ཨའེ་བོ་ལྰ། སྲོག་ལ་ཐུག་པའི་ནད་དུག་ཡིན་ནམ་ཡང་ན་སྲོག་ལ་ཐུག་པའི་བརྒྱུད་སྤེལ་ཡིན།
རྩོམ་མཁན།: 
ཡིག་སྒྱུར།: 
སྤེལ་དུས།: 
2015-06-13 18

སྔོན་འགྲོའི་གཏམ།

       རིམས་འགོག་སྨན་ཁབ་མེད་ལ་སྨན་རྫས་ཡང་མེད། ཤི་ཚད་བརྒྱ་ཆ༩༠……སྤྱི་ལོ༢༠༡༤ལོའི་ཟླ་གསུམ་པ་ནས་བཟུང་ཨའི་པོ་ལྰའི་ནད་དུག་གིས་ཨ་ཧྥེ་རི་ཁ་གླིང་ཆེན་ཐོག་གང་སར་མནར་གཅོད་སྡུག་གཏོང་བྱེད་པ་དེས་ཧ་ལམ་འཛམ་གླིང་ཧྲིལ་པོའི་ཁྱབ་ཁོངས་རང་བཞིན་ལྡན་པའི་འཇིགས་སྐྲག་གི་རྣམ་པ་ཞིག་བཟོས།  ཨའེ་པོ་ལྰ་འགོས་ནད་ཀྱི་ཁྲག་འདོན་པའི་གནས་ཚུལ་དར་ཁྱབ་ཆེ་བ་དེས་ནད་དུག་དེ་ཕོག་པའི་ནད་པ་ཚ་བ་མཐོ་བ།  སྐྱུག་མེར་ལངས་པ།  བཤལ་བ་དང་ལུས་ཀྱི་ཕྱི་ནང་གཉིས་ནས་ཁྲག་འདོན་ཞིང་ཆུ་ཚོད༢༤ནང་སྡུག་བསྔལ་གྱི་རབ་ཏུ་མནར་བའི་ངང་ཆེད་མགྱོགས་པའི་སྒོ་ནས་འཆི་འགྲོ།  ལོ་རྒྱུས་ཐོག་ཨའེ་པོ་ལྰ་ནད་དུག་ཐེངས་མང་བྱུང་མྱོང་ཞིང་ནད་དུག་བྱུང་ཐེངས་རེར་རྟག་ཏུ་མི་བརྒྱ་ཕྲག་གམ་དེ་ལས་ལྷག་པའི་མི་སྟོང་ཕྲག་ཡན་འདས་གྲོངས་འགྲོ་ཀྱི་ཡོད།ཡིནའང་ད་ལྟ་བར་རིམ་འགོག་སྨན་ཁབ་བམ་སྨན་རྫས་གང་རུང་གཅིག་གིས་མིའི་རིགས་ཨའི་པོ་ལྰའི་གདུག་རྩུབ་ཀྱི་ལག་འོག་ནས་མཐར་ཐུབ་པའི་བདག་རྐྱེན་བསྐྲུན་ཐུབ་མེད།  འོ་ན་ཨའེ་པོ་ལྰའི་རིམས་ནད་བྱུང་ཚུལ་གྱི་འཇིགས་སྣང་དངོས་གནས་ནད་དུག་རང་གི་སྟེང་དུ་ཡོད་དམ།

ཨའེ་པོ་ལྰ་དང་འཕྲད་པ།

        སྤྱི་ལོ༡༩༧༦ལོའི་ཟླ་བརྒྱད་པའི་ཉིན་ཞིག་ལོ་ན་སུམ་ཅུ་ལྷག་ལ་སོན་ཞིང་བར་མཚམས་མེད་པར་བཤལ་ནད་ཕོག་པའི་ཕོ་གཞོན་ཞིག་དམངས་གཙོའི་ཁོང་ཀོ་ཡང་པོ་ཁུ་ཆོས་ཚོགས(民主刚果扬不库教会)སྨན་ཁང་ནང་ཡོང་སྟེ་དགེ་སྒྲུབ་མའི་མདུན་ཏུ་བཞུ་བ་བརྒྱབ་ཏེ་ཁོ་བོར་སྨན་བཅོས་བྱེད་རོགས་ཟེར།  དགེ་སྒྲུབ་མ་ཚོས་སྔར་རྒྱུན་ལྟར་ཁོ་བོར་སྣེ་ལེན་ཞུས།  ཡིན་ན་ཡང་ནད་པ་དེའི་ནད་རྟགས་ཧ་ཅང་ཁྱད་མཚར་བ་ཞིག་སྟེ།  སྨན་གང་བཏང་ཡང་ཁོ་བོའི་ཚབ་ཆེན་པོར་བཤལ་བ་དང་སྣ་ཁྲག་དོན་པ།  ཚ་བ་མཐོ་བ་དང་མགོ་བོ་དྲག་པོར་ན་བ་དེར་ནུས་པ་གང་ཡང་མ་ཐོན་པར་དེ་ལས་ལྡོག་ཏེ་དུས་ཡུན་རིང་པོར་ཁོ་བོར་མནར་གཅོད་བཏང་།  ཉིན་གཉིས་ཀྱི་རྗེས་ལ་ཡ་ང་བའི་མི་དེ་སྨན་པའི་ཁ་ཏ་བསླབ་བྱར་མ་ཉན་པར་སྡུག་བསྔལ་གྱི་ཁྲོད་དུ་སྨན་ཁང་ནས་ཁ་བྲལ། དེའི་རྗེས་ཀྱི་ཉིན་འགའི་ནང་ནད་རྟགས་གཅིག་པ་ཡིན་པའི་ནད་པ་མང་པོ་སྨན་ཁང་ལ་ཡོང་བཞིན།  ཆོས་ཚོགས་ཀྱི་ཁོངས་མི།  ཆོས་ཚོགས་ཁོངས་མིའི་ནང་མི་དང་ཉེ་འགྲམ་གྱི་གྲོང་སྡེའི་གྲོང་མིར་རིམ་པས་ཁྱད་མཚར་གྱི་ནད་གཞི་དེ་འགོས།  ཁོ་ཚོ་ཚ་བ་ཆེན་པོ་རྒྱག་པ།  མགོ་བོ་གས་པ་ལྟ་བུའི་ན་ཟུག སྣ་ཁུང་དང་སོ་རྙིལ་ཙམ་མ་ཟད་བཤལ་བ་དང་སྐྱུག་པའི་ནང་དུའང་ཁྲག་འདྲེས་ནས་ཡོད།  ནད་པ་འགའ་རེ་བྱ་སྤྱོད་དུས་རྒྱུན་དང་མི་མཐུན་པར་གྱོན་གོས་ཕུད་དེ་ལུས་པོ་དམར་བརྗེན་པར་སྨན་ཁང་གྱི་ཕྱི་རོལ་དུ་རྒྱུགས་ཡོང་ནས་དོན་མེད་དུ་སྐད་ཅོར་རྒྱག་གིན་འུ་ཐུག་ཐབས་ཟད་ཀྱི་ངང་ནས་འཆི་འགྲོ།དངངས་འཚབ་ལངས་པའི་དགེ་སྒྲུབ་མ་རྣམས་ཀྱིས་ཕ་རོལ་པོར་སྲོག་སྐྱོབ་ཀྱི་ཞུ་བ་འཐེན་འགོ་ཚུགས་སྐབས།  དེ་ལས་ལྡོག་ཏེ་ཕྱི་རོལ་གྱི་ཡུལ་དེ་དང་སྨན་ཁང་ཁྱད་པར་གང་ཡང་མེད་པར་སྔ་ས་ནས་མི་ཡུལ་གྱི་དམྱལ་བར་འགྱུར་ཟིན།  སྤྱི་ལོ༡༩༧༦ལོར་ཨའེ་པོ་ལྰ་ནད་དུག་ཐེངས་མ་དང་པོ་དེ་སུའུ་ཏན་ཨྰན་བཀྲ་ལྷ་དང་དམངས་གཙོའི་ཁོང་ཀོ་ཡང་པོ་ཁུ་རུ་ཡོངས་སུ་དར།

སྲོག་ལ་ཐུག་པའི་བརྒྱུད་སྤེལ།

       འཇིགས་སུ་རུང་བའི་ནད་གཞི་དང་འཕྲད་དུས།  ཚན་རིག་པ་ཚོས་ཨའེ་པོ་ལྰའི་འགོས་ནད་ལ་ཞིབ་ཚགས་པའི་ཞིབ་འཇུག་བྱེད་པའི་འགོ་ཚུགས།  ཚན་རིག་པ་ཚོས་གསར་རྙེད་བྱུང་གསལ།  ཨའེ་པོ་ལྰ་ནི་ནད་དུག་གི་རིགས་ཤིག་ཡིན་ཞིང་།  བསྡོམས་པའི་དབྱེ་བ་ལྔ་ཡོད་པ་ལས་གཙོ་བོར་མིའི་རིགས་ལ་འགོས་པ་ནི་བཀྲ་དབྱི་ཨྰར(扎伊尔)ཨའེ་པོ་ལྰ་ནད་དུག་དང་སུའུ་ཏན(苏丹)ཨའེ་པོ་ལྰ་ནད་དུག་ཡིན།  ཞིབ་འཇུག་གཏིང་ཇེ་ཟབ་ཏུ་འགྲོ་བ་དང་བསྟུན་ནས་ཚན་རིག་པ་ཚོས་གསལ་རྟོགས་བྱུང་གསལ།  མ་གཞི་ཨའེ་པོ་ལྰ་ལ་ནད་ཤི་ཐེབས་ཚད་བརྒྱ་ཆ་དགུ་བཅུ་ཡོད་ལ།དོས་དྲག་ནད་ལངས་པ་དང་དེ་བཞིན་གསོ་བྱེད་སྨན་མེད་པ་སོགས་ཀྱིས་རྐྱེན་པས་ཆེད་འཇིགས་སྣང་ཆེ་བའི་ནད་དུག་གི་རང་བཞིན་ལྡན་ཡོད།  ཡིན་ནའང་དེར་དམིགས་བསལ་གྱི་སྟོང་ཆའམ་མི་ཚང་བ་ཞིག་ཡོད།
      འགོས་ནད་བརྒྱུད་སྤེལ་ཁྲོད་འགོས་ཁུངས།  བརྒྱུད་སྤེལ་གྱི་བརྒྱུད་ལམ།  འགོས་སླ་བའི་མི་ཚོགས་ནི་འགོས་ནད་བྱུང་བའི་དམངས་གཞིའི་བརྒྱུད་མཚམས་གསུམ་ཡིན།          
       ཨའེ་པོ་ལྰ་ཡི་གཙོ་བོའི་འགོས་ཁུངས་ནང་གོའོ་ཧྥུ་དང་མིའི་རིགས་མ་ཡིན་པའི་བློ་ལྡན་སྲོག་ཆགས་ཀྱི་རིགས་ནགས་གསེབ་ཏུ་འཚོ་བའི་རྐྱེན་གྱིས་མིའི་རིགས་དང་འབྲེལ་འདྲིས་མི་བྱེད།  ནད་ཀྱི་མནར་བའི་མིའི་རིགས་ནི་དོས་དྲག་ནད་ལངས་པ་ལ་བརྟེན་ནས་གསལ་རྟོགས་བྱེད་ཐུབ།  དེ་གཉིས་ཀ་སོ་སོར་ཕྲལ་ཏེ་འཇོག་རྒྱུ་ནི་སྟབས་བདེ་པོ་ཡིན།  ཨའེ་པོ་ལྰ་ཡི་གཙོ་བའི་བརྒྱུད་སྤེལ་གྱི་བརྒྱུད་ལམ་ནི་འགོས་ནད་འཕོག་པའི་མིའི་ཁྲགཟགས་ཐོན་དངོས་རྫས།  དབང་པོ་དང་དེ་བཞིན་གཞན་དག་གི་ལུས་ཟུངས་གཤེར་ཆུར་རེག་པའམ་འཕྲད་པ་ལས་བྱུང་།  དེས་ན་དེའི་རིགས་ཀྱི་ཁྱབ་སྤེལ་བརྒྱུད་ཁུངས་ནི་འགོག་སྲུང་མ་ལག་གྱོན་དཀྲིས་བྱེད་པ་དང་བཟའ་བཏུང་ལ་དོ་སྣང་བྱས་ན་སྟབས་བདེའི་ངང་ནས་བཀག་འགོག་བྱེད་ཐུབ།  མ་གཞི་ཚན་རིག་པས་ཨའེ་པོ་ལྰ་འཇིག་བྱེད་ཀྱི་རྐྱེན་རྙེད་ནའང་དེས་སྔར་བཞིན་ཨ་ཧྥེ་རི་ཁ་གླིང་ཆེན་ཐོག་གང་སར་མནར་གཅོད་སྡུག་གཏོང་བྱེད་བཞིན་ཡོད།  ཞིབ་པར་རྟགས་དུས་ཨ་ཧྥེ་རི་ཁའི་མི་རྣམས་ནགས་གསེབ་ཀྱི་རྔོན་ཤ༼རྔོན་རྒྱབ་པའི་གོའོ་ཧྥུ་དང་སྤྲེའུ༽བཟའ་རྒྱུར་ཤིན་ཏུ་དགའ།  དུས་རྒྱུན་ནད་དུག་དེ་དག་བཟའ་རིགས་དང་འདྲེས་ཏེ་བརྒྱུད་སྤེལ་འགྲོ་བ་ཡིན།  ལྷག་པར་ཡུལ་དེའི་གོམས་སྲོལ་ལྟར་འཚོ་བཞུགས་ནང་མིས་གཤིན་པོའི་དུར་མཆོད་བྱེད་སྐབས་ཕུང་པོར་འཕྲད་དགོས་ཀྱི་ཡོད།  དེས་ཀྱང་ནད་དུག་ཁྱབ་སྤེལ་ལ་ཆེད་སྟབས་བདེ་མྱུར་བགྲོད་ཀྱི་ཆ་རྐྱེན་སྐྲུན་ཡོད།  ཆ་རྐྱེན་དེ་གཉིས་འཛོམས་པ་དེས་དང་ཐོག་ཨའེ་པོ་ལྰ་ནད་དུག་ལ་འགོག་བཅོས་དང་འགོག་སྲུང་ཁྱབ་ཁོངས་ཆུང་དུ་གཏོང་ཐུབ་པ་དེར་བཞོན་རྟ་ཞིག་སྤྲད་པ་ཇི་བཞིན་དུ་ཨ་ཧྥེ་རི་ཁའི་གླིང་ཆེན་ཐོག་རང་སྣང་གར་ཤར་གྱིས་ནད་དུག་དེ་ཁྱབ་སྤེལ་བྱུང་བ་རེད།

འཆི་བདག་གི་ལག་པ།

        སྤྱི་ལོ་༢༠༡༤ལོར།  ཨའེ་པོ་ལྰ་ཡིས་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་མོའི་ཐོག་རང་སྣང་གི་མནར་གཅོད་བཏང་བ་དེར་ཧ་ལམ་འཇམ་གླིང་ཧྲིལ་པོའི་སྨན་བཅོས་ལས་ཁུངས་དང་རྒྱལ་སྤྱིའི་རོགས་སྐྱོར་སྒྲིག་བཙུགས་རྣམས་ཚ་ཚ་འུར་འུར་གྱི་འགོག་བཅོས་ལས་ཀའི་ནང་བཞུགས།  ཡིན་ནའང་འཛམ་གླིང་ཡོངས་ཀྱི་སྨན་པ་ཚོས་འབད་བརྩོན་ག་ཚོད་བྱས་ཀྱང་ཨའེ་པོ་ལྰ་སྔོན་ལྟར་མི་མེད་ལུང་སྟོང་འགྲིམས་པ་ལྟར་ད་བར་མི་ཉིས་སྟོང་ཙམ་ལ་ནད་དུག་འགོས་ཡོད་པ་དང་མི་ཆིག་སྟོང་ལྷག་ཙམ་ཚེ་ལས་འདས།  ཨའེ་པོ་ལྰ་སྨྱོ་ཧམ་གྱིས་ཁྱབ་སྤེལ་འགྲོ་བའི་རྒྱབ་ཏུ་ལྐོག་འགྱུར་གྱི་འཆི་བདག་གི་ལག་པ།--དཀྲོག་གཏམ་ནི་རིམ་བཞིན་ཆུ་ངོས་ལ་ཐོན།  ༼ ཨའེ་པོ་ལྰ་རྩ་བ་ནས་མེད།དེ་ནི་སྲིད་གཞུང་གི་རྒྱལ་སྤྱིའི་རོགས་སྐྱོར་ཐོབ་ཕྱིར་བརྩམས་པའི་རྫུན་གཏམ་རེད༽འདི་འདྲ་བའི་དཀྲོག་གཏམ་ལི་པེ་རི་ཡར་ཁྱབ་ཆེན་པོར་དར་ཞིང་དཀྲོག་གཏམ་ལ་ཡིད་ཆེས་ཟབ་མོ་བྱེད་པའི་མི་རྣམས་ཀྱིས་ཕལ་ཆེར་ནད་དུག་འགོས་ཡོད་པའི་རྔོན་ཤ་དོགས་ཟོན་གཡེལ་མེད་ཀྱི་ངང་ནས་བཟའ་བ་དང་སྤྱིར་འགོག་བཅོས་ཀྱི་བྱ་ཐབས་གང་ཡང་དང་ལེན་མི་བྱེད།  ཀེ་ནི་ཡའི་དཀྲོག་གཏམ--༼ཨའེ་པོ་ལྰ་ནད་དུག་ནི་ཕྱི་རྒྱལ་གྱི་མིས་རྒྱལ་ནང་དུ་བརྒྱུད་ཡོང་བ་རེད༽  དེས་སླད་བཀར་ནས་ནད་དུག་བཀག་འགོག་བྱེད་མཁན་རྒྱལ་ཁོངས་མི་དབྱེ་བའི་སྨན་པ་རྣམས་རིམས་ནད་འཕོག་ཁུལ་དུ་ལས་ཀ་བྱེད་པར་འགྲོ་མི་ཐུབ་པ་བཟོས༼སྨན་པ་དངངས་འཚབ་ལངས་ཏེ་ནད་པའི་ཤི་གསོན་ལ་སྣང་བ་སྤུ་ཙམ་མ་བཏང༽ ༼སྨན་ཁང་ནས་དང་བླངས་རང་བཞིན་གྱིས་ནད་པ་དམར་གསོད་བཏང༽བ་ལ་སོགས་པའི་དཀྲོག་གཏམ་གྱིས་ནད་པ་ཕྱོགས་བཞིར་མྱུལ་བ་དེས་གོམས་གང་མདུན་སྤོས་ཀྱི་རིམས་ནད་འགོག་བཅོས་ཀྱི་ལས་ཀར་ཤུགས་རྐྱེན་དང་དཀའ་ངལ་ཇེ་ཆེར་སོང་།ཤེས་མེད་དང་འཇིགས་སྐྲག་གི་རྐྱེན་བྱས་པའི་དཀྲོག་གཏམ་དེ་དག་ནད་ཡམས་འགོག་བཅོས་བྱེད་པའི་བཀག་རྡོ་ཞིག་ཏུ་འགྱུར་ཡོད་པ་དེ་འཛམ་གླིང་འཕྲོད་བསྟེན་སྒྲིག་བཙུགས་ཀྱིས་ཨའེ་པོ་ལྰ་ཡི་ཆིངས་རྒྱ་ལས་འགྲོལ་བྱེད་དུ་ངེས་པར་ཐག་གཅོད་བྱེད་དགོས་པའི་གལ་ཆེའི་དཀའ་གནད་ཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།།

འབྱར་ཚིག

“དཀྲོག་གཏམ་རིགས་དེད། བཟའ་ཚ་འཕྲོག་ལེན་རྒྱབ་ཀྱི་དཀྲོག་གཏམ་གྱི་བྱེད་པ།”
          སྤྱི་ལོ༢༠༡༡ལོའི་ཟླ༣པའི་ཚེས༡༡ཉིན།  ཉི་ཧོང་ཤར་གྱི་མཚོ་འགྲམ་ལ་རིམ་པ་དགུ་ཡི་ས་ཡོམ་བརྒྱབ།  ས་ཡོམ་དེས་ཉི་ཧོང་གི་ཧྥུའོ་ཏའོ་གླིང་ཕྲན་ཉིང་རྡུལ་གློག་ཁང་དང་པོ༡-༤རྟགས་ཅན་གྱི་འཕྲུལ་འཁོར་མ་ལག་ནས་ཉིང་རྡུལ་འཛག་པའི་གནས་ཚུལ་ཐོན།  ས་ཡོམ་རྒྱབ་རྗེས་དཀྲོག་གཏམ་ཁག་གཉིས་གང་སར་བརྒྱུད་སྤེལ་བྱེད་པའི་འགོ་ཚུགས།  བཟའ་ཚའི་ནང་གི་ཏན་གྱིས་ཉིང་རྡུལ་འཕྲོ་ཐིག་ཁྱབ་འགྱེད་འགོག་ཐུབ།  ཉི་ཧོང་གི་ཉིང་རྡུལ་འཕྲོ་ཐིག་ཁྱབ་འགྱེད་ཀྱི་ཤུགས་རྐྱེན་འོག་རྒྱལ་ནང་གི་བཟའ་ཚའི་ཐོན་ཚད་མི་འདང་བའི་གནས་ཚུལ་ཐོན་སྲིད།  འཕྲོ་ཐིག་ཁྱབ་འགྱེད་ལ་འཇིགས་པ་དང་སྤྱིར་བཏང་གི་སྨན་བཅོས་ཤེས་བྱ་དམན་པའི་རྐྱེན་གྱིས་མི་རྣམས་ཀྱིས་བཟའ་ཚ་འབོར་ཆེན་ཉོས།  སྤྱི་ཟླ༣པའི་ཚེས༡༦ནས་བཟུང་སྟེ།  ཀྲུང་གོའི་ས་ཁུལ་ཁ་ཤས་ལ་སྨྱོ་བ་ལྟར་བཟའ་ཚ་འཕྲོག་ཉོ་བྱེད་པའི་འགོ་ཚུགས་ཤིང་ས་ཁུལ་མང་པོའི་བཟའ་ཚ་ཉིན་གཅིག་གི་ནང་ཚང་མ་ཉོས་ཟིན།  དེའི་རིང་ཚོང་པ་འགའ་ཡིས་གོ་སྐབས་དེ་བེད་སྤྱད་ནས་རིན་གོང་སྤར་བ་དེས་ཁྲོམ་རའི་སྒྲིག་གཞི་རྙོག་འཛིང་གྱི་མཚོ་རུ་དཀྱིལ།  འཇིགས་སྣང་དང་འབྲེལ་ཡོད་ཀྱི་ཤེས་བྱ་མི་འདང་བ།  དེ་བཞིན་རི་བོང་ཅལ་འདྲོགས་ལྟ་བུས་དུས་དེའི་མི་རྣམས་ཀྱི་བསམ་བློར་གོ་སྐོན་བློ་འགུག་བྱས་པ་དེས་ཁྱོན་ཡོངས་ཀྱི་བཟའ་ཚ་འཕྲོག་ཉོ་བྱེད་པའི་ཟློས་གར་དེ་འདྲ་ཞིག་བྱུང་བ་རེད།།

མཇུག་བསྡུའི་གཏམ།

           དེང་རབས་ཚན་རིག་གིས་མིའི་རིགས་ལ་ཨའེ་པོ་ལྰ་ནད་ཡམས་ཁྱབ་བརྡལ་འགྲོ་བར་བཀག་འགོག་གི་ལག་ཟུང་ཆ་གཅིག་བརྐྱངས་ཡོད།  ཡིན་ཡང་ལག་ཟུང་ཆ་གཅིག་པོ་དེའང་ནད་རིགས་འཕོག་ཡུལ་གྱི་མི་རྣམས་ཀྱིས་ནད་གཞིར་ཤེས་མེད་རྒྱུས་མེད་ཀྱི་སྒོ་ནས་རྨོངས་པ་དང་འཇིགས་སྐྲག་གི་རྙི་ཡིས་དམ་པོར་བཟུང་།  ཨའེ་པོ་ལྰ་ནི་འཇིགས་སུ་རུང་བ་ཡིན།  ཡིན་ནའང་ནད་ཡམས་ཀྱི་ཁྲོད་དུ་གནས་པའི་མི་རྣམས་ཀྱིས་ནད་གཞིར་ཀླད་རྙིང་མཁྲེགས་བཟུང་གིས་ཤེས་རྨོངས་ལྟ་བ་འཛིན་པ་དང་འཇིགས་སྣང་སྐྱེས་པ་ནི་དེ་ལས་ཀྱང་འཇིགས་སུ་རུང་བ་ཞིག་རེད།།