ལྕགས་རིགས་ཡང་ཤོས་
ཡིག་སྒྱུར།: 
སྤེལ་དུས།: 
2015-05-23 22
      འཛམ་གླིང་ཐོག་ལྗིད་ཚད་ཡང་ཤོས་ཀྱི་ལྕགས་རིགས་ནི་ལྕགས་རིགས་ལྰི་ཞེས་པ་དེ་ཡིན།  
     ལྰི་སྤུས་མའི་འདུས་ཚད་ནི་ཤིང་སྐམ་པོ་ཞིག་དང་འདྲ་སྟེ།  སྤྱིར་བཏང་དུ་ལྕགས་རིགས་ཡང་པོར་འདོགས་པའི་ཧ་ཡང་གི་འདུས་ཚད་གྱི་ལྔ་ཆ་གཅིག་ཡིན་པ་དང་།   ལྗིད་ཚད་ནི་བོངས་ཚད་གཅིག་མཚུངས་ཀྱི་ཆུའི་ལྗིད་ཚད་ཀྱི་ཕྱེད་ཙམ་ལས་མེད།  ལྰིའི་འདུས་ཚད་ནི་ལི་སྨི་གྲུ་བཞི་ལྷམ་པ་གཅིག་ལ་ཁེ་0.534ཡིན་ཏེ།  དེ་རླངས་སྣུམ་ནང་རླུགས་ཚེ་ཤིང་གི་ཁེབ་གཅོད་མཉེན་པོ་དང་འདྲ་བར་ཁ་ཐོག་ཏུ་གཡེང་། 
   ལྕགས་རིགས་ལྰི་ནི་འགྱུར་སླ་བའི་བུལ་ཅན་ལྕགས་རིགས་ཀྱི་གཞི་རྒྱུ་ཞིག་ཡིན་པ་དང་།  བུལ་ཅན་ལྕགས་རིགས་ཀྱི་གཞི་རྒྱུའི་ཁྲོད་རྒྱུན་གཏན་གྱི་དྲོད་ཚད་འོག་ཏན་རླུང་དང་འབྲེལ་འགྱུར་ཐུབ་པའི་ལྕགས་རིགས་གཅིག་པུ་དེ་ཡིན།  ལྕགས་རིགས་དེ་ངེས་པར་དུ་རྡོ་ཚིལ་དང་རྡོ་ལའི་ནང་ཉར་འཇོག་བྱ་དགོས།  ཐོག་མར་བཟོ་ལས་ཐོག་ལྰིའི་སྤྱོད་ཡུལ་མང་ཤོས་ནི་ལྰི་སྐྱུར་སྲ་ཚིལ་གྱི་རྣམ་པའི་ཐོག་ནས་འཇམ་འདྲེད་བྱེད་རྫས་ཀྱི་གར་ཚད་སྤེལ་རྫས་བྱས་པ་དེ་ཡིན།  ལྰིའི་གཞི་ཚུལ་གྱི་འཇམ་འདྲེད་ཚིལ་ལ་ཆུ་འགོག་རང་བཞིན་དང་།  ཚ་ཚད་མཐོན་པོ་ཐེག་པ།  ཚ་ཚད་དམའ་བའི་ནུས་གཤིས་བཅས་ཆབ་གཅིག་ཏུ་ལྡན།
ལྰིའི་གཞི་ཚུལ་གྱི་འཇམ་འདྲེད་ཚིལ།
   ལྕགས་རིགས་ལྰི་ནི་རྡུལ་ཕྲན་ནུས་པའི་བཟོ་ལས་ཐོག་བེད་སྤྱད་བྱས་ཆོག་ལ། བསྲེས་ལྕགས་ཁྱད་པར་ཅན་གྱི་རིགས་དང་ཤེལ་སྒོ་ཐུན་མོང་མ་ཡིན་པའི་རིགས་ལ་སོགས་པ་བཟོ་ཐུབ།
བསྲེས་ལྕགས་ཁྱད་པར་ཅན།
ཐུན་མོང་མ་ཡིན་པའི་ཤེལ་སྒོ།
 
锂— ལྰི།
密度— འདུས་ཚད།
碱金属— བུལ་ཅན་ལྕགས་རིགས།
氮气— ཏན་རླུང་།
凡士林— རྡོ་ཚིལ།
石蜡— རྡོ་ལ།
硬脂酸锂— ལྰི་སྐྱུར་སྲ་ཚིལ།
润滑剂— འཇམ་འདྲེད་བྱེད་རྫས།
增稠剂— གར་ཚད་སྤེལ་རྫས།
合金— བསྲེས་ལྕགས།
锂基润滑脂— ལྰིའི་གཞི་ཚུལ་གྱི་འཇམ་འདྲེད་ཚིལ།