1910-1886-1778

ཉི་ཧོང་གི་འགུལ་བརྙན་བཟོ་མཁན་གྲགས་ཅན་མི་ཡ་ཟ་ཁི་ཧ་ཡཱའོ་ལགས་ཀྱི་མཇུག་མཐའི་འགུལ་བརྙན«རླུང་ལྡང་སོང»ཞེས་པ་ཨོ་ཟི་ཁཱ་རྟགས་མའི་འགྲན་རྩོད་ལ་ཞུགས་ཐུབ་པར་གྱུར་ཅིང་། ད་ལོའི་ཕྱི་ཟླ11པའི་ཚེས8--14བར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་དང་ལོ་སི་ཨན་ཇེ་ལེ་སི་རུ་འགྲེམ་འཆར་འདུག ཁུངས་བཙུན་གནས་ཚུལ་ལ་གཞིགས་ན། ཚེས8ནས་ཚེས14རིང་གི་བདུན་ཕྲག་གཅིག་རིང་དེར། གྲོང་ཁྱེར་དེ་གཉིས་སུ་བརྙན་སྐད་ཉི་ཧོང་རང་གི་སྐད་དང་བརྙན་ཡིག་ལ་ཨིན་ཡིག་བྱས་པ་ཅན་སྟོན་རྒྱུ་རེད་ལ། སང་ལོའི་ཟླ2པའི་སྨད་ལ་བརྙན་སྐད་ཀྱང་ཨིན་སྐད་དུ་བསྒྱུར་ནས་འགྲེམ་རྒྱུ་རེད་འདུག    སྐུ་ཞབས་མི་ཡ་ཙ་ཁི་ལགས་ཀྱི་བརྩམས་ཆོས་དག་ལས་ཨོ་སི་ཁཱ་རྟགས་མའི་འགུལ་རིས་རྩེ་གྲའི་མིང་འདོན་བྱས་པ་ལ་གཉིས་ཡོད་མྱོང་སྟེ། གཅིག་ནི། ཕྱི་ལོ2001ལོའི«བུ་མོ་ཆི་ཧི་རཱོའི་འགྲུལ་བཞུད»(千与千寻)དང་། ཅིག་ཤོས་ནི། 2004ལོའི«ཧར་གྱི་སྒྱུ་མའི་མཁར་རྫོང»(哈尔的移动城堡)རེད་ལ། དེ་ལས་སྔོན་མ་ལ་ཨོ་སི་ཁཱ་རྟགས་མ་ཐོབ་པར་གྱུར། «རླུང་ལྡང་སོང»ཞེས་པའི་ཁོང་གི་འགུལ་རིས་ཨོ་སི་ཁ་རྟགས་མའི་འགྲན་རྩོད་ནང་ཞུགས་ཐུབ་པར་གྱུར་བས། སྐབས་འདིའི་ཨོ་སི་ཁའི་འགུལ་བརྙན་རིང་གྲས་ཀྱི་རྟགས་མ་འགྲན་ཞུགས་པ་དག་གི་གྲས་ལ་གསོན་ཤུགས་གསར་བ་ཞིག་བསྩལ་བ་དང་ཞོར་ལ། རང་བཞིན་གྱིས་འགྲན་རྩོད་ཛ་ཇེ་དྲགས་སུ་སོང་ཡོད།

རྩོམ་པ་པོ།: 
དགེ་ལེགས།
གཙོ་ཚིག: 
སྤེལ་དུས།: 
2014-03-26 13
ཞུ་དག།: 
བཀྲ་ཤིས་དོན་གྲུབ།