མཁའ་དབྱིངས་ནས་ནུས་ཚད་བརྒྱུད་འདྲེན་བྱེད་པའི་འཆར་གཞི།
ཡིག་སྒྱུར།: 
ཞུ་དག: 
སྤེལ་དུས།: 
2014-10-22 15

རིམ་འཕར་ལྷུ་ལག་གི་འཆར་བཀོད་འདི་ད་ལྟ་རེ་ཞུ་བྱེད་བཞིན་ཡོད་པ་དང་། དེས་“སན་ཝས་ཆེའི”་གྲུབ་ཚུལ་སོ་སོར་ཕྱེས་ནས། Zདབྱིབས་ལྟ་བུ་ཞིག་ཏུ་འགྱུར་དུ་འཇུག་གི་ཡོད། དེ་འདྲ་ཡིན་ཚེ་ཚ་དྲོད་ཁྱབ་འགྱེད་བྱེད་པར་ནུས་པ་ཐོན་གྱི་ཡོད་པས་ལྷུ་ལག་དེས་ནུས་ཚད་མཐོ་བའི་ཉི་འོད་བསྡུ་ཐུབ། ཡིན་ནའང་དེའི་རྐྱེན་གྱིས་དྲོད་ཚད་མཐོ་རུ་འགྲོ་མི་སྲིད།
ཚེས་༢༤ཉིན་ཤིན་ལང་ཚན་རྩལ་འཕྲིན་བརྡ་ཡིས་ཕྱི་རྒྱལ་གྱི་འཕྲིན་ལམ་ལ་རྒྱུས་ལོན་བྱས་པ་ལྟར་ན། ཨ་མེ་རི་ཁའི་མཐོ་རིམ་ལས་ཁུངས་ཀྱིས་མཁའ་དབྱིངས་ནས་སའི་གོ་ལའི་སྟེང་ནུས་ཚད་བརྒྱུད་འདྲེན་བྱེད་པའི་འཆར་གཞི་ཞིག་སྔོན་བསྒྲགས་བྱས་འདུག ཁོ་ཚོས་མཁའ་དབྱིངས་ཀྱི་ཉི་ནུས་ལྷུ་ལག་གིས་ཉི་ནུས་སའི་གོ་ལར་འདྲེན་ཐུབ་པར་བཤད་འདུག ཇུས་འགོད་འདི་དམག་དོན་གྱི་མཐུན་རྐྱེན་དུ་བེད་སྤྱད་ཆོག་ལ། ལྷག་པར་དུ་གྲོང་ཁྱེར་ཆེན་པོར་གློག་ནུས་མཁོ་སྤྲོད་བྱེད་པར་ཕན་པ་ཆེན་པོ་ཐོན་ཐུབ།
ཨ་མེ་རི་ཁའི་མཚོ་དམག་ཞིབ་འཇུག་དངོས་བརྟག་ཁང་གི་འཕུར་གྲུ་བཟོ་བཀོད་མཁན་རབ་བྱམས་པ་པ་ལོ་ཅ་ཧྥེས་ཉི་ནུ་ཡིས་འཛིན་བཟུང་དང་བརྒྱུད་འདྲེན་བྱེད་ཐུབ་པའི་ལྷུ་ལག་གཉིས་གསར་བཟོ་བྱས་ཏེ་ཚོད་ལྟ་བྱས་ཡོད། ཇུས་འགོད་འདིས་སན་ཝས་ཆེའི་ལྷུ་ལག་བཀོལ་ནས་གློག་རྡུལ་ལྷུ་ཚན་ཡོད་ཚད་པང་ལེབ་གྲུ་བཞི་མ་གཉིས་ཀྱི་བར་དུ་བཞག་ཡོད། སྟེང་ལ་ཡོད་པ་ནི་འོད་གློག་པང་ལེབ་སྟེ་ཉི་འོད་འཇུ་བ་ཡིན་པ་དང། བར་ན་ཡོད་པའི་གློག་རྡུལ་མ་ལག་གིས་ཉི་ནུས་དེ་སྐུད་མེད་གློག་རྒྱུན་འཕེལ་འགྲིབ་ཏུ་བསྒྱུར་ཐུབ་པ་དང་། འོག་ལ་གནས་པའི་གནམ་སྐུད་ཀྱིས་ནུས་ཚད་ས་ངོས་ཀྱི་དམིགས་གཏད་སར་བརྒྱུད་འདྲེན་བྱེད་ཐུབ། དེ་ནས་འཕྲུལ་མིས་ལྷུ་ལག་དེ་དག་མཁའ་དབྱིངས་སུ་མཉམ་སྒྲིག་བྱས་ནས་ཚངས་ཐིག་ལ་སྤྱི་ལེ་༡ཡོད་པའི་བྱེད་ནུས་ཧ་ཅང་ཆེ་བའི་འཁོར་སྐར་གཅིག་བཟོ་ཐུབ་གི་རེད།
འཆར་བཀོད་ཇུས་གཞི་ཁག་གཉིས་པས་སན་ཝས་ཆེའི་འཆར་བཀོད་བཟོ་བཅོས་བྱས་ཏེ་པང་ལེབ་གཉིས་ཁ་ཕྱེ་ནས་ཉི་འོད་ཇེ་མང་ཏུ་གཏོང་ཐུབ། ཡིན་ནའི་སོ་སོའི་དྲོད་ཚད་མཐོ་རུ་འགྲོ་མི་ཐུབ་ཙང་། འདིས་ནུས་པ་སྔར་ལས་མང་བ་ཐོན་ཐུབ། ཨ་མེ་རི་ཁའི་མཚོ་དམག་གིས་ཀྱང་འཆར་གཞི་འདི་ལ་ཉན་དུས་ཚན་སྒྲུང་ཞིག་ལ་ཉན་པ་ལྟ་བུ་རེད་ཟེར། དེའི་རྐྱེན་གྱིས་ལྷུ་ལག་ཇེ་ཡང་དུ་གཏོང་བའི་ཐབས་ཤེས་འཚོལ་རྒྱུ་ཁོ་ཚོའི་འཆར་བཀོད་ནང་གི་གྲུབ་ཆ་གལ་ཆེན་ཞིག་རེད། ལྷུ་ལག་འདི་སྔོན་མར་གསར་བཟོ་བྱས་པའི་དངོས་པོ་དེ་རིགས་ལས་ལྡབ་བཞི་ཡིས་མཐོ་བ་ཡོད་པ་དང་། དེར་དྲོད་ཚད་མཐོ་དྲགས་པའི་དཀའ་ངལ་སེལ་བའི་ཐབས་ཤེས་གསར་པ་ཡོད་དེ་རིམ་འཕར་ལྷུ་ལག་བཀོལ་བ་དེ་རེད། རིམ་འཕར་ལྷུ་ལག་གི་འཆར་འགོད་འདི་འདྲ་ད་ལྟ་རེ་ཞུ་བྱེད་བཞིན་ཡོད། དེས་“སན་ཝས་ཆེའི”་གྲུབ་ཚུལ་སོ་སོར་ཕྱེས་ནས། Zདབྱིབས་ལྟ་བུ་ཞིག་ཏུ་འགྱུར་དུ་འཇུག་གི་ཡོད། དེ་འདྲ་ཡིན་ཚེ་ཚ་དྲོད་ཁྱབ་འགྱེད་བྱེད་པར་ནུས་པ་ཐོན་གྱི་ཡོད་པས་ལྷུ་ལག་དེས་ནུས་ཚད་མཐོ་བའི་ཉི་འོད་བསྡུ་ཐུབ། ཡིན་ནའང་དེའི་རྐྱེན་གྱིས་དྲོད་ཚད་མཐོ་རུ་འགྲོ་མི་སྲིད།
སྟོང་ཁང་ལྟེ་གནས་གཞན་ཞིག་དམིགས་སུ་བེད་སྤྱད་ན་འགྲོ་སོང་ཆེན་པོ་རེད། དེར་བརྟེན་ཅ་ཧྥེས་རང་ལ་བདག་པའི་མཁའ་དབྱིངས་ཁང་ཞིག་བསྐྲུན་ཡོད། ཁོས་བཤད་རྒྱུར་ཚོད་ལྟ་ཁང་དེ་ནི་ཆག་གྲུམ་རེ་རེ་བསྒྲིགས་ནས་བཟོས་པ་ཡིན་ཟེར། མཁའ་དབྱིངས་ཉི་ནུས་གློག་འདོན་ལ་མོས་མཐུན་མེད་པའི་བསམ་འཆར་གཙོ་བོ་ནི་གནམ་སྐུད་ལ་བརྟེན་ནས་མཉམ་དུ་འདུས་པའི་ནུས་ཚད་ཀྱིས་སའི་གོ་ལའི་རླུང་ཆེན་བང་རིམ་ལ་གནོད་བྱེད་པར་འདོད་པས་རེད། ཡིན་ནའང་ང་ཚོས་སྐུད་མེད་གློག་རྒྱུན་འཕེལ་འགྲིབ་དང་རླབས་ཕྲན་ལ་བརྟེན་ནས་ནུས་ཚད་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱེད་ཀྱིན་ཡོད། ཅང་ཧྥེས་བཤད་དོན་མི་རྣམས་ཀྱིས་སྐུད་མེད་གློག་རླབས་དང་ནུས་ཐོན་གཉིས་མཉམ་སྦྱོར་བྱེད་ཀྱི་མེད་དེ། རྒྱུ་མཚན་ནི་ཁོ་ཚོས་འདི་དག་རླུང་འཕྲིན་དང་བརྙན་འཕྲིན། ལག་ཁྱེར་ཁ་པར་ལྟ་བུར་ངོས་འཛིན་གྱི་ཡོད་པ་དང་། ཁོ་ཚོས་སྐུད་མེད་གློག་རླབས་ཀྱིས་ཕན་ནུས་ཆེ་བའི་ནུས་ཚད་མང་པོ་དེ་འདྲ་འཁྱེར་ཐུབ་ཀྱི་མ་རེད་བསམ་གྱི་ཡོད་ཟེར།

ཡོང་ཁུངས།: 
ཤིང་ལང་ཚན་རྩལ།

དཔྱད་གཏམ་འཇོག་པ།

Log in or register to post comments