དབྱིབས་རིས་ཁྲོད་ཟུར་གསུམ་མ་ནི་ཆེས་བརྟན་ཤོས་དེ་ཡིན་ཟེར་དོན་ཅི་ཡིན།
ཡིག་སྒྱུར།: 
ཞུ་དག: 
སྤེལ་དུས།: 
2014-10-22 16

        

       ཟུར་གསུམ་མ་ནི་མཐའ་གསུམ་ལས་གྲུབ་པ་ཞིག་ཡིན་ཞིང་།   མཐའ་སོ་སོར་ཟུར་རེར་ཡོད་པ་མ་ཟད་མཐའི་རིང་ཚད་ཀྱིས་ཟུར་གྱི་ཆེ་ཆུང་གཏན་འཁེལ་ཐུབ།  དེར་བརྟེན་མཐའ་དང་ཟུར་གཉིས་ཀྱི་འབྲེལ་བ་ཡང་གཏན་འཁེལ་ཐུབ།  ཡིན་ནའང་མཐའ་གསུམ་ལས་མང་བའི་མཐའ་མང་དབྱིབས་གང་འདྲ་ཞིག་ཡིན་རུང་མཐའ་དེར་དོ་མཉམ་གྱི་ཟུར་གཉིས་ཡན་ཡོད། གཞན་ད་དུང་ཟུར་གཉིས་ཡན་ནི་མཐའ་གཅིག་གིས་གཏན་འཁེལ་བྱེད་ཀྱི་ཡོད།  དེ་ལྟར་ཟུར་དེ་ཚོའི་ཆེ་ཆུང་ལ་འགྱུར་བ་མ་ཕྱིན་པའི་གནས་ཚུལ་འོག་དེ་ལ་ལྟོས་པའི་མཐའ་ལ་འགྱུར་བ་ངེས་ཅན་ཞིག་འགྲོ་ངེས་ཤིང་།  དེ་ཉིད་གུག་པར་བྱེད་པ་དང་འཁྱོག་པ་སོགས་དབྱིབས་འགྱུར་ཐུབ་པས་བརྟན་པོ་ཞིག་མེད།   འོན་ཀྱང་།  ཟུར་གསུམ་མའི་མཐའ་གཅིག་གཏན་འཁེལ་བྱུང་རྗེས་དེ་དང་དོ་མཉམ་ཟུར་གྱི་ཆེ་ཆུང་ཡང་གཏན་འཁེལ་བྱེད་ཐུབ་པས་འགྱུར་བ་མེད།  གལ་སྲིད་ཟུར་ཚད་ལ་འགྱུར་བ་མ་བྱུང་ན།  ཟུར་གསུམ་མའི་དབྱིབས་འགྱུར་མི་སྲིད་པས་ན།  ཟུར་གསུམ་མ་ནི་ཆེས་བརྟན་ཤོས་ཀྱི་དབྱིབས་རིས་ཤིག་རེད་ཅེས་བརྗོད་པ་ཡིན།