རྫས་འགྱུར་རིག་པ།
ཡིག་སྒྱུར།: 
སྤེལ་དུས།: 
2014-04-23 16

ལྟ་གྲངས།

104

རྫས་འགྱུར་གྱིས་དངོས་བོའི་ངོ་བོ་དང་སྒྲིག་གཞི།  གྲུབ་བྱ། འགྱུར་ལྡོག  ལྷག་པར་དུ་རྫས་འགྱུར་འགྱུར་འབྱུང་གི་བརྒྱུད་རིམ་སོགས་ལ་ཞིབ་འཇུག་བྱེད་པ་ཡིན། དེ་རྡུལ་ཕྲན་དང་རྡུལ་ཕྲན་གཞན་བར་གྱི་ཕན་ཚུན་ནུས་བ་ཐོན་རེས་དང་། ལྷག་པར་དུ་རྡུལ་ཕྲན་དང་ཅན་གཉིས་ཀྱི་བར་ཕན་ཚུན་ནུས་བ་ཐོན་རེས་དང་འབྲེལ་བ་ཡོད།  རྫས་འགྱུར་གྱི་སྒྲ་བཤད་ནི་འགྱུར་ལྡོག་གི་ཚན་རིག་ཡིན། དེས་དངོས་ལུགས་དང་ས་གཤིས་ཡང་ན་སྐྱེ་དངོས་དང་ཕན་ཚུན་འབྲེལ་བས་རྐྱེན་གྱིས་སྐབས་འགར་དེ་ལ་ལྟེ་གནས་ཀྱི་ཚན་རིག་(Central science)ཡང་ཟེར། འཇིག་རྟེན་ནི་དངོས་པོས་གྲུབ་པ་ཡིན་ཏེ། རྫས་འགྱུར་ནི་མིའི་རིགས་ཀྱིས་དངོས་པོའི་འཇིག་རྟེན་ལ་ངོས་འཛིན་དང་བསྒྱུར་བཀོད་བྱེད་པའི་བྱ་ཐབས་གཙོ་བོའི་ནང་གསེས་ཞིག་ཡིན་པ་མ་ཟད། ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ཕུན་སུམ་ཚོགས་པའི་རིག་གནས་ཞིག་ཡིན། དེའི་འགྲུབ་འབྲས་ནི་སྤྱི་ཚོགས་དཔལ་ཡོན་གྱི་ཚོན་རྟགས་གལ་ཆེན་ཞིག་ཡིན།

མེ་བཀོད་སྤྱོད་བྱེད་འགོ་བརྩམས་པའི་གདོད་མའི་སྤྱི་ཚོགས་ནས་མིས་དངོས་བོ་སྣ་ཚོགས་བཀོད་སྤྱོད་བྱེད་པའི་དེང་རབས་སྤྱི་ཚོགས་ལ་ཐུག་དུ་མིའི་རིགས་ཀྱིས་རྫས་འགྱུར་གྱི་གྲུབ་འབྲས་ལོངས་སྤྱོད་བྱེད་བཞིན་ཡོད། མིའི་རིགས་ཀྱི་འཚོ་བའི་འཕེལ་རྒྱས་དང་ལེགས་བཅོས་ནི་རྫས་འགྱུར་གྱི་བྱས་རྗེས་གལ་ཆེན་ཡིན། རྫས་འགྱུར་དེ་དངོས་ལུགས་རིག་པ།སྐྱེ་དངོས་རིག་པ། གནམ་དཔྱད་རིག་པ་སོགས་ཀྱི་ནང་དུ་སིམ་ནས་འཕེལ་རྒྱས་ཆེན་པོ་བྱུང་པ་མ་ཟད། ཚན་རིག་གཞན་པ་དང་ལག་རྩལ་གྱི་འཕེལ་རྒྱས་ལའང་འདེད་སྐུལ་བྱས།དཔེར་ན། ཧོ་སོན་རྫས་འགྱུར་གྱི་ཞིབ་འཇུག་གྲུབ་འབྲས་ཀྱིས་དེང་སྐབས་ཀྱི་སྐྱེ་དངོས་དེ་ཕྲ་ཕུང་གི་ཆུ་ཚད་ནས་འདུས་རྡུལ་གྱི་ཆུ་ཚད་ཏུ་སྐུལ་ནས་འདུས་རྡུལ་གྱི་སྐྱེ་དངོས་རིག་པ་བཙུགས།སའི་གོ་ལ་དང་ཟླ་བའི་གོ་ལ། སྐར་མ་གཞན་པའི་རྫས་འགྱུར་གྲུབ་ཆར་ཞིབ་འཇུག་བྱས་པ་བརྒྱུད་ནས་གཞི་རྒྱུ་ཁྱབ་པའི་ཆོས་ཉིད་རྙེད་པ་དང་སྐར་མའི་བར་སྟོང་སུ་འདྲེན་སྤྱོར་དངོས་རྫས་སྤྱིར་བཏང་ཅན་གནས་ཡོད་པ་རྟོགས་ནས་སྐར་མའི་གོ་ལས་རིམ་འགྱུར་དང་དེང་རབས་ཀྱི་འཇིག་རྟེན་རིག་པར་ཞིབ་འཇུག་གི་གཞི་གྲངས་མཁོ་སྤྲོད་བྱས་པ་མ་ཟད། རང་བྱུང་རྩོད་སྒྲུབ་རིག་པའི་ནང་དོན་ཡང་འཐུས་ཚང་དུ་བཏང་།

རྫས་འགྱུར་རིག་པ།   རིག་གནས་ཀྱི་རྣམ་གྲངས།

 

རྫས་འགྱུར་རིག་པ་དེ་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་ཞིབ་འཇུག་གི་ཐབས་ཤས་དང་དམིགས་ཡུལ།འོས་འགན་མི་འདྲ་བས་རྐྱེན་གྱིས་གོ་རིམ་མི་འདྲ་བའི་ཡན་ལག་ཡང་མང་བོ་བྱུང་ཡོད།

 

དུས་རབས་༢༠ལོ་རབས་༢༠པའི་སྔོན་དུ། རྫས་འགྱུར་དེ་སྲོལ་རྒྱུན་གྱི་སྐྱེ་ལྡན་རྫས་འགྱུར་དང་སྐྱེ་མེད་རྫས་འགྱུར།དངོས་ལུགས་རྫས་འགྱུར། དབྱེ་ཞིབ་རྫས་འགྱུར་བཅས་རིགས་བཞིའི་དབྱེ་ཡོདམོད། ལོ་རབས་༢༠རྗེས་སུ།འཛམ་གླིང་གི་དཔལ་འབྱོར་མགྱོགས་མྱུར་གྱིས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་རྫས་འགྱུར་ཅམ་གྱི་གློག་རྡུལ་གཞུང་ལུགས་དང་ཚད་རྡུལ་ཤུགས་རིག་བྱུང་པ་དང་། གློག་རྡུལ་ལག་རྩལ་དང་རྩིས་འཕྲུལ་ལག་རྩལ་དར།རྫས་འགྱུར་ཞིབ་འཇུག་གཞུང་ལུགས་དང་ཚོད་ལྟའི་ལག་རྩལ་དུའང་ཐབས་ཤེས་གསར་བ་རྙེད་དེ་རིག་གཞུང་འདི་ལོ་རབས་༣༠་ནས་བྱ་འཕུར་བ་ལྟར་འཕེལ། དེང་རབས་རྫས་འགྱུར་གྱི་ནང་དོན་དེ་སྤྱི་བཏང་གི་སྐྱེ་དངོས་རྫས་འགྱུར་དང་སྐྱེ་ལྡན་རྫས་འགྱུར། འདུས་རྡུལ་མང་པའི་རྫས་འགྱུར།དངོས་སྤྱོད་རྫས་འགྱུར། རྫས་འགྱུར་བཟོ་སྐྲུན་རིག་པ། དངོས་ལུགས་རྫས་འགྱུར།སྐྱེ་མེད་རྫས་འགྱུར་བཅས་རིགས་ལྔར་བསྡོམས་པའི་ཁག་༨༠དབྱེ་ཡོད། དོན་དངོས་སུ་རིག་གཞུང་ཡན་ལག་༧འདུས་ཡོད། ཉེ་བའི་ལོ་འགའི་་རིང་ལ། ཨ་མེ་རི་ཁའི་རྫས་འགྱུར་རིག་པ་བ་དར་བས་ཆོང་སིས་དེང་རབས་རྫས་འགྱུར་གྱི་རྣམ་གྲངས་ལ་ཇུས་གཞི་གསར་བ་ཞིག་བཏོན། ཁོང་གིས་རྫས་འགྱུར་ཚན་རིག་ཡོངས་ཁྱབ་ཁོངས་ལྔར་དབྱེ་ཡོད་དེ་གྲུབ་ཆའི་རྫས་འགྱུར་དང་། འགྱུར་འབྱུར་རྫས་འགྱུར།དངོས་ལུགས་རྫས་འགྱུར།གཞུང་ལུགས་རྫས་འགྱུར། དངོས་སྤྱོད་རྫས་འགྱུར་བཅས་ལྔའོ།

རྫས་འགྱུར་རིག་པ།     འཕེལ་རྒྱས།

(萌芽)གསར་སྐྱེས་ལྗང་བུ།

གདོད་མའི་མའི་རིགས་ཀྱིས་མེ་བཀོལ་སྤྱོད་བྱེད་པ་ནས་བཟུང་ཤེས་རིག་དམན་པ་ནས་ཤེས་རིག་ལྡན་པའི་དུས་རབས་ནང་ཞུགས་པ་དང་མཉམ་དུ་རྫས་འགྱུར་གྱི་བྱ་ཐབས་ཀྱིས་རང་བྱུང་གི་དངོས་བོར་ངོས་འཛིན་དང་ལེགས་བཅོས་བྱས། མེ་འབར་བ་ནི་རྫས་འགྱུར་འགྱུར་འབྱུང་ཅིག་ཡིན། མེ་བཀོལ་ཤེས་པའི་རྗེས་སུ་མིའི་རིགས་ཀྱིས་ཟས་བཙོས་པ་དང་། རིམ་གྱིས་རྫ་ཆས་བཟོ་བ་དང་།བཙོ་སྤྱོང་བྱེད་པ་ཤེས། དེའི་རྗེས་སུ་སྙོལ་བཟོ་དང་ཚོན་རྒྱག་པ་སོགས་ཤེས། རང་བྱུང་དངོས་བོར་ལས་སྣོན་བཅོས་སྒྱུར་བྱས་ནས་བཟོས་པའི་ཐོན་དངོས་འདི་དག་གནའ་རབས་དཔལ་ཡོན་གྱི་ཚོན་རྟགས་སུ་གྱུར། ཐོན་སྐྱེལ་ལག་ལེན་འདི་དག་གི་རྨང་གཞིའི་སྟེང་གནའ་རབས་ཀྱི་རྫས་འགྱུར་ཤེས་བྱ་བྱུང་པ་རེད། གནའ་མིས་དངོས་བའི་ངོ་བོ་ཁ་ཤས་ལ་བལྟས་ནས་དངོས་བོར་རིགས་དབྱེ་བ་མ་ཟད། དེའི་འབྱུང་རྩ་དང་འཕོ་འགྱུར་གྱི་བརྒྱུད་རིམ་ལ་ཁུངས་འདེད་པར་བསམ། སྤྱི་ལོ་སྔོན་གྱི་དུས་རབས་༣པའམ་ཡང་ན་དེའི་སྔོན་དུ་ཀྲུང་གོས་ཕོ་མོ་ཁམས་ལྔའི་རིག་པ་བཏོན་ཏེ། དངོས་བོ་ཡོད་ཚད་ནི་ས་ཆུ་མེ་གསེར་ཤིང་ལྔ྄སྡེབ་སྒྲིག་བྱས་ནས་གྲུབ།ཕོ་མོ་ཁམས་ལྔ་ནི་ཕོ་དང་མོ་གཉིས་ཕན་ཚུན་ནུས་པ་ཐོན་རེས་བྱས་ནས་གྲུབ། བརྗོད་ཚུལ་འདི་ནི་གདོད་མའི་དངོས་གཙོ་རིང་ལུགས་ཀྱི་རང་བྱུང་ལྟ་བ་ཡིན། སྒྲ་བཤད་ཕོ་དང་མོས་རང་བྱུང་ཁམས་ཀྱི་ཕན་ཚུན་འགལ་ཟླ་དང་ཕན་ཚུན་འཕེལ་འགྲིབ་གྱིས་དངོས་བོ་གསལ་བཤད་བྱས་ནས་དེ་གཉིས་ཀྱིས་ཕན་ཚུན་ནུས་པ་ཐོན་རེས་བྱེད་པ་ནི་རང་བྱུང་སྣང་ཚུལ་འཕོ་འགྱུར་གྱི་འབྱུང་རྩ་ཡིན་པར་བཤད། བཤད་ཚུལ་འདི་ནི་ཀྲུང་གོའི་རིལ་བུ་བཟོ་རྩལ་གྱི་གཞུང་ལུགས་ཀྱི་རྨང་གཞིའི་ནང་གསེས་ཅིག་ཡིན།

   སྤྱི་ལོ་སྔོན་གྱི་དུས་རབས་༤་ནང་།གུ་རི་སིས་ཡང་ཕོ་མོ་ཁམས་ལྔའི་བཤད་ཚུལ་དང་འདྲ་བའི་ས་ཆུ་མེ་རླུང་གཞི་རྒྱུ་བཞིའི་བཤད་ཚུལ་དང་གནས་རབས་ཀྱི་རྡུལ་ཕྲན་བཤད་པ་བཏོན། གདོད་མའི་རྒྱུ་བཞིའི་བསམ་བློ་དེ་ཚོ་ནི་དངོས་པོའི་སྒྲིག་གཞི་དང་འགྱུར་ལྡོག་གི་གཞུང་ལུགས་ཀྱི་ལྗང་བུ་ཡིན། དེའི་རྗེས་སུ་ཀྲུང་གོ་རྒྱལ་ཁབ་དུ་རིལ་བུ་བཟོ་རྩལ་བྱུང་། སྤྱི་ལོ་སྔོན་གྱི་ལོ་རབས་༢པའི་དུས་ཀྱི་ཆིན་རྒྱལ་རབས་དང་ཧན་རྒྱལ་རབས་ཀྱི་སྐབས་སུ་རིལ་བུ་བཟོ་རྩལ་དར་ཁྱབ་ཆེ་ལ་ལོ་རབས་༧པར་ཧ་ལམ་དུ་ཨ་རབ་རྒྱལ་ཁབ་དུ་དར། དེ་གི་རི་སུའི་མཚན་ཉིད་རིག་པ་དང་བསྲེས་ནས་ཨ་རབ་ཀྱི་རིལ་བུ་བཟོ་རྩལ་གྲུབ། ཨ་རབ་ཀྱི་རིལ་བུ་བཟོ་རྩལ་ནི་ལོ་རབས་བར་མའི་ནང་ཡོ་རོབ་གླིང་དུ་དར་ནས་ཡོ་རོབ་གླིང་གི་རིལ་བུ་བཟོ་རྩལ་གྲུབ། མཇུག་ཏུ་རིམ་བཞིན་ཉེ་རབས་ཀྱི་རྫས་འགྱུར་དུ་གྱུར།

   རིལ་བུ་བཟོ་རྩལ་གྱི་མཛུབ་སྟོན་བསམ་བློ་ནི་དངོས་བོ་འཕོ་འགྱུར་བྱུང་ཐུབ་པ་དེ་ཡིན་ལ། རིལ་བུ་བཟོ་ཆས་ནང་དུ་མིའི་ཐབས་ཀྱིས་གསེར་དངུལ་འདྲེས་སྦྱོར་དང་། འཆི་མེད་རིལ་བུ་སྦྱོར་སྡེབ་བྱས་པར་ཚོད་ལྟ་བྱས། ཁོང་ཚོས་དམིགས་ཡུལ་ཡོད་པའི་སྒོ་ནས་དངོས་པོ་མི་འདྲ་བ་ཕན་ཚུན་སྒྲིག་སྦྱོར་གྱིས་སྡེབ་སྦྱོར་དང་ཚོད་ལྟ་བྱེད་ཀྱིན་ཡོད། དེས་རྐྱེན་པས་དངོས་པོའི་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་ཆེད་ཀྱི་སྣོད་ཆས་མང་པོ་དང་འབྲེལ་བ་ཡོད་དེ།  དཔེར་ན།  སྲ་གཟུགས་རླུང་འགྱུར་གྱི་ཡོ་བྱད།  རླང་བསྒྱུར་དྭངས་འབྱེད་ཀྱི་སྣོད་ཆས།  འབྲས་བུ་བླུགས་སྣོད་སོགས་ཡོད་ལ་།  ད་དུང་།  ཞིབ་བརྡར་དང་། འདྲེས་སྦྱོར། ཞུ་བ། གཙང་དག  བསྲེགས་པ།  ཞུ་བ།  སྲ་གཟུགས་རླུང་འགྱུར།  ཁ་དམ་པོ་སྡོམ་པ་སོགས་ཚོད་ལྟའི་ཐབས་ཤེས་མང་དག་ཅིག་གི་སྲོལ་གཏོད། འདི་དང་དུས་མཉམ་དུ་། དངོས་པོ་སྣ་ཚོགས་ཀྱི་ངོ་བོ་ལ་རིགས་དབྱེ་སྟེ་ཞིབ་འཇུག་བྱས། ལྷག་པར་དུ་ཕན་ཚུན་འགྱུར་བའི་ནུས་བར་ཞིབ་འཇུག་བྱས། འདི་དག་གིས་ཉེ་རབས་ཅན་གྱི་རྫས་འགྱུར་འབྱུང་པར་རྨང་གཞི་བཞག  ཡོ་བྱད་མང་པོ་དང་བྱ་ཐབས་མང་པོ་ལེགས་བཅས་བྱས་སྲིད་ནའང་ད་ལྟའི་རྫས་འགྱུར་གྱི་ཚོད་ལྟའི་ཁྲོད་དུ་མི་མཐུད་དུ་བཀོད་སྤྱོད་བྱེད་བཞིན་ཡོད། རིལ་བུ་བཟོ་མཁན་གྱིས་ཚོད་ལྟའི་ཁྲོད་དུ་མེ་རྫས་གསར་གཏོད་བྱས་པ་མ་ཟད་གཞི་རྒྱུ་ཁ་ཤས་ཤིག་རྙེད་ནས་བསྲེས་ལྕགས་འགའ་ཞིག་གསར་གཏོད་བྱས།ད་དུང་འདྲེས་སྤྱོར་དངོས་རྫས་མང་པོ་ཞིག་དག་ཐེར་བྱས།གྲུབ་འབྲས་འདི་དག་ད་རུང་ཡང་བཀོད་སྤྱོད་བྱེད་བཞིན་ཡོད།

 (中兴)ཉམས་པ་བསྐྱར་དར།

   དུས་རབས་༡༦པའི་ནང་ཡོ་རོབ་གླིང་གི་བཟོ་ལས་ཐོན་སྐྱེད་དར་བ་དང་།དེའི་སྨན་རྫས་དང་ལྕགས་བཞུ་བཟོ་རྩལ་གྱི་རྫས་འགྱུར་གྱིས་གསར་འཛུགས་དང་འཕེལ་རྒྱས་ལ་འདེད་སྐུལ་བྱས།གསེར་བཙོའི་ལག་རྩལ་དེ་འཚོ་བ་དང་ལག་ལེན་གྱི་ཕྱོགས་སུ་བསྐོར་ནས་དངོས་པོའི་རྫས་འགྱུར་འགྱུར་འབྱུང་གི་ཞིབ་འཇུག་གཙིགས་ཆེན་སུ་བཟུང་།གཞུ་རྒྱུའི་ཚན་རིག་གི་སྒྲ་བཤད་བཙུགས་རྗེས།མེ་འབར་བའི་སྣང་ཚུལ་ལ་ཚོད་ལྟ་ཞིབ་འཇུག་བྱེད་པ་བརྒྱུད་ནས་ཚན་རིག་གི་དབྱང་འགྱུར་གཞུང་ལུགས་དང་སྤུས་ཚད་བརྟན་སྲུང་ངེས་སྲོལ་བཙུགས། དེ་རྗེས་ནས་ (定比定律)、(倍比定律)和(化合量定律)རྫས་འགྱུར་གྱི་སྔར་ལས་ལྷག་པའི་ཚན་རིག་གི་འཕེལ་རྒྱས་ལ་རྨང་གཞི་བཙུགས།

   དུས་རབས༡༩བའི་འགོར། ཉེ་རབས་ཀྱི་རྡུལ་ཕྲན་སྨྲ་བ་བཙུགས། གཞི་རྒྱུའི་རྡུལ་ཕྲན་གྱི་སྤུས་ཚད་ནི་དེའི་ཆེས་རྨང་གཞིའི་ཁྱད་ཆོས་ཡིན་པ་འབུར་ཐོན་གྱིས་ནན་བཤད་བྱས་ཡོད། དེའི་ནང་ནས་ཚད་ནང་འདྲེན་བྱས་པ་དེ་ནི་གནའ་རབས་གྱི་རྡུལ་ཕྲན་སྨྲ་བ་གཉིས་ཀྱི་ཁྱད་པར་ཡིན།ཉེ་རབས་ཀྱི་རྡུལ་ཕྲན་སྨྲ་བས་སྐབས་དེའི་རྫས་འགྱུར་དང་ཤེས་བྱ་གཞུང་ལུགས་ལ་འགྲེལ་བཤད་འོས་མཚམས་ཞིག་བྱས་ནས་རྫས་འགྱུར་གྱི་སྣང་ཚུལ་གསལ་བཤད་བྱས་པའི་གཞུང་ལུགས་སུ་གྱུར། འདུས་རྡུལ་ཚོད་དཔག་བཏོན་ནས་རྡུལ་ཕྲན་འདུས་རྡུལ་རིག་པ་སྨྲ་བ་བཙུགས།དེའི་དངོས་པོའི་སྒྲིལ་གཞིར་ཞིབ་འཇུག་བྱེད་པར་རྨང་གཞི་བཙུགས།མིན་ཅར་ལེ་ཧྥས་གཞི་རྒྱུའི་དུས་འཁོར་གྱི་ཆོས་ཉིད་རྟོགས་རྗེས་སྐྱེ་མེད་རྫས་འགྱུར་གྱི་མ་ལག་བཙུགས་པ་མ་ཟད་རྡུལ་ཕྲན་འདུས་རྡུལ་རིག་པ་སྨྲ་བ་དང་མཉམ་དུ་རྫས་འགྱུར་གྱི་གཞུང་ལུགས་མ་ལག་བཙུགས། གཏེར་རྫས་ལ་དབྱེ་ཞིབ་བྱེད་པ་བརྒྱུད་ནས་གཞི་རྒྱུ་གསར་བ་མང་པོ་རྙེད།དེ་དང་རྡུལ་ཕྲན་འདུས་རྡུལ་རིག་པ་སྨྲ་བའི་ཚོད་ལྟའི་ར་སྤྲོད་གཉིས་ཀྱི་གསུང་རབ་ཅན་གྱི་རྫས་འགྱུར་དབྱེ་ཞིབ་བྱ་ཐབས་ཀྱི་མ་ལག་གྲུབ།( 草酸དང་གཅིན་རྒྱུའི་མཉམ་སྤྱོར་དང་རྡུལ་ཕྲན་བྲིན་གྱི་སྒྲ་བཤད་བྱུང་བ།  པིན་གྱི་ཨ་ལོང་དབྱིབས་དྲུག་ཅན་གྱི་སྒྲིག་གཞི་དང་(碳价键四面体)སོགས་གཞུང་ལུགས་ཀྱི་གསར་འཛུགས་དང་།སྐྱེ་ལྡན་རྫས་འགྱུར་གྱི་སྒྲིག་གཞིའི་གཞུང་ལུགས་བཙུགས།མི་རྣམས་ཀྱིས་འདུས་རྡུལ་གྱི་ངོ་བོ་ལ་གཏིང་ཟབ་པའི་སྒོ་ནས་ངོས་འཛིན་བྱེད་དུ་བཅུག་པར་མ་ཟད་སྐྱེ་ལྡན་རྫས་འགྱུར་ལ་རྨང་གཞི་བཙུགས། དུས་རབས་༡༩པའི་མཇུག་ཏུ།ཚ་ཤུགས་རིག་པ་སོགས་དངོས་ལུགས་གཞུང་ལུགས་རྫས་འགྱུར་ཁོངས་སུ་བཞག་པ་དེས་རྫས་འགྱུར་དོ་མཉམ་དང་འགྱུར་འབྱུང་མྱུར་འགྲོས་ཟློས་ཚད་བར་གྱི་བར་གྱི་ངོ་བོ་དེ་གསལ་ཁ་འབྱེད་ཡོད་མ་ཟད་རྫས་འགྱུར་འགྱུར་འབྱུང་ནང་གི་དངོས་པོའི་འཕོ་འགྱུར་གྱི་ཁ་ཕྱོགས་དང་ཆ་རྐྱེན་བརྡར་ཤ་བཅད་ནས་ཞུན་མའི་གཞུང་ལུགས་དང་གློག་གྱེས་གཞུང་ལུགས། གློག་རྡུལ་རྫས་འགྱུར། རྫས་འགྱུར་འགུག་ཤུགས་རིག་པ་སོགས་ཀྱི་གཞུང་ལུགས་ཀྱི་རྨང་གཞི་བཙུགས། དངོས་ལུགས་རྫས་འགྱུར་གྱིས་རྫས་འགྱུར་གཞུང་ལུགས་ཀྱི་ཐོག་ནས་ཆུ་ཚད་ངོས་ཅན་ཞིག་ལ་འཕེལ་དུ་བཅུག

ཡོང་ཁུངས།: 
པའེ་ཏུའུ་རིག་མཛོད།

དཔྱད་གཏམ།

ཡག་པོ་འདུག

ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ