སྟོང་གསུམ་འཇིག་རྟེན་ཁམས་ལ་ཐོག་མ་ཡོད་དམ།
ཡིག་སྒྱུར།: 
སྤེལ་དུས།: 
2015-05-24 10

བཀའ་དྲི་ཞུ་རྒྱུར། སྟོང་གསུམ་འཇིག་རྟེན་ཁམས་ལ་ཐོག་མ་ཡོད་དམ།

འཇིག་རྟེན་སྦོས་པ་དེས་དུས་ཐོག་མའི་འཇིག་རྟེན་འདི་ཆུང་ཆུང་ཡིན་པ་གསལ་བཤད་བྱས། བཤད་སྟངས་དེ་འདྲ་བྱས་ན། ཕྱིར་ལོག་ཞིག་བྱས་ནས་ཚད་ངེས་ཅན་གྱི་དུས་འགོར་ལོག་པའམ་ཡང་ན་འདས་ཟིན་པའི་དུས་ཚིགས་ཞིག་ནང་འཇིག་རྟེན་འདི་རིང་ཐུང་མེད་པའི་ཚེག་ཞིག་ཏུ་འགྱུར་རམ། གལ་སྲིད་བསམ་ཚོད་འདི་འདྲ་ཞིག་བྱས་ན། འཇིག་རྟེན་ལ་ཐོག་མ་ཡོད་པ་དེ་སྒྲུབ་ཐུབ། དུས་རྒྱུན། འདི་འདྲའི་འཇིག་རྟེན་ཐོག་མ་ལ“འཇིག་རྟེན་འབར་གས་ཆེན་མོ”ཞེས་བརྗོད།

   འདི་གའི“འཇིག་རྟེན་འབར་གས་ཆེན་མོ”ནི་འཇིག་རྟེན་བལྟམས་པ་ལ་གོ།  ཡིན་ནའང་།  “འཇིག་རྟེན་འབར་གས་ཆེན་མོ”ནི་སྐབས་རེ་འདུས་ཚད་དང་དྲོད་ཚད་མཐོ་བའི་དུས་ཐོག་མའི་འཇིག་རྟེན་ཆུང་བ་ཞིག་རེད་ཅེས་ཤོད་ཀྱིན་ཡོད།  སྐབས་དེར།  འཇིག་རྟེན་ཐོག་མའི་དུས་རིམ་ནི།  མེད་པ་ནས་ཡོད་པ→འབར་གས→འཇིག་རྟེན་འབར་གས་ཆེན་མོ་ཡིན།
     ༡༩༨༢ལོར།  ཨ་ལི་སི་ཌ(Alexander Vilenkin)འབུམ་རམས་པས་རྟག་གཏན་སྦོས་པའི(eternal inflation)གཞུང་ལུགས་ཏེ།  འཇིག་རྟེན་ནི་དུས་ཚོད་དང་བར་སྟོང་མེད་པ་ལས་སྐྱེས་པ་ཞིག་ཡིན་ཅེས་པའི་བསམ་ཚུལ་བཏོན།  འོན་ཀྱང་གཞུང་ལུགས་དེ་ཚོད་དཔག་ཙམ་ཞིག་ཡིན།
    ཧོ་ཁིན(Stephen William Hawking)འབུམ་རམས་པ་སོགས་ཀྱིས་འཇིག་རྟེན་འབྱུང་རྩ་རིག་པ་དང་འདྲ་བའི་བཤད་སྟངས་སྤེལ། གང་འདྲ་ཡིན་ཡང་རིག་གཞུང་དེ་དག་གིས་འཇིག་རྟེན་ཐོག་མ་ཡོད་མ་ཡོད་གསལ་བཤད་མི་ཐུབ།
      ད་དུང་རིག་གཞུང་གཞན་གྱིས་འཇིག་རྟེན་ནི་སྦོས་པ་དང་འཁུམ་པ་བརྗེ་རེས་བྱས་པ་ཡིན་ཅེས་བཤད།  ཁ་གསལ་པོར་བཤད་ན་འཇིག་རྟེན་འབར་གས་ཆེན་མོའི་སྔོན་ནས་འཇིག་རྟེན་ཡོད་པར་བཤད། འཇིག་རྟེན་འཁུམ་ནས་སྦོ་ལུག་པ།  དེ་ནས་རྫུ་འཕྲུལ་སྟོན་པ་ནང་བཞིན་རང་གཟུགས་སྒྱུར་ནས་གསར་སྐྱེས་མེ་འབར།  དུས་ཡུན་རིང་པོ་སོང་རྗེས་འཇིག་རྟེན་འདི་སླར་ཡང་འཁུམ་སྲིད།  དེ་ལྟར་ཡང་བསྐོར་བསྐྱར་བསྐོར་ཚད་མེད་བྱ་བཞིན་མཆིས། 
  བྱས་ན་འཇིག་རྟེན་ལ་ཐོག་མ་ཡོད་དམ།  ཡང་ན་རྒྱུན་ཆད་མེད་པར་བསྐྱར་ཟློས་ཀྱིས་སྐྱེས་པ་དང་དེ་ནས་རྩ་མེད་དུ་འགྲོ་བཞིན་ཡོད།  ཡང་མིན་ན་རྩ་བ་ནས་གཅིག་པ་མི་ཡིན་པའི་སྣང་ཚུལ་གཞན་ཡོད་སྲིད་དམ།  ད་ལྟ་བསྡོམས་ཚིག་ཞིག་འཇོག་པར་སྔ་སོང་བ་རེད།
  འཇིག་རྟེན་ལ་ཐོག་མ་ཡོད་ཅེས་པའི་བསམ་ཚུལ་དེ་ནི་དེང་རབས་ཀྱི་འཇིག་རྟེན་རིག་པའི་ཚད་ལྡན་སྣང་ཚུལ་ཞིག་རེད།  ཡིན་ནའང་འཇིག་རྟེན་ཐོག་མ་ཡོད་པ་དེ་རང་ལ་གནམ་དཔྱད་པའི་ར་སྤྲོད་ཐོབ་མེད།  འོན་ཏེ་ད་དུང་འཇིག་རྟེན་སྐྱེས་འཇིག་བསྐྱར་ཟློས་བྱེད་པའི་ཚོད་དཔག་ཡང་གནས་ཡོད།
མིང་འགྲེལ་
སྟོང་གསུམ།    སྟོང་དང་པོ་སྟོང་སྤྱི་ཕུད་དང་།  སྟོང་གཉིས་པ་བར་མའི་འཇིག་རྟེན་ཁམས།  སྟོང་གསུམ་པ་སྟེ་སྟོང་གསུམ་གྱི་སྟོང་ཆེན་ཆེན་པོ་བཅས་གསུམ་མོ།
འཇིག་རྟེན།    སྣོད་འཇིག་པ་ལ་བཅུད་འཁྲུལ་བ་བརྟེན་པས་འཇིག་རྟེན་ཞེས་བྱ་སྟེ།  ཕྱི་སྣོད་གླིང་བཞི་གླིང་ཕྲན་ལྷུན་པོ་ཉི་ཟླ་དང་བཅས་པ་དང་།  ནང་བཅུད་ཁམས་གསུམ་གྱིས་བསྡུས་པའི་སེམས་ཅན་རྣམས་སོ།  མིང་གི་རྣམ་གྲངས་ལ་སྐྱེ་འགྲོ་དང་།  འགྲོ་རྟེན།  གནས་རྟེན། སྲིད་པ་བཅས་སོ།
འཇིག་རྟེན་ལ་ས་འོག་དང་། ས་སྟེང་། ས་བླ་སྟེ་གསུམ་ཡོད་པས་གྲངས་གསུམ་མཚོན།