འཕྲིན་ཐུང་ཐོག་མ།
སྤེལ་དུས།: 
2015-05-23 22
         སྤྱི་ལོ༡༩༩༢ལོར། འཛམ་གླིང་ཐོག་གི་འཕྲིན་ཐུང་ཐོག་མ་དེ་དབྱིན་ཇིའི་འོ་ཟླ་ཧྥོང(Vodafone)དྲ་བའི་ཐོག་ཏུ་གློག་ཀླད་བརྒྱུད་ནས་ལག་ཐོག་ཁ་པར་ཐོག་བདེ་བླག་ངང་སྐུར་ཐུབ་པ་བྱུང་བ་རེད། དེ་ནས་བཟུང་ལག་ཐོག་ཁ་པར་གྱི་འཕྲིན་ཐུང་ཞེས་པ་དེ་མངོན་འགྱུར་བྱུང་།
    གཞན་ཡང་ཀྲུང་གོའི་འཕྲིན་ཐུང་ཐོག་མ་དེ་དུས་ནམ་ཞིག་ལ་ས་ཆ་གང་ཞིག་ཏུ་དབུ་བརྙེས་མིན་གསལ་པོར་རྟོགས་མེད།  འོན་ཀྱང་བརྟག་དཔྱད་བྱས་པ་བརྒྱུད།  སྤྱི་ལོ༡༩༩༤ལོ་ནས་བཟུང་ཀྲུང་གོའི་སྤོ་འགུལ་འཕྲིན་གཏོང་དྲ་བར་འཕྲིན་ཐུང་གི་ནུས་པ་ལྡན་འདུག  ཡིན་ནའང་།  སྐབས་དེ་དུས་ལག་ཐོག་ཁ་པར་བེད་སྤྱོད་བྱེད་བཞིན་པའི་འོ་ཟླ་ཧྥོང(Vodafone)གི་མི་རྣམས་ལ་འཕྲིན་ཐུང་དེ་དགོས་མཁོ་མེད།
དབྱིན་ཇིའི་འོ་ཟླ་ཧྥོང་།
     ལག་ཐོག་ཁ་པར་ཉིན་རེ་བཞིན་ཁྱབ་གདལ་སོང་བ་དང་སྦྲགས།  སྤྱི་ལོ༡༩༩༨ནས་བཟུང་འགུལ་འཕྲིན་དང(移动) འབྲེལ་འཕྲིན(联通) གློག་འཕྲིན(电信)སོགས་ཀྱི་མཐུན་གཉེར་ཁང་མང་པོས་སྔ་རྗེས་སུ་འཕྲིན་ཐུང་ཁྱབ་གདལ་ཤུགས་ཆེན་བྱས།  
 སྤྱི་ལོ༢༠༠༠ལོར་ལག་ཐོག་ཁ་པར་གྱི་འཕྲིན་ཐུང་གྲངས་ཚད་དུང་ཕྱུར༡༠འགལ་བ་དང་།  ༢༠༠༡ལོར་གྲངས་ཚད་དུང་ཕྱུར༡༨༩ཟིན།  དེ་མིན༢༠༠༤ལོར་གྲངས་ཚད་དུང་ཕྱུར༩༠༠ཟིན་ཡོད་པས་འཕྲིན་ཐུང་ཡང་བརྒྱུད་སྤེལ་གྱི་ཡོ་བྱད་ཨང་ལྔ་པར་གྱུར་ཡོད།  “འཕྲིན་ཡིག་གི་འཚོ་བ”ཞེས་པའི་བཤད་ཚུལ་ཡང་དུས་དེ་ནས་བྱུང་།  
དེར་བརྟེན༡༩༩༨ལོ་ནས་ད་ལྟའི་བར་འཕྲིན་ཐུང་ནི་ང་ཚོའི་འཚོ་བའི་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ།  ང་ཚོའི་འཚོ་བ་ཡང་འཕྲིན་ཐུང་གིས་རྐྱེན་པས་འགྱུར་བ་ངེས་ཅན་འགྲོ་བཞིན་ཡོད།