ཆེས་ཡང་ཤོས་ཀྱི་རླུང་གཟུགས།
སྤེལ་དུས།: 
2015-05-24 10
འཛམ་གླིང་ཐོག་ཆེས་ཡང་ཤོས་ཀྱི་རླུང་གཟུགས་ནི་ཆིང་རླུང་ཡིན། ཆིང་རླུང་ནི་མཁའ་རླུང་ལས་ལྡབ14ཡིས་ཡང་བ་ཡོད་དེ་ལི་སྨི་གྲུ་བཞི་མ་གཅིག་ལ་ལྗིད་ཚད་ཁེ0.00008989ལས་མེད།
  སྐར་མའི་སྒོ་ལའི་ཐོག་འགུལ་སྐྱོད་བྱེད་བཞིན་པའི་དངོས་པོ་ཞིག་གི་འགུལ་ཤུགས་དེ་གྲངས་ངེས་གཏན་ཞིག་ལ་སླེབས་པའི་ཚེ།  དེས་སྐར་མའི་སྒོ་ལའི་འཐེན་ཤུགས་ལས་བྲལ་ཏེ་ནམ་མཁའི་དབྱིངས་སུ་བསྐྱོད་ཐུབ་པས་མྱུར་ཚད་དེར་བྲོས་ཚད་ཅེས་བརྗོད།  སའི་སྒོ་ལའི་སྟེང་གི་བྲོས་ཚད་ནི་ཧ་ལམ་སྐར་ཆ་གཅིག་གི་ནང་སྤྱི་ལེ་Uའགྲོ་ཐུབ།  ཆིང་རྡུལ་ཕྲན་གྱི་མྱུར་ཚད་ནི་བྲོས་ཚད་ལས་མྱུར་བས་ཆིང་རླུང་ད་ཆ་བར་སྣང་ཁམས་སུ་སྐྱོད་ཟིན།  དེར་བརྟེན་སའི་གོ་ལའི་སྟེང་གི་རླུང་ཁམས་ཆེན་མོའི་ཁྲོད་ཕལ་ཆེར་ཆིང་རླུང་མེད་དོ།
  སྤྱི་ལོ1780ལོར། ཧྥ་རན་སེའི་རྗས་འགྱུར་མཁས་ཅན་ཞིག་གིས་ཕག་པའི་ལྒང་ཕུག་ནང་ཆིང་རླུང་བླུགས་ནས་འཛམ་གླིང་ཐོག་གི་ཆེས་ཐོག་མའི་ཆིང་རླུང་གི་དབུགས་ལྒང་བཟོས་པ་དང་།  དེ་དལ་བུར་མཁའ་དབྱིངས་སུ་འཕུར་བསྐྱོད་བྱ་ཐུབ་པ་བྱུང་།  ད་ཆ་མི་རྣམས་ཀྱིས་འགྱིག་གི་ལྒང་ཕུག་ནང་ཆིང་རླུང་བླུགས་ནས་ཆིང་རླུང་གི་དབུགས་ལྒང་མང་པོ་བཟོ་བཞིན་ཡོད།