ཇའོ་ཀྲེ་ཅ་མོ་ཕུ།
ཡིག་སྒྱུར།: 
ཞུ་དག།: 
སྤེལ་དུས།: 
2014-10-22 16

ཇའོ་ཀྲེ་ཅ་མོ་ཕུ་(George Gamow,1904-1968)ནི་ཨ་རིའི་རྡུལ་ཕྲན་དངོས་ཁམས་རིག་པ་མཁས་ཅན་དང་བར་ནང་རིག་པའི་མཁས་ཅན་ཞིག་ཡིན་ཞིང་ཁོ་ནི་ཨུ་རུ་སུ་ལ་འཁྲུངས། ཁོ་ལི་ཉི་ཁི་ལི་སློབ་ཆེན་ནས་སློབ་ཐོན་བྱས་རྗེས། ཡོ་རོབ་ཀྱི་སློབ་གྲྭ་མང་པོ་ནས་སློབ་ཁྲིད་བྱས་པ་དང་༡༩༣༤ལོར་ཨ་རིར་སྡོད་གནས་སྤར། ཁོ་ནི་འཇིག་རྟེན་འབྱུང་རྩ་“འབར་གས་ཆེན་མོ”སྨྲ་བའི་མཁས་ཅན་ཞིག་ཡིན། ཁོས་རྒྱུད་རྒྱུའི་གསང་བའི་ཨང་རྟགས་ཐད་ལ་ལེགས་སྐྱེས་ཕུལ་ཡོད་པ་མ་ཟད། ལྡོག་འཕྲོའི་རང་བཞིན་གྱི་ཚད་རྡུལ་ལྟ་བ་དང་རྡུལ་ཕྲན་སྙིང་བོའི“ཟིགས་མ”དཔེ་གཟུགས་ཀྱི་ལྟ་བ་བཏོན། ཁོ་དང་ཐ་ལེ་གཉིས་མཉམ་ལས་ཀྱིས་ཉམས་དམས་སུ་འགྲོ་བཞིན་པའི་མོ་ཅ་ཕུ་ཐ་ལེའི་གཞུང་ལུགས་ཀྱི་བརྟན་སྐར་དམར་པོའི་ནང་གི་གྲུབ་ཚུལ་གྱི་རིག་པའི་གཞུང་ལུགས་གཉིས་གཏན་འཁེལ་བྱས་པ་དང་། ཁོའི་བརྩམས་ཆོས་ཀྱི་དོན་ཟབ་གོ་སླ་བས་ཚལ་རྩལ་གྱི་དོན་རྣམས་འགྲེལ་བརྗོད་བྱེད་པ་དང་དངོས་ཁམས་རིག་པའི་གཞུང་ལུགས་དག་ཁྱབ་གདལ་གཏོང་བར་ཕན་ནུས་ཐོན་ཡོད།
ཅོ་ཀྲི་ཅ་མོ་ཕུ་ནི་ཨུ་རུ་སུའི་གྱི་དངོས་ཁམས་རིག་པ་གྲགས་ཅན་ཞིག་དང་གནམ་རིག་པ་ཞིག་ཡིན། ཁོ་ནི་ཨོ་ཏི་སི་དུས་རབས་གཅིག་གི་དམག་དཔོན་ཞིག་གི་ཁྱིམ་དུ་འཁྲུངས། ཁོའི་ཨ་ཁུ་གསུམ་སོ་སོ་འཇར་པན་དང་ཨུ་རུ་སུ་ཡི་དམག་འཁྲུག་དང་འཛམ་གླིང་དམག་ཆེན་དང་པོ། འཛམ་གླིང་དམག་ཆེན་གཉིས་པ་བཅས་ཀྱི་ནང་དམག་ས་ནས་གཤེགས། ཁོའི་སྤོ་བོ་ནི་ས་ཆ་ཁོ་རང་གི་ཆོས་དཔོན་ཆེན་པོ་ཞིག་ཡིན་པ་དང་ཚན་རིག་མཁས་ཅན་གྱི་ལྟ་བ་ཡོད། ཁོ་ལ་ཁོའི་ཨ་མས་ལོ་མདུན་གྱི་སྐབས་སུ་བན་ནག་གི་སྒྲུང་གཏམ་ཀློག་སྟངས་བསླབས་པ་ཡིན། ལོ་དགུའི་སྐབས་སུ་ཨ་མ་གྲོངས། ༡༩༡༤ནས༡༩༢༠ལོའི་བར་ཨོ་ཏི་སའི་དགེ་འོས་སློབ་གྲྭ་ནས་སློབ་སྦྱོང་བྱས། ༡༩༢༤ལོར་ཁོ་ལོ་ཉི་ཤུའི་སྐབས་སུ་ཟླ་བ་བཅུ་བ་དམར་པོའི་དམག་མིའི་སློབ་གྲྭར་དངོས་ཁམས་སློབ་ཁྲིད་བྱས་ཙང་། དམར་དམག་འབར་རྫས་ཧྲང་ཞོའོ་གི་དམག་མིའི་གོ་རྟགས་ཐོབ། དེའི་རྗེས་སུ་མེ་ཁ་ཤིལ་དུས་སུ་གོ་རྟགས་དེས་ཁོ་ལ་སེམས་ཁྲལ་ཆེན་པོ་བཟོས། ༡༩༢༦ལོར་ལི་ཉིང་ཀི་ལི་སློབ་ཆེན་སློབ་ཐོན་བྱས། ༡༩༢༨ལོ་མཚན་ཉིད་རིག་པའི་འབུམ་རམ་པའི་མིང་རྟགས་ཐོབ། ༡༩༢༨ནས༡༩༣༢བར་སྔ་རྗེས་སུ་ཏན་མག་གི་ཀི་པིན་ཧ་ཀིན་སློབ་ཆེན་དང་དབྱིན་ཇིའི་ཅན་ཇོའོ་སློབ་ཆེན་གྱི་གྲགས་ཅན་དངོས་ཁམས་རིག་པ་མཁས་ཅན་དང་མཉམ་དུ་ཞིབ་འཇུག་གི་ལས་ཀ་བྱས། ༡༩༣༡ལོར་སླར་ལི་ཉིང་ཀི་ལི་སློབ་ཆེན་དུ་ལོག་ནས་སློབ་ཁྲིད་བྱས། ༡༩༣༣ལོར་པ་ལི་བསྡོད་གནས་ཞིང་འཇུག་ཁང་དུ་ཞིབ་འཇུག་ལས་ཀ་བྱས། ༡༩༣༤ལོར་ཨ་རིར་སྡོད་གནས་སྤོས་པ་དང་ལེ་ཀྲེ་ཨན་སློབ་ཆེན་གྱི་འཆད་ཁྲིད་དགེ་རྒན་བྱས། ལོ་དེ་རང་གི་སྟོན་ཁར་ཧྭ་ཧྲེབ་ཏུན་སློབ་ཆེན་ལ་སློབ་ཁྲིད་བྱས་པ་རེད། ༡༩༥༤ལོར་ཅྭ་ལེ་ཕུ་ཉི་ཡ་སློབ་ཆེན་པོ་ཁི་ལིའི་སློབ་ལག་ནས་སློབ་ཁྲིད་བྱས། ༡༩༥༦ལོར་ཁ་ལོ་ཏོ་སློབ་ཆེན་གྱི་དགེ་རྒན་དུ་བསྒྱུར། ཏན་མག་གོང་མ་ཚང་ཚན་རིག་ཁང་གི་ཨོའན་ཧྲི་དང་ཨ་རིའི་དངོས་ཁམས་རིག་གཞུང་ལྷན་ཚོགས་དང་ཨ་རིའི་གནམ་དཔྱད་རིག་གཞུང་ལྷན་ཚོགས། ཨ་རིའི་མཚན་ཉིད་རིག་གཞུང་ལྷན་ཚོགས། རྒྱལ་སྤྱིའི་གནམ་དཔྱད་མཉམ་ལས་ཚོགས་པའི་འཐུས་མི་བཅས་ཡིན།
ཅ་མོ་ཕུ་ཡིས་གཙོ་བོ་རྡུལ་ཕྲན་དངོས་ཁམས་རིག་པ་ལ་ཞིབ་འཇུག་བྱེད་ཀྱི་ཡོད། གཞོན་དུས་རྡུལ་ཕྲན་གྱི་སྙིང་པོའི་རྡུལ་བཞུར་གཟུགས་ཀྱི་ལྟ་བ་བཏོན། དེང་རབས་ཀྱི་ཉིལ་རྡུལ་གས་འགྱུར་དང་ཉིལ་རྡུལ་འདུས་འགྱུར་གྱི་རིག་པའི་གཞུང་ལུགས་འདོན་པར་གལ་ཆེའི་ཤུགས་རྐྱེན་ཐེབས་ཡོད། ༡༩༢༨ལོར་གཞི་རྡུལ་གྱི་ཚབ་བྱེད་ལ་སྤུལ་རྡུལ་བེད་སྤྱད་དེ་རྡུལ་རྙིང་ལ་ར་བ་རྡུང་གཏོང་བའི་ལྟ་བ་བཏོན་པ་དང་། དེས་རྡུལ་ཕྲན་དངོས་ཁམས་རིག་པའི་འཕེལ་རྒྱས་ལ་ནུས་པ་ཚབས་ཆེན་ཐོན་དང་། རྡུལ་ཕྲན་དངོས་ཁམས་རིག་པ་དེ་བརྟན་སྐར་རིམ་འགྱུར་བྱེད་པའི་གནད་དོན་ཐག་གཅོད་བྱེད་པར་བེད་སྤྱད་ཡོད། ༡༩༣༩ལོར་ སྐར་མ་གསར་པ་བརྒལ་བའི་བར་རྡུལ་རིག་པའི་གཞུང་ལུགས་བཏོན་པ་དང་ ༡༩༤༢ལོར་སྐར་མ་དམར་ཆེན་གྱི་སྒྲོམ་དཔེའི་གཟུགས་རིས་བཏོན། ༡༩༤༠ལོར་ཅ་མོ་ཕུ་ཡིས་ཁོའི་སློབ་མ་ལྷག་ཕུ་ཨ་ཕེར་དང་ལོ་པོ་ཐེ་ཨའོ་མན་མཉམ་དུ་ལྟོས་བཅས་སྨྲ་བ་འཇིག་རྟེན་རིག་པར་དྲངས་ནས། ་ཚ་རྡུང་དང་འབར་གས་ཆེ་བའི་འཇིག་རྟེན་རིག་པའི་དཔེ་གཟུགས་བཏོན། ༡༩༤༨ལོར་རྫས་འགྱུར་རྒྱུའི་འབྱུང་རྩ་གསར་བའི་གཞུང་ལུགས་བརྩམས་ཏེ། རྒྱུ་སྣ་ཚོགས་ནི་བར་རྡུལ་བསྟུད་མར་གསོན་བཟུང་བྱེད་པའི་གོ་རིམ་དུ་ཐོན་པ་དང་སྤྲི་དཀར་གྱི་རིག་པའི་རྒྱུད་འཛིན་གྱི་གསང་བའི་ཨང་རྟགས་ཀྱི་ཚོད་ལྟ་དེའང་བཏོན།
ཁོ་ད་དུང་ཕུལ་བྱུང་གི་ཚན་སྒྲུང་རྩོམ་པ་པོ་ཞིག་ཡིན་ལ། ཁོའི་མི་ཚེ་གང་པོར་བརྩམས་ཆོས་ཕུལ་བྱུང་༢༥བརྩམས་པའིནང་བརྩམས་ཆོས༡༨ནི་ཚན་སྒྲུང་ཡིན། དེ་དག་ལས་གྲགས་ཆེ་ཤོས་འགའ་ཤས་ནི《འཇིག་རྟེན་ཁམས་ཀྱི་གྲུབ་ཚུལ།》(༡༩༥༢)དང་《དངོས་ཁམས་རིག་པའི་རྨང་གཞི་དང་ཁྱབ་ཁོངས་གསར་པ།》(༡༩༦༠)《དངོས་ཁམས་རིགས་པའི་འཕེལ་རིམ།》(༡༩༦༡)སོགས་ཡོད། ཁོས་ཚན་སྒྲུང་ཐད་ལ་ཁྱད་འཕགས་ཀྱི་བྱས་རྗེས་བཞག་པས། ༡༩༥༦ལོར་ཁོང་མཉམ་འབྲེལ་རྒྱལ་ཚོགས་ཚན་རྩལ་རིག་གནས་རྩ་འཛུགས་ཀྱིས་ག་ལིན་ཅ་ཚན་རྩལ་ཁྱབ་སྤེལ་བྱ་དགའ་གནང།