ཉི་འགོག་བྱུག་རྫས་ཀྱིSPFཚད་ནི30ལས་འགལ་མི་རུང་ངམ།
སྤེལ་དུས།: 
2015-06-08 16
    གདོང་གི་པགས་པ་སེར་པོར་འགྱུར་བ་དང་སྙི་མོར་འགྲོ་བ་སོགས་ཀྱི་རྒས་པའི་སྣང་ཚུལ་དེ་དག་ནི་མི་མང་པོས་བཟོད་ཐབས་བྲལ་བ་ཞིག་རེད།  ལུས་ཀྱི་མདངས་ཉམས་ནས་ལོ་ཡི་བར་ཆད་འཕྲད་པའི་དུས་ཀྱི་མཚམས་ན་མི་ག་ཚོད་ཀྱིས་མེ་ལོང་མདུན་དུ་རང་གི་ངོ་གདོང་ལ་ལྟ་བཞིན་ཁ་ནས་དུས་ཚོད་ནི་ཤན་གྲི་ཞིག་རེད་ཨང་ཞེས་སྐྱོ་འབོད་བྱེད།  ལྷན་རྒྱས་ཀྱིས་གདོང་གི་པགས་པ་རྒས་པའི་ཐད་ལ་དེ་བས་ཤེས་རྟོགས་དང་དོ་སྣང་ཡོང་ཆེད་ངེས་པར་དུ་དེའི་གྲུབ་སྟངས་དང་གྲུབ་རྐྱེན་ཐད་ལ་གསལ་པོར་ཤེས་དགོས།
  པགས་པ་རྒས་པར་རིགས་གཉིས་དབྱེ་སྟེ།  རང་བཞིན་དུ་རྒས་པ་དང་འོད་ཀྱིས་རྒས་པ་གཉིས་སུ་དབྱེ།  སྔ་མ་དེ་འགོག་ཐབས་མེད་པ་ཞིག་ཡིན།  འོན་ཀྱང་ཕྱི་མ་ནི་སྨུག་ཕྱིའི་འོད་ཟེར་རམ་གཞན་གནོད་འཚེ་ལྡན་པའི་འོད་ཕོག་པ་ལས་རྒས་པ་ཞིག་ཡིན་ཞིང་།  དེར་ཕྱི་འགྱངས་བྱེད་ཐབས་ཡོད་དེ།   ཉི་འགོག་བྱེད་པ་ནི་ཐབས་ཤེས་གཙོ་བོ་ཞིག་གོ །
   ཉི་མའི་སྨུག་ཕྱིའི་འོད་ཟེར་གྱི་གནོད་འཚེ་འགོག་ཆེད་ཉི་འགོག་དངོས་རྫས་མང་པོ་གསར་དུ་བཟོས་ཡོད།  ཉི་འགོག་བྱུག་རྫས་དེ་ཡང་དབྱར་དུས་མེད་དུ་མི་རུང་བ་ཞིག་ཏུ་འགྱུར།  འོ་ན་བྱུག་རྫས་གང་འདྲ་ལེགས་སམ་ཞེ་ན།   SPF ཚད་དེ་དཔྱད་གཞིར་འོས་པའི་ཚད་འཛིན་ས་ཞིག་ཏུ་འགྱུར་ཡོད།
     SPF(Sun Protection Factor)ཉི་འོད་སྲུང་སྐྱོབ་སྟོན་གྲངས་སམ་ཉི་འགོག་སྟོན་གྲངས་ནི།  ཨ་རིའི་ཟས་རིགས་སྨན་རྫས་དོ་དམ་ལས་ཁུངས( FDA)ཀྱིས་བཏོན་པའི་ཐ་སྙད་ཅིག་ཏེ། 1978ལོར།  FDAཡིས་ཐོག་མརSPFཡི་ཚད་ལ་བསྟེན་ནས་ཉི་འགོག་བྱུག་རྫས་ཀྱིས་སྨུག་ཕྱིའི་འོད B( UVB) ཡི་གནོད་འཚེ་འགོག་པའི་ཤུགས་དྲགས་མཚོན་ཐབས་བཏོན།  སྤྱིར་བཏང་དུ་མི་མང་ཆེ་བའི་སྣང་བར་རྒྱབ་ཀྱི་ཨང་ཀི་ག་ཚོད་མཐོ་ན་དེ་ཙམ་གྱིས་འགོག་ཤུགས་ཆེ་བར་སྙམ་གྱི་ཡོད།
       དེ་འདྲ་ཡིན་ན།  གྲངས་ཀ་ཆེ་བ་དེ་ཉོས་ན་ཡག་ངེས་རེད།  འདི་ནི་ང་ཚོའི་རྒྱུན་ལྡན་གྱི་བསམ་བློ་རེད།  འོན་ཀྱང་ཁྲོམ་རའི་ཐོག་ཏུ་བཤད་རྒྱུན་འདི་འདྲ་ཞིག་ཀྱང་ཁྱབ་ཀྱིན་འདུག་སྟེ། SPF30ལས་འགལ་མི་རུང་ཞིང་།  དེས་མ་ཟད་ཚད་དེ་ག་ཚོད་ཀྱིས་མཐོ་ཡང་དེ་ཙམ་གྱིས་གོང་ཁེ་བ་ཡོད།  དེ་ལས་པགས་པར་གནོད་སྐྱོན་ཡོད་སྲིད་པ་ཤེས་ནུས་ཟེར།  གོ་ཐོས་སུ་དེ་ད་དུང་རང་རྒྱལ་གྱི་གཏན་འབེབས་ཡིན་ཞིང་དེས་ཤ་རྩི་དཀར་པོར་འདོད་པའི་བུ་མོ་ཚོ་མགོ་འཐོམ་དུ་བཅུག   དོན་དངོས་དེ་འདྲ་ཡིན་ནམ།  ཉི་འགོག་བྱུག་རྫས་ཀྱི SPFཚད་དེ 30 ལས་བརྒལ་མི་ཆོག་གམ།

གནས་སྐབས་རང་རྒྱལ་གྱི་གཏན་འབེབ་ལ་དཔྱད་འཇོག་མི་བྱེད་དེ། སྔོན་ལ་ང་ཚོསSPFཡི་མཚོན་དོན་ལ་དབྱེ་ཞིབ་བྱེད།

   དོན་དངོས་ཐོག SPF ཟེར་བ་ནི་ཉི་འོད་ཕོག་ཚད་ཆ་མཉམ་ཡིན་སྐབས་སུ་ཉི་འགོག་བྱུག་རྫས་བྱུག་ནས་ཉི་སྲེག་ཕོག་པའི་གནོད་ཚད་དང་ཤ་བཀྲ་དམར་པོའི་འབོར་ཚད།  ད་དུང་དེར་མཁོ་བའི་ཤུགས་ཚད་ཀྱི་བསྡུར་ཐང་ལ་ཟེར། བསྡུས་ཙམ་བཤད་ན། དེ་ནི་ཉི་འགོག་བྱུག་རྫས་བྱུག་རྗེས་ཉི་མར་སྲེག་ནས་པགས་པར་གནོད་འཚེ་མ་བྱུང་བར་གྱི་དུས་ཡུན་ལ་ཟེར།  དཔེར་ན།  ཁྱེད་ཀྱིས་གང་ཡང་མ་བྱུག་པར་ཉི་མའི་འོག་ཏུ་དམར་ཧྲེང་དུ་སྐར་མ10 བསྡད་ན་གནོད་འཚེ་ཕོག་ཅིང་། SPF15ཡིན་པའི་ཉི་འགོག་བྱུག་རྫས་བྱུག་རྫེས་གནོད་འཚེ་ཕོག་པའི་དུས་ཚོད་འགྱངས་ནུས་ཏེ་སྐར་མ150དགོས།  ཡིད་འཇོག་གནང་རྒྱུར་འདིར་གླེང་བ་ནི་གནོད་འཚེ་ཡིན་པ་ལས་ཉི་སྲེག་བཏང་ནས་ཤ་རྩི་ནག་པོར་འགྲོ་བ་དེར་ཟེར་བ་མིན།  བྱས་ཙང་དེས་ཉི་འགོག་བྱུག་རྫས་བྱུག་རྗེས་ཤ་རྩི་ནག་པོར་མ་འགྲོ་བའི་རེ་བ་བཅངས་མཁན་གྱི་གཞོན་ནུ་མ་ཚོར་བློ་ཕམ་སྟེར་སྲིད།
  མ་ཟད་གཞུང་ལུགས་ཐོག་ནས་བཤད་ན།   ཉི་འགོག་བྱུག་རྫས་ཀྱིས་པགས་པར་འཕྲོ་བའི་སྨུག་ཕྱིའི་འོད་ཟེར་གྱི་ཁ་གྲངས་ཉུང་དུ་གཏོང་ཐུབ་ཅིང་།  SPFཚད་དེ་ཇི་ཙམ་གྱིས་མཐོ་ཡང་ཉི་འགོག་གི་ནུས་པ་དེ་ཙམ་ཆེ་བ་ཡོད།  ཡིན་ནའང་ཉི་འགོག་སྟོན་གྲངས་ག་ཚོད་མཐོ་ན་ཡང་སྨུག་ཕྱིའི་འོད་ཡོངས་རྫོགས་བཀག་ཐབས་མེད།  དེས་མ་ཟད་འགོག་པའི་ནུས་པ་དང་ཨང་ཀིའི་ལྡབ་གྲངས་དབར་ལ་མཐུན་པའི་སྡུར་ཕྲེང་མ་གྲུབ།  དཔེར་ན།  གལ་ཏེSPF15ཡིས་བརྒྱ་ཆ94ཡི་སྨུག་ཕྱིའི་འོད་ཟེར་འགོག་ཐུབ་ན།  SPF30ཡི་ཉི་འགོག་བྱུག་རྫས་ཀྱིས་བརྒྱ་ཆ97ཡི་སྨུག་ཕྱིའི་འོད་ཟེར་འགོག་ཐུབ་པ་ལས SPF15ཡི་ལྡབ 2འགོག་མི་སྲིད།  འུད་སྒྲོག་ཅུང་བྱས་ནSPF100ཡི་ཉི་འགོག་བྱུག་རྫས་ཡིན་རུང་ནུས་པ་བརྒྱ་ཆ 2ཙམ་ལས་མཐོ་རུ་འགྲོ་མི་སྲིད།  ཨ་ཅང་ཅང་།  ཉི་འགོག་བྱུག་རྫས་གང་གི་རིགས་ཡིན་རུང་ནུས་པའི་ཡུན་ཚད་དེ་ཆུ་ཚོད 2ནས 3ཙམ་ལས་མེད།
   དེར་བརྟེན།   བསྡུར་ཞིབ་ཅིག་བྱས་ན།  ཉི་འགོག་བྱུག་རྫས་ཀྱིSPFཚད30ཡིན་ན་འདང་ངེས་རེད།  གཏན་ནས་བློ་མ་བདེ་ན་ཐབས་ཤེས་གཞན་ཡང་སྤྱད་ཆོག་ཏེ།   ཞྭ་མོ་གྱོན་པ་དང་ཉི་གདུགས་རྒྱག་པ།  ཡང་ན་སྟོད་ལྷེ་གྱོན་པ་སོགས་བྱས་ན་ཉི་འགོག་བྱུག་རྫས་ལས་ཀྱང་ཕན་ཐོགས་པ་ཡོད།
      འོན་ཀྱང་མི་འགའ་རེས་ཀྱག་ཀྱག་གིས་ང SPF ཡི་ཚད་མཐོ་བའི་བྱུག་རྫས་སྤྱོད་འདོད་ཡོད་ཅེས་ཟེར་སྲིད།  དུས་མཚུངས་སུ་ཡང་སེམས་ཁྲལ་ཅུང་ཙམ་ཡོང་སྲིད་དེ།  དེར་ཞོར་གྱི་གནོད་པ་ཡོད་སྲིད་དམ།  གལ་ཏེ་མི་གཞན་ལ་ཕན་གོ་ཆོད་རུང་ངའི་པགས་པར་འཕྲོད་པོ་ཨེ་ཡོད་ཅེས་ཐེ་ཚོམ་སྐྱེས་སྲིད།

གོང་གསལ་གྱི་གནད་དོན་དོགས་སེལ་ཡོང་ཆེད། གཤམ་ལ་ང་ཚོས་ཉི་འགོག་བྱུག་རྫས་ཀྱི་གྲུབ་ཆའི་ཐད་ལ་དབྱེ་ཞིབ་བྱ་རྒྱུ་ཡིན།

  སྨུག་ཕྱིའི་འོད་ཟེར་འགོག་ཆེད།   སྤྱིར་བཏང་ཉི་འགོག་བྱུག་རྫས་ནང་དུ་མད་གཟི་རེ་འོད་ཁུང(Mexoryl®;SX)དང་ཡང་ན་ཨེ་ཧྥུ་པེན་ཛུན(avobenzone) དབྱང་གཉིས་ཐད་རྫས(二样化钛)  དབྱང་འགྱུར་ཛིན(锌zinc)སོགས་ཀྱི་དངོས་རྫས་བཅུག་ཡོད་ཅིང་།  འགའ་རེར་དབྱང་འགྱུར་འགོག་ཅིང་ཤ་རྩི་དཀར་དུ་འགྲོ་ནུས་པའི་དངོས་རྫས་ཁ་ཤས་སྤྱོད་ཀྱིན་ཡོད་དེ།  དཔེར་ན་འཚོ་བཅུདAདང་འཚོ་བཅུདCའཚོ་བཅུདEསོགས་ཡིན།
དབྱང་འགྱུར་ཛིན།
དབྱང་གཉིས་ཐད་རྫས།
 མད་གཟི་རེ་འོད་ཁུང(Mexory sx)ནི་ཆུར་ཞུའི་རང་བཞིན་གྱི་རྫས་འགྱུར་ཉི་འགོག་དངོས་རྫས་ཤིག་ཡིན་ཞིང་།  ནུས་པ་ཆེས་ཆེ་བའི UVA (སྨུག་ཕྱིའི་འོདA) ཡི་ཉི་འགོག་རྗས་རིགས་ཤིག་ཡིན།  འོན་ཀྱང་ཁོས UVAཡི་རླབས་རིམ་ཚང་མ་ལེན་མི་ཐུབ་ཏེ།   ཉི་འོད་འོག་ཆུ་ཚོད་གཉིས་བཀྲམ་རྗེས་ཆ་ཤས་ཙམ་ཕྲལ་གསེད་བྱེད།  འོན་ཏེ་དེ་སྦྱོར་རྟ་གཞན་དང་གཉམ་དུ་མཉམ་བསྲེས་བྱ་དགོས།
      མུ་མཐུད་ནས་དབྱང་གཉིན་ཐད་རྫས་ལ་གཟིགས་དང་།  དབྱང་གཉིན་ཐད་རྫས་ནི་དངོས་ལུགས་ཀྱི་ཉི་འགོག་བྱུག་རྫས་ཤིག་ཡིན།  དེ་ནི་པགས་པས་ཧ་ལམ་ལེན་མི་ཐུབ་ཅིང་།  བདེ་འཇགས་རང་བཞིན་ཡང་ཅུང་མཐོ་བ་ཡོད།  གལ་ཏེ་ནུས་པ་ཡག་པོ་དགོས་ན་གར་རུ་གཏོང་དགོས་ཅིང་།   ཁོ་རང་ཉིད་ལ་སྣུམ་འཐུང་བ་དང་ཆུ་ལེན་པའི་ནུས་པ་ཆེན་པོ་ལྡན་པས་བེད་སྤྱད་བྱས་རྗེས་པགས་པ་སྐམ་ཤས་ཆེ་རུ་སོང་ནས་པགས་པ་བུད་འགྲོ་བ་སོགས་ཀྱི་གནད་དོན་འཕྲད་སྲིད།
     ཉི་འགོག་བྱུག་རྫས་ཀྱི་གྲུབ་ཆ་དབྱང་འགྱུར་ཛིན(锌zinc)ནི་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན་ཞིང་།  ཁོ་ཡང་དངོས་ལུགས་ཀྱི་ཉི་འགོག་དངོས་རྫས་ཤིག་སྟེ།  དེས་སྨུག་ཕྱིའི་འོད A དང་ སྨུག་ཕྱིའི་འོད Bལ་ལྡོག་འཕྲོ་དང་ཐོར་འཕྲོ་བྱེད་ནུས།   ད་ལྟ་བར་དེས་མིའི་བདེ་ཐང་ལ་གནོད་འཚེ་ཕོག་སྲིད་པའི་ཞིབ་འཇུག་འབྲས་བུ་ཐོན་མེད།   ཡིན་ནའང་བྱུག་དྲགས་ན་པགས་པ་སྐམ་ཤས་ཆེ་རུ་འགྲོ་བའི་གནད་དོན་འཕྲད་སྲིད།  དེར་བརྟེན་ཇི་ལྟར་བྱས་ནས་བདེ་འཇགས་ཆེ་ལ་ཉི་འགོག་ལེགས་པའི་དགོས་པ་འགྲུབ་རྫེས་གང་དེ་ནཱ་སྨི་ནས་མཚོན་པར་བྱེད་པ་ནི་བརྗོད་དོན་གལ་ཆེན་ཞིག་རེད།
       ཇི་ལྟར་བྱས་ནས SPF ཡི་ཚད་དེ་མཐོ་རུ་འདེགས་ཐུབ་བམ།  མངོན་གསལ་དོད་ཤོས་ཀྱི་ཐབས་ཤེས་ཤིག་ནི་ཉི་སྲེག་གི་སྨན་མཉམ་དུ་སྤྱོད་རྒྱུ་དེ་ཡིན།  རྫས་འགྱུར་གྱི་ཉི་འགོག་སྨན་ནི་སྤུས་ཀ་དག་ཅིང་སྣུམ་གཤིས་ཀྱི་པགས་པའི་རིགས་ལ་འཕྲོད་པོ་ཡོད།  ཡིན་ནའང་ཉུང་ཤས་ཤིག་པགས་པས་འཐུང་སྲིད་པས།  དེས་མ་འཕྲོད་པ་ཡང་ཡོང་སྲིད།  དེའི་ཐད་དངོས་ལུགས་ཀྱི་ཉི་འགོག་བྱུག་རྫས་བདེ་འཇགས་ཅུང་ལེགས།  ཡིན་ཀྱང་པགས་པ་སྐམ་ཤས་ཆེན་པོ་དང་བ་སྤུའི་བུ་ག་བརྣངས་པ་སོགས་ཀྱི་གནས་ཚུལ་ཡང་འཕྲད་ཡོང་སྟེ།  དེས་མ་ཚད་བ་སྤུའི་བུ་གའི་འབྱིན་རྡུབ་སོགས་ཀྱི་ནུས་པར་ཤུགས་རྐྱེན་བཟོ་བ་དང་།  པགས་པའི་ལས་འགན་ལྗི་རུ་སོང་ནས་རྨ་ཁ་བྱུང་བའམ་གཉན་ཚད་རྒྱས་པ་སོགས་ཡོང་སྲིད།
རྣམ་ཀུན་ཚོང་རའི་ཐོག་གི་ཉི་འགོག་བྱུག་རྫས་ཀྱི་གྲུབ་ཆའི་རེའུ་མིག

དེར་བརྟེནSPFཚད་དེ་ངོ་མ་ཇི་ཙམ་གྱི་མཐོ་ན་དེ་ཙམ་གྱིས་ལེགས་པ་ཡོད་དམ། ཡང་ན་ཇི་ཙམ་མཐོ་ན་དེ་ཙམ་གྱིས་གོ་མི་ཆོད་པ་ཞིག་རེད་དམ།

    ཤེས་དགོས་རྒྱུར།  ཉི་འགོག་བྱུག་རྫས་ནི་བེད་སྤྱོད་དམིགས་བསལ་ལྡན་པའི་བྱུག་རྫས་ཞིག་ཡིན་པས།  བྱུག་རྫས་ཐོན་སྐྱེད་བྱེད་མཁན་གྱི་ཁེ་ལས་ཚང་མས་བཟོ་ཐུབ་པ་ཞིག་མིན།  ངེས་པར་དུ་འཕྲོད་བསྟེན་སྲིད་འཛིན་ཚན་ཁག་གི་ཆོག་མཆན་བརྒྱུད་ནས་ཆོག་མཆན་ཨང་གྲངས་རག་རྗེས་གཞི་ནས་ཐོན་སྐྱེད་བྱེད་ཐུབ།  ཡིན་ནའང་ཁྲོམ་རའི་ཐོག་ཆོག་མཆན་ཨང་གྲངས་མེད་པའི་ཉི་འགོག་བྱུག་རྫས་ཉུང་ཉུང་མིན།  འདིར་དྲན་སྐུལ་ཞུ་རྒྱུ་ཞིག་ལ་མཛད་སྤྱོད་པ་ཚོས་ཉི་འགོག་བྱུག་རྫས་ཉོ་དུས་བེད་སྤྱོད་དམིགས་གསལ་ལྡན་པའི་བྱུག་རྫས་ཀྱི་མཆན་འགོད་ཡིག་ཆའི་ཨང་གྲངས་བཀོད་ཡོད་མེད་ལ་དོ་སྣང་གནང་དགོས།
    མཇུག་ཏུ་རང་རྒྱལ་གྱི་གཏན་འབེབ་སྐོར་ལ་ཞུས་ན།  རང་རྒྱལ་གྱི《བྱུག་རྫས་འཕྲོད་བསྟེན་ཚད་གཞི》ཡི་གཏན་འབེབས་ལས།  ཉི་འགོག་བྱུག་རྫས་ཀྱི་ཉི་འགོག་རྟག་གྲངས་མཐོ་ཤོས SPF30 ལས་བརྒལ་མི་རུང་ཞིང་།   ནང་འདྲེན་བྱས་པའི་ཉི་འགོག་བྱུག་རྫས་ཀྱི་སྟེང་དུ SPF50 འམ 70ཞེས་བཀོད་ཡོད་པ་དེས་ཁྱེད་ཀྱིས་ཉོས་པའི་ཐོན་རྫས་དེ་ཚད་དང་མི་མཐུན་པ་ཞིག་ལ་ངོས་འཛིན་མི་རུང་སྟེ།  དེ་ནི་རང་རྒྱལ་གྱི་གཏན་འབེབ་ལས་འགལ་བ་ཙམ་རེད།
    རང་རྒྱལ་གྱིས་གཏན་འབེབ་དེ་འདྲ་བྱེད་དོན་ཙམ་གླེང་ན།  དང་པོ།   SPFཚད30ནི་འདང་ངེས་རེད།  གཉིས་པ།  ང་ཚོ་ཡ་གླིང་མིའི་པགས་པ་དང་ཡོ་རོབ་གླིང་གི་མིའི་པགས་པའི་སྤུས་ཚད་མི་འདྲ་སྟེ།   SPFནི་ཁོ་རང་ཚོའི་པགས་པར་ལྟོས་ནས་བཏོན་པའི་ཐ་སྙད་ཅིག་ཡིན་ཏེ།  རྒྱུ་མཚན་ནི་མི་རྒྱུད་དཀར་པོ་བ་ཚོ་ཉི་འོད་འོག་ཏུ་ཤ་བཀྲ་དམར་པོ་ཐོན་སླ་ཞིང་།  ལྟོས་བཅས་ནས་བཤད་ན།   ང་ཚོར་གནོད་འཚེ་ཕོག་སླ་པོ་དེ་འདྲ་མེད།   དེས་རྐྱེན SPFཡི་ཚད་དམའ་ཙམ་ཡོད་རུང་ལུགས་དང་མཐུན་པ་ཞིག་ཡིན།   རེད་དེ།   གལ་ཏེ་སྐུ་ཉིད་ཀྱི་ཤ་རྩི་ཡག་པོ་ཡོད་དགོངས་ན།   SPFཡི་ཚད་མཐོ་བའི་ཐོན་རྫས་ལ་དམག་འཐབ་བྱེད་ན་ཆོག ། 
       མཐའ་མཇུག་ཏུ་གསལ་བཤད་བྱ་རྒྱུར།   ཁྲོམ་རའི་ཐོག་དར་ཁྱབ་སོང་བའི་ཉི་འགོག་བྱུག་དངོས་ཀྱིས་སྐྲན་ནད་བཟོ་བའི་བཤད་སྲོལ་ལ་ཆ་འཇོག་མི་རུང་སྟེ།  གོང་གསལ་དུ་འབྲེལ་ཡོད་ཀྱི་གྲུབ་ཆར་དབྱེ་ཞིབ་བྱས་པ་བཞིན།  དོན་དངོས་ཐོག་ཉི་འགོག་བྱུག་རྫས་ཀྱིས་སྐྲན་ནད་བྱུང་རྒྱུ་ལྟ་ཞོག་སྐྲན་ནད་འགོག་པར་བྱེད་དེ།   ཁོང་ཚོས་ཉི་སྲེག་གནོད་འཚེ་འགོག་ལ།  ད་དུང་མདོག་རྒྱུ་ནག་པོའི་སྐྲན་དང་གཞི་མཐིལ་ཕྲ་ཕུང་གི་སྐྲན་སོགས་འགོག་པར་བྱས་ཏེ་པགས་སྐྲན་གྱི་ཕོག་ཚད་དམའ་རུ་གཏོང་ནུས་སོ།།