ལི་གྲ་ཏའ་ཕེར་དམན།
ཡིག་སྒྱུར།: 
ཞུ་དག།: 
སྤེལ་དུས།: 
2014-10-22 17

ལི་གྲ་ཏའ་.ཕེར་དམན་ནི་(RichardFcynam ༡༩༡༨ལོ་ཟླ་༥ཚེས་༡༡-༡༩༨༨ལོ་ཟླ་༢ཚེས་༡༥)ཨ་མེ་རི་ཁའི་གྲགས་ཅན་གྱི་དངོས་ཁམས་རིག་པའི་མཁས་ཅན་ཞིག་ཡིན།༡༩༦༥ལོར་ནོར་པེལ་དངོས་ཁམས་རིག་པའི་བྱ་དགའ་ཐོབ། ཁོས་ཕེར་དམན་རི་མོ་དང་ཕེར་དམན་ལམ་སྲོལ་དེ་བཞིན་ཡང་བསྐྱར་ཚད་ལྡན་ཅན་གྱི་རྩི་འཕྲུལ་ཐབས་ལམ་བཅས་གསར་འདོན་བྱས་ཡོད་ཅིང་དེ་དག་ནི་ཚལ་རྡུལ་གློག་རྡུལ་ཤུགས་རིག་དང་གཞི་རྡུལ་དངོས་ཁམས་རིག་པའི་མེད་དུ་མི་རུང་བའི་ལག་ཆ་ཡིན། ཕེར་མན་གྱིས་ད་དུང་ཧུའུ་དམས་བྱ་བའི་གླུ་གར་འཁྲབ་རྩལ་ཞིག་ཀྱང་གསར་རྙེད་གནང་ཡོད་ལ། ཁོ་རྟག་ཏུ་ཧུའུ་དམས་གྱི་འབྱུང་གནས་ཐུའུ་བ་ལ་ཕེབས་འདོད་ཡོད་རུང་ཕྱིས་ཐུགས་འདུན་ལེགས་གྲུབ་བྱུང་མེད།
ཕེར་དམན་གྱིས་ལོ་རབས་༤༠རིང་ལ་ཆ་བསགས་ལམ་བུའི་ཐོག་ནས་ཚལ་རྡུལ་འགུལ་ཚད་མཚོན་པའི་ཐབས་ལམ་ལ་འཕེལ་རྒྱས་བཏང་ཡོད་ལ། དེ་བཞིན་༡༩༤༨ལོར་ཚལ་རྡུལ་གློག་རྡུལ་ཤུགས་རིག་གྱི་རིག་གཞུང་རྣམ་པ་གསར་པ་དང་རྩིས་འཕྲུལ་ཐབས་ལམ་དེ་བཞིན་ཡང་བསྐྱར་ཚད་ལྡན་ཅན་ཐབས་ལམ་ཡང་འཁོ་འདོན་བྱས་ཤིང་དེ་དག་ལས་ཚལ་རྡུལ་གློག་རྡུལ་ཤུགས་རིག་གྱི་ཐོར་འགྲོའི་དཀའ་ཁག་ལ་སྔོན་འགོག་བྱས་ཡོད་།ཚལ་རྡུལ་ཁོངས་ཀྱི་“ཕེར་དམན་འགུལ་ཚད་”དང་“ཕེར་དམན་འཁྱབ་སྤེལ་” “ཕེར་དམན་སྒྲིག་སྲོལ་”ལ་སོགས་པ་ཁོང་རང་ཉིད་ཀྱི་རུས་མིང་ནས་མིང་གསོལ་རེད།
ཕེར་དམན་རེའུ་མིག་ནི་ཕེར་དམན་གྱིས་་ལོ་རབས་༤༠དུས་མཇུག་ལ་གསར་དུ་འདོན་པ་དང་། དེ་བརྟེན་ནས་ར་བ་དང་ར་བ་ཕན་ཚུན་གྱི་ནུས་པར་ཞིབ་གླེང་བྱེད་ཐུབ་ཅིང་ཞིབ་ཚགས་པའི་སྒོ་ནས་བརྒྱུད་རིམ་གྱི་ངོ་བོ་གསལ་འདོན་བྱས་ཡོད། ཕེར་དམན་རེའུ་མིག་ཆེས་སྔ་མོ་ནས་ཡོངས་ཁྱབ་དུ་བེད་སྤྱད་ཅིང་ད་བར་དངོས་ཁམས་རིག་པའི་ཁྲོད་ཀྱི་གློག་ཁབ་ལེན་གྱི་ནུས་པ་མཚོན་ཐབས་གཙོ་བོ་ཡིན། ཕེར་དམན་རེའུ་མིག་གྱིས་དངོས་ཁམས་བརྒྱུད་རིམ་གོ་དོན་ཅན་དང་གྲངས་རེག་ཅན་གྱི་ཐག་གཅོད་ཐབས་ལ་འགྱུར་བ་བཏང་ཡོད། ཕེར་དམན་གྱིས་རྟག་ཏུ་རང་ཉིད་ཀྱི་ཐུན་མིན་གྱི་ཐབས་ལམ་ནས་དངོས་ཁམས་རིག་པར་ཞིབ་འཇུག་གནང་བཞིན་ཡོད། ༡༩༦༨ལོར་ཕར་དམན་གྱིས་གློག་རྡུལ་གཏིང་ཚད་ལྡེམ་ཤུགས་མིན་པའི་ཚོད་ལྟ་དང་པཱོ་ཡོལ་གན་གྱི་རྟགས་ཚད་ལ་བརྟེན་ནས་ནུས་མཐོའི་ལྗིད་རྒྱུའི(强子)དཔེ་རིས་གསར་འདོན་བྱས། དཔེ་རིས་འདི་རིགས་ཀྱི་མཐོ་རྒྱུ་ནི་གཞི་རྡུལ་མང་པོས་གྲུབ་ཅིང་གཞི་རྡུལ་འདི་རིགས་ལ་ཆ་ཤས་རྡུལ་ཟེར། དཔེ་རིས་འདིས་ཁ་གསལ་གོ་བདེའི་ཐོག་ནས་ཡང་རྒྱུ(轻子)ཡིས་སྙིང་རྡུལ་གྱི་གཏིང་ཚད་ལྡེམ་ཤུགས་མིན་པའི་ཐོར་འཕྲོ་དང་གློག་རྡུལ་རྩ་ནུབ་འཐོར་འཕྲོ་སོགས་ཀྱི་བརྒྱུད་རིམ་ལ་ཞིབ་བརྗོད་བྱས་ཡོད། ཚལ་རྡུལ་གློག་རྡུལ་ཤུགས་རིག་ཐད་ཀྱི་ཕུལ་བྱུང་གྲུབ་འབྲས་ཕུད། ཕར་མན་གྱིས་ད་དུང་གཤེར་གཟུགས་རྒྱུག་གཟུགས་སྣང་ཚུལ་གྱི་གྲངས་རིག་རིག་གཞུང་ཡང་གསར་སྐྲུན་གནང་ཡོད།