གཞི་རྒྱུར་དབྱེ་ཞིབ་བྱས་ནས་དབྱར་དགུན་གང་ལེགས་མིན་བདར་ཤ་བཅད་ཡོད།
ཡིག་སྒྱུར།: 
སྤེལ་དུས།: 
2015-06-15 10
          ཕྱི་རྒྱལ་གྱི་སྨྱན་གཟུགས་སུ་བཀོད་གསལ།  དུས་རྒྱུན་ང་ཚོས་དབྱར་ཁའི་ཉི་འོད་ནི་ཧ་ཅང་སྐྱིད་པོ་ཞིག་ལ་ངོས་འཛིན་བྱེད་ལ།  ད་ལྟའི་བར་ཚན་རིག་མཁས་ཅན་གྱི་ཞིབ་འཇུག་ཆེས་གསར་ཤོས་ཀྱིས་དེའི་ནང་གི་རྒྱུ་རྐྱེན་ཡོངས་བསྒྲགས་བྱས་ཡོད།  དབྱིན་ཇིའི་ཁེམ་པོ་རུའེ་ཇི(剑桥)སློབ་གྲྭས་ཞིབ་འཇུག་བྱས་པ་བརྒྱུད་མི་རྣམས་དབྱར་ཁར་ལུས་དེ་བས་བདེ་བ་ཡོད་པ་རྟོགས་འདུག  དེ་ལྟར་ཞིབ་འཇུག་མི་སྣས་གོ་ལ་ཧྲིལ་པོའི་མི་ཁྲི༡.༦གིDNAལ་དབྱེ་ཞིབ་བྱས་ནས་མིའི་གཟུགས་པོའི་འགོ་ནད་ཐར་བའི་མ་ལག་ནི་ནམ་དུས་ལ་གཞིགས་ནས་འགྱུར་ལྡོག་འགྲོ་བཞིན་པ་གསལ་པོར་རྟོགས།
             གོང་གི་ཤེས་རྟོགས་བྱུང་བ་དེས་ཚབས་ཆེན་གྱི་ནད་མང་པོ་དགུན་དུས་སུ་གློ་་བུར་དུ་ལངས་དགོས་པའི་རྒྱུ་ཚན་དང་།  དབྱར་དུས་ལུས་པོ་དེ་བས་བདེ་བའི་རྒྱུ་མཚན་གསལ་བཤད་བྱེད་པར་ཕན་པ་བསྐྲུན་ཡོད།  སྙིང་ནད། གཅིན་པ་མངར་འགྱུར་གྱི་ནད། ཕོག་སླ་བའི་མཁྲེགས་འགྱུར་ནད་རྟགས་དང་དབང་རྩ་ཁ་བྲལ་ནད་རྟགས་བཅས་ནི་དགུན་དུས་ནད་དཔྱད་མང་ཤོས་བྱེད་དགོས་པའི་ནད་རིགས་ཡིན།   དེའི་ཁྲོད་ཀྱི་སྙིང་ནད་ཐོལ་སྐྱེས་ཀྱིས་ཚེ་སྲོག་འཕྲོག་པའི་ཉེན་ཁའང་ཆེ།
            ཉེ་ཆར་གྱི་ཞིབ་འཇུག་འབྲས་བུ་ནི་ནད་པ་རྣམས་ལ་དོན་སྙིང་མི་འདྲ་བ་ཞིག་ཡོད།   གང་ལགས་ཞེས་ན།   ནད་པ་རྣམས་ཀྱིས་ད་ནས་བཟུང་ནམ་དུས་ཀྱི་འགྱུར་བ་ལ་བསྟུན་ནས་སྨན་བཅོས་ལས་གཞི་ལེགས་སྒྲིག་བྱས་ཆོག   ཞིབ་འཇུག་མི་སྣས་བརྗོད་གསལ།   མིའི་གཟུགས་པོའི་གཞི་རྒྱུ་བཞི་ཆ་གཅིག་ཙམ་ནི་ལོ་རེའི་དུས་སྐབས་ངེས་ཅན་ཞིག་ཏུ་དེ་བས་འཁྲུག་པ་ཡོད།   ནམ་དུས་ལ་བསྟུན་ནས་འགྱུར་བ་འགྲོ་བཞིན་པའི་གཞི་རྒྱུ་མང་དག་ཅིག་དང་གཟུགས་པོའི་འགོ་ནད་ཐར་བའི་མ་ལག་གཉིས་ཀྱི་བར་དུ་ཕན་ཚུན་འབྲེལ་བ་ཡོད་ལ།   གཉན་ཚད་འགྱུར་བྱུང་ཡང་ཐོན་ངེས།
            གཉན་ཚད་ཀྱིས་འགོས་ནད་འགོག་ཐུབ་ཀྱང་ནད་གཞི་མང་པོ་ཚབས་ཆེ་རུ་གཏོང་སྲིད། དེའི་ཁྲོད་ཀྱི་ནད་རིགས་ཁག་གཅིག་གིས་དགུན་དུས་མིའི་གཟུགས་པོའི་བདེ་ཐང་ལ་གནོད་འཚེ་དེ་བས་ཆེ།  འཛམ་གླིང་ས་ཕྱོགས་ཁག་གི་མི་སོ་སོའི་འགོ་ནད་ཐར་བའི་མ་ལག་གཞི་རྒྱུར་ནམ་དུས་ཀྱི་ཁྱད་པར་ཤུགས་ཆེན་པོ་ཤོར་ཡོད། འོན་ཀྱང་གནས་ཚུལ་དེ་མི་གཅིག་པའི་གོ་ལ་ཕྱེད་ཀའི་ཐོག་ཏུ་ཕྱིན་ཅི་ལོག་ཡོད། དཔེར་ན་དབྱར་དུས་སུ་ཨོ་སི་ཁྲུ་ལི་ཡའི་གྲོང་མི་ཚོའི་གཞི་རྒྱུ་ནི་གསོན་ཤུགས་ཆེ་ཤོས་སུ་སླེབས་ཤིང་། དེ་ལས་ལྡོག་སྟེ་དབྱིན་ཇིའི་གྲོང་མིའི་གཞི་རྒྱུ་ནི་དགུན་དུས་སུ་གསོན་ཤུགས་ཆེ་ཤོས་ཡིན།  དེར་རྟེན་ཞིབ་འཇུག་མི་སྣས་མིའི་གཟུགས་པོའི་འགོ་ནད་ཐར་བའི་མ་ལག་དེ་དབྱར་ཁ་ནས་དགུན་ཁའི་བར་ཇི་ལྟར་འགྱུར་དགོས་མིན་གསལ་པོ་རྟོགས་མེད།  གཅིག་བྱས་ན་ཉི་འོད་ཕོག་ཚད་ལ་ནུས་པ་ཤུགས་ཆེན་ལྡན་ཡོད།
           ལུང་རིགས་དེས་དུས་ཚིགས་ལ་བསྟུན་ནས་འགྱུར་བ་འགྲོ་ཐུབ་པའི་ནུས་པ་དེ་འཁྱགས་གླིང་ཐོག་ཞན་དུ་འགྲོ་བའི་རྒྱུ་ཚན་གསལ་བཤད་བྱ་ཐུབ། འཁྱགས་གླིང་དུ་དབྱར་ཁ་ཉི་མ་རིང་བ་དང་དགུན་ཁ་ཉི་མ་ཅུང་ཐུང་བས།  དུས་ཚིགས་ཀྱི་ནུས་པ་དེར་འགྱུར་བ་བཏང་ཡོད།  དགེ་རྒན་ཆེན་མོ་བ་ཇོང་ཐོའོ་ཏ་ཡིས་བརྗོད་གསལ།  དེ་ནི་ང་ཚོའི་བསམ་ཡུལ་ལས་འདས་པའི་ཤེས་རྟོགས་ཤིག་ཡིན།  ཕྱོགས་གཞན་ཞིག་ནས་བརྗོད་ན།  དེས་ནད་གཞི་ཁག་གཅིག་དགུན་དུས་ཚབས་ཆེ་རུ་འགྲོ་བའི་རྒྱུ་མཚན་འགྲེལ་བཤད་བྱ་རྒྱུར་ཕན་པ་བསྐྲུན་ཐུབ། དཔེར་ན།  སྙིང་ནད་དང་སྨྱོ་ནད་སོགས།  འོན་ཀྱང་མི་མང་པོ་ཞིག་གིས་དེའི་ཁྲོད་ཀྱི་ཆོས་ཉིད་མྱོང་བ་བྱ་ཐུབ་མེད།  ཉེ་ཆར་གྱི་ཞིབ་འཇུག་དེས་ནད་གཞི་བཅོས་རྒྱུར་དོན་སྙིང་ཆེན་པོ་ལྡན་ཡོད།
            དགེ་རྒན་ཆེན་མོ་བ་ཇོང་ཐོའོ་ཏ་ཡིས་བརྗོད་གསལ། དགུན་དུས་ཀྱི་ཉི་མ་ནི་མིའི་གཟུགས་པོར་ཕན་ཐོགས་ཆེན་པོ་ཡོད། དེར་བརྟེན་མི་རྣམས་ཀྱིས་དྲོད་ཚད་ཅུང་ཆེ་བའི་ས་གནས་སུ་སྤོས་ཚེ་ལུས་ཁམས་དེ་བས་བདེ་རུ་འགྲོ་སྲིད། ཞིབ་འཇུག་གསར་པ་དེས་ཞིབ་འཇུག་གི་ཐབས་ལམ་གཞན་གསར་སྐྲུན་དང་། གསོ་རིག་ནད་དཔྱོད་ཁྲོད་ཀྱི་རྙོག་འཛིང་ཆེ་བའི་གཞི་རྒྱུ་དང་ཁོར་ཡུག་དབར་གྱི་འབྲེལ་བ་སྟབས་བདེ་རུ་གཏོང་བར་ཕན་ཐོགས་ཡོད།