ནཱ་རྨིད་བཟོ་དབྱིབས་ནང་འོད་གང་སར་ཁྱབ་ཐུབ་བམ།
ཡིག་སྒྱུར།: 
ཞུ་དག།: 
སྤེལ་དུས།: 
2014-10-22 15

ནཱ་རྨིད་འཇལ་ཚད་ཀྱི་ཡོ་ཆས་ནང་། མངོན་འགྱུར་འོད་དེ་ཐབས་ལམ་ག་གེ་མོར་བརྟེན་ནས་གང་སར་ཁྱབ་ཐུབ། གསར་གཏོད་ཆུང་ངུ་འདིས་དུས་ཐོག་འཕྲིན་སྐྱེལ་བྱེད་མི་ཐུབ་ཀྱང་། (སྐད་གྲགས་ཆེ་བའི་ཨེ་དབྱིན་ཟི་ཐན་གྱི་ལྟོས་བཅས་སྨྲ་བའི་མྱུར་ཚད་ཀྱི་ཚོད་འཛིན་གྱིས་ད་དུང་གོ་ཆོད།) དེ་ལ་བེད་སྤྱོད་མང་པོ་ཡོད་དེ་འོད་རིག་འགྲོ་ལམ་གྱི་ལྷུ་ཚན་ཞིག་ཀྱང་བཟོ་ཐུབ། “གནད་དོན་འདི་འདྲ་ཞིག་ལ་ར་སྤྲོད་བྱ་བ་ནི་བེད་སྤྱོད་ཆེ་བ་མ་ཟད་དགོད་བྲོ་པོ་ཞིག་ཀྱང་རེད།”ཚས་ཝིན་ཧྲན་གྱིས་འདི་ལྟར་བཤད། ཁོང་ནི་ཨ་རིའི་ཡཱ་ཐ་ལན་ཏ་ཇའོ་ཀྲེ་ཡ་ལེ་བཟོ་ལས་སློབ་གླིང་གི་གློག་རླུང་བཟོ་བཀོད་མཁན་ཞིག་རེད། ཡིན་ནའང་ཁོང་རང་ཉིད་ལས་ཀ་དེར་ཞུགས་མེད།
སྟོང་ཁམས་ཀྱི་ནང་གི་འོད་ཀྱི་མྱུར་ཚད་ནི་༣༠༠༠༠༠༠༠༠m/sརེད། འོན་ཀྱང་ཤེལ་སྒོ་ལྟ་བུའི་རྒྱུ་ཆའི་ནང་འོད་ཀྱི་ཁྱབ་ཚད་དལ་མོར་འགྲོ་ཡི་ཡོད། འོད་སྟོང་ཁམས་དང་སྦྲེལ་རྟའི་ནང་གི་མྱུར་ཚད་ཀྱི་བསྡུར་ཐོབ་ལ་“ལྟེབ་གདལ་ཚད་”ཟེར་བ་དང་། ཚན་རིག་པས་ཐབས་ལམ་མི་འདྲ་བར་བརྟེན་ནས་སྒྲིག་བཀོལ་འོད་དང་རྒྱུ་ཆ་གཉིས་ཀྱིས་ཕན་ཚུན་ལ་ནུས་པ་ཐོན་ཏེ་ལྟེབ་གདལ་ཚད་སྙོམ་སྒྲིག་བྱེད་པའི་མགོ་བརྩམས་ཡོད། དཔེར་ན་འཐེན་གྲངས་ཀྱི་ལྟེབ་གདལ་ཚད་ཐོབ་པ་ལྟ་བུ་ཡིན།
ད་ལྟ་ཨར་བྷོ་ཐི་པའོ་ཨར་མན།(Albert Polman)དང་ན་དྷའོ་ཐ་•ཨན་ཧའེ་ཐ་(Nader Engheta)ཁོ་ཚོའི་ལས་རོགས་ལ་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཡོད་དེ། ཁོ་ཚོས་ལྟེབ་གདལ་ཚད་ཀླད་གོར་ཡིན་པའི་ཡོ་ཆས་ཆུང་ངུ་ཞིག་གསར་གཏོད་བྱས་ཡོད། འདི་འདྲ་ཡིན་ན་གཏན་ཁེལ་བའི་འོད་རླབས་མཐའ་མེད་པར་ཁྱབ་གདལ་དུ་འགྲོ་ཐུབ།
ཡོ་ཆས་འདི་རིགས་ཀྱི་ཐུག་ཚད་ལ་ནཱ་རྨིད༨༥དང་རིང་ཚད་ལ་ནཱ་རྨིད༢༠༠༠ཅན་གྱི་གྲུ་བཞི་ནར་མོའི་དབྱིབས་ཀྱི་བར་འགོག་དབྱང་གཉིས་ཀོ་འགྱུར་ཡོད་པ་དང་། དེའི་མཐའ་བསྐོར་ན་འོད་འཛུལ་མི་ཐུབ་པའི་གློག་འཁྱུག་བྱུག་ཡོད། འདི་ནི་“གློག་འདྲེན་”ཞེས་འབོད་པའི་འོད་འདྲེན་བྱེད་ཀྱི་ཁང་ཆུང་ཞིག་ཡིན། ཞིབ་འཇུག་པས་ཁོང་ཚོས་PRLསྟེང་བཀོད་པའི་དཔྱད་རྩོམ་དུ་བསྟན་པ་ཇི་བཞིན་སྒྲོདབྱང་གཉིས་ཀོ་འགྱུར་གྱི་ཡོ་བྱད་སྣ་ཚོགས་བཟོས་ཡོད་དེ། ཞེང་ཚད་ལ་ནཱ་རྨིད་༡༢༠ནས་༤༠༠སོགས་མི་འདྲ་བ་ཡོད།
འོད་འདི་རིགས་“རླབས་འདྲེན་”ནང་ཁྱབ་གདལ་དུ་འགྲོ་སྟངས་ཅུང་མཚར་པོ་ཡོད། རྒྱུ་མཚན་ནི་གློག་སྡུད་ཁོར་ཡུག་གིས་ཡོ་བྱད་ཀྱི་གནས་མི་འདྲ་བར་བཀོད་པའི་“མཐའ་མཚམས་ཆ་རྐྱེན་”ལ་བརྩི་སྲུང་བྱ་ཡི་ཡོད། རླབས་ཐུང་འོད་ནི་རླབས་འདྲེན་གྱི་སྣེ་གཉིས་ལ་ཕར་འགྲོ་ཚུར་འོང་གིས་འགུལ་བསྐྱོད་བྱེད་ལ། རླབས་རྩེ་དང་རླབས་མཐིལ་གཉིས་ལྟེབ་མར་ཆགས་ཚེ་དཀར་ནག་གི་རིས་དབྱིབས་ཐོན་སྲིད། རིས་དབྱིབས་འདི་ནི་སྒོར་གཟུགས་རླུང་རོལ་ལས་བྱུང་བའི་གཟུགས་རིས་དང་འདྲ་བ་དང་། རླབས་རིང་དེ་ལས་རིང་བའི་འོད་རླབས་རྩ་བས་ནས་ཁྱབ་གདལ་བྱེད་མི་ཐུབ། རླབས་རིང་འཕྲད་སྐབས་གནས་ཚུལ་དགོད་བྲོ་འབྱུང་སྟེ། ནར་གཟུགས་ཀྱི་རི་མོ་ཐོན་པ་མིན་པར་རླབས་འདྲེན་ཡོངས་རྫོགས་གསལ་པོར་ཆགས་ཀྱི་འདུག འདིས་རླབས་རྩེ་ནི་རིང་ཚད་གཅིག་པ་ཡིན་པའི་འོད་རླབས་བར་བྱུང་བ་མ་ཡིན་པར་གང་སར་ཁྱབ་ཐུབ་པ་མཚོན་གྱི་ཡོད།
ཨན་ཧའེ་ཐ་ཧི་ཀུང་སི་ཡིས་རླབས་ཕྲན་ལ་མཁོ་བའི་ལྟེབ་གདལ་ཚད་ཀླད་སྒོར་ཡིན་པའི་ཡོ་བྱད་ཅིག་བཟོས་ཡོད་ལ། མངོན་འགྱུར་འོད་ཁྱབ་དུ་ཡོ་བྱད་འདི་འདྲ་བཟོ་བར་དཀའ་བ་ཆེན་པོ་ཡོད། རྒྱུ་མཚན་ནི་ཡོ་བྱད་གསར་པ་དེ་ཚོ་ཆུང་དྲགས་ནས་འོད་ཁུངས་ཧ་ལམ་མེད་པ་ཡིན་པས་རེད། འོན་ཀྱང་ཞིབ་འཇུག་པས་གློག་རྡུལ་བརྡུངས་ཏེ་རླབས་འདྲེན་ནང་རླབས་རིང་མི་འདྲ་བའི་འོད་བྱུང་དུ་བཅུག་ནས་འོད་ཀྱི་ཁྱབ་ཚད་དང་། རླབས་རིང་གཏན་ཁེལ་བའི་འོད་དེ་རླབས་རིང་དེའི་འོག་ཏུ་ནག་གཟུགས་སམ་འོད་ཚེག་ལ་བརྟེན་དགོས་མིན་བལྟ་ཡི་ཡོད། ཤང་ཀང་ཚན་རྩལ་སློབ་ཆེན་གྱི་དངོས་རིག་མཁས་པ་གྲན་ཙེ་དིང་གིས་འདི་ནཱ་རྨིད་ཡོ་བྱད་བཟང་ཤོས་རེད་ཞེས་གསུངས། འོ་ན་ཇི་ལྟར་འོད་རླབས་ཀྱི་གནས་ལུགས་འདི་ལྟོས་བཅས་སྨྲ་བ་དང་མི་འགལ་བར་སྒྲུབ་ཐུབ་ཟེར་ན། ཨན་ཧའེ་ཐ་ཡིས་གསལ་བཤད་བྱས་དོན། འོད་ལ་མྱུར་ཚད་གཉིས་ཡོད་དེ། “ཤང་མྱུར་ཚད་”ནི་རླབས་རིང་གཏན་ཁེལ་བའི་འོད་ཀྱི་འགུལ་བསྐྱོད་ཀྱི་མགྱོགས་ཚད་ལ་གོ་བ་དང་། “ཁྱུའི་མྱུར་ཚད་”ནི་འོད་ཁྱབ་གདལ་དང་ཆ་འཕྲིན་སྐུར་གཏོང་གི་མྱུར་ཚད་ལ་ཟེར། ཁྱུའི་མྱུར་ཚད་སྟོང་ཁམས་མྱུར་ཚད་ལས་ཆུང་བ་བར་བྱས་ན་རླབས་འདྲེན་འདི་ལྟ་བུ་ཆགས་ཐུབ་ཟེར། ཨན་ཧའེ་ཐ་ཡིས་བཤད་རྒྱུར། ཡོ་བྱད་འདི་ལ་བེད་སྤྱོད་རྒྱ་ཆེན་པོ་ཡོད་དེ། རྒྱ་མཚན་ནི་མར་ཐོན་འོང་བའི་འོད་ནི་མཉམ་པོར་འགུལ་བསྐྱོད་བྱས་པ་ཡིན་པ་དང་། དེ་ལ་བརྟེན་ནས་རླབས་འདྲེན་དཀྱོགས་ཏེ་འོད་རླབས་གོང་མའི་གནམ་རིས་གྲུབ་ཀྱི་ཡོད་ལ། འདི་སྤྱད་དེ་ཚན་རིག་པས་དགོས་མཁོ་ཆེ་བའི་ནཱ་རྨིད་འཇལ་ཚད་ཀྱི་འོད་འགྲོའི་སྦུག་གུ་བཟོ་ཡི་ཡོད་ཟེར།