཤུགས་རིག་པའི་གསུང་རབ་ཀྱི་གསུང་རྩོམ་དང་པོ་དེ་ཡིན་ལ།བརྩམས་ཆོས་རིན་ཐང་ཆེ་བ་ཞིག་ཡིན་པ་མ་ཟད་མིའི་རིགས་ཀྱིས་རྒྱུས་ལོན་པའི་ཚན་རིག་གི་འཇིག་རྟེན་ལྟ་བ་དང་ཚན་རིག་གཞུང་ལུགས་སྨྲ་བའི་ལྟ་བ་ཐོག་མ་ཆགས་ཡོད། དེའི་ཤུགས་རྐྱེན་གྱིས་རང་བྱུང་ཚན་རིག་གི་ཁྱབ་ཁོངས་ཡོང་ལ་གསུང་རབ་དེ་ཁྱབ་པ་མ་ཟད། དེའི་རྗེས་ཀྱི་ལོ་༣༠༠ནང་གཡུར་དུ་ཟ་བའི་འབྲས་བུ་ཡང་ཐོབ་ཡོད། མིའི་རིགས་ཀྱི་ཤེས་རིག་གི་ལོ་རྒྱུས་སུ་དེབ་དེས་དབྱིན་ཇིའི་བཟོ་ལས་གསར་བརྗེ་དང་། ཧྥ་རན་སིའི་མུན་སེལ་ལས་འགུལ་དང་གསར་བརྗེ་ཆེན་མོ་བཅས་བྱུང་བ་ལ་སྐུལ་འདེད་བྱས་ཡོད་ཅིང་། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་དང་སྤྱི་ཚོགས་ལམ་ལུགས་གོང་འཕེལ་ཕྱོགས་ལའང་ནུས་པ་ཆེན་པོ་ཐོན་ཡོད། ད་ལྟའི་བར་དེབ་དེ་ལྟ་བུའི་ནུས་པ་གལ་ཆེན་ཐོན་ཡོད་པ་ཞིག་ད་དུང་བྱུང་ཐུབ་མེད། ཐེངས་གཉིས་པའི་འགའ་ཆེའི་ཚན་རིག་དང་ཤེས་ཡོན་གྱི་གཞུང་ལུགས་བྱུང་མེད། དེ་ལྟ་བུའི་འབྲས་བཟང་ཐོབ་ཡོད། དེ་ཙམ་མཐོ་ཚད་ཀྱི་གཞུང་ལུགས་སྔར་བྱུང་མྱོང་མེད་ལ། རྗེས་སུའང་འབྱུང་དཀའ། དོན་དངོས་ཐོག་ཉུའུ་ཏུན་གྱི་དེབ་དེའི་ནང་བཏོན་པའི་གནད་དོན་དང་ཐག་གཅོད་ཐབས་ནི་ད་ལྟའི་སློབ་གྲྭ་ཆེན་མོ་ཁག་གི་རྩིས་རིག་དང་དངོས་ཁམས་སོགས་ཀྱི་ཆེད་ལས་སུ་སློབ་སྦྱོང་བྱེད་དགོས་པའི་ནང་དོན་ཡིན་ལ། ཆེད་ལས་གཞན་པ་ཡིན་པའི་སློབ་མ་རྣམས་ཀྱིས་དེ་འབྲེལ་གྱི་ཤེས་བྱ་དག་དེབ་དེའི་ཟབ་ཚད་ལྟ་བུ་ཞིག་སྦྱོང་ཐུབ་མེད། རྒྱུ་མཚན་དེ་ལྟ་བུ་མང་པོ་ཞིག་གི་རྐྱེན་གྱིས་དེབ་དེའི་རིན་ཐང་ནམ་ཡང་ཡལ་བ་མེད་པ་ཞིག་རེད།