ITཀུང་ཟི་གལ་ཆེ་ཤོས་བཅུ་ཡི་ཨང་རིམ།
ཡིག་སྒྱུར།: 
སྤེལ་དུས།: 
2014-04-23 22

ལྟ་གྲངས།

138

[གླེང་གཞི]《བདུན་རེའི་ཆ་འཕྲིན》བདུན་དེབ་ཀྱིས་ཁེ་ལས་ལ་གལ་འགངས་ཤིན་ཏུ་ཆེ་བའིITཀུང་སི་ཆེན་པོ་ཡི་ཨང་རིམ་བསྒྲིགས་པ་དང་།  དེ་ཚོ་ཁེ་ལས་ཀྱི་ཉིན་རེའི་འཁོར་སྐྱོད་ལ་མེད་ཐབས་མེད་པར་གྱུར་ཡོད་ལ། ITཕོ་བྲང་གི་གདུང་འདེགས་ཀ་བ་ལྟ་བུ་ཡིན་པར་མ་ཟད། འཐབ་ཇུས་གོ་གནས་ཡང་ཚབ་བྱེད་མི་ཐུབ་པར་གྱུར་ཡོད། འདས་པའི་ལོ་བཅུའི་ནང《བདུན་རེའི་ཆ་འཕྲིན》བདུན་དེབ་ཀྱི་རྩོམ་སྒྲིག་པས་ཁེ་ལས་མང་པོའི་འགན་འཛིན་པར་བཅར་འདྲི་བྱས་ཤིང་།  ཡང་ཐེངས་གྲངས་མེད་དུ་དྲིས་པའི་དྲི་བ་ནི་འདི་ལྟ་སྟེ།  “ཁྱེད་རང་གིསITལས་རིགས་ནང་གི་ཁེ་ལས་གལ་ཆེ་ཤོས་སུ་ཚང་ཡིན་སྙམ”ཞེས་པ་དེ་རེད།  དེ་ལ“གལ་ཆེ་ཤོས”ཀྱི་ཨང་རིམ་དེར་ཚུད་དགོས་པར་མ་མཐའ་ཡང་ཆ་རྐྱེན་འདི་དག་ཚང་དགོས་སྟེ།  གཞི་རྒྱ་ཆེ་བ། ITགདུང་འདེགས་ཀ་བ་ལྟ་བུའི་ནུས་པ་ཐོན་དགོས་པ།  ནུས་པ་དེ་ཡང་ལས་སླ་པོར་གཞན་གྱིས་ཚབ་བྱེད་མི་ཐུབ་པ་བཅས་སོ།  །  ཚད་གཞི་འདི་དག་གཞིར་བཟུང་ནས་ཡང་ཡང་བརྟག་ཅིང་དཔྱད་མཐར།  ང་ཚོས་ཁེ་ལས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བའིITཁེ་ལས་བཅུ་ཡི་ཨང་རིམ་བསྒྲིགས་ཡོད།  ཡིན་ཡང་དོ་སྣང་བྱ་དགོས་པ་ཞིག་ལ་སྤྱིར་ཁེ་ལས་འདི་ཚོ་སོ་སོའི་ཁྱབ་ཁོངས་སུ་དབང་སྒྱུར་གོ་གནས་ཡོད་ཀྱང་།  ཕྱིས་འབྱུང་གི་ཁེ་ལས་གསར་པས་ཚབ་བྱེད་པའི་ཉེན་ཁ་སྔར་བཞིན་ཡོད་དེ།  དུས་ཡུན་ཞིག་གི་ནང་སྐད་གྲགས་ཤིན་ཏུ་ཆེ་བའིBECདངUnisysལ་འདང་ཞིག་རྒྱོབས་དང་ཤེས་ངེས།

IBM
 
    དུས་ཡུན་ཧ་ཅང་རིང་པོ་ཞིག་ཏུ། “མི་ཆེན་སྔོན་པོ”IBMནིITཡི་མིང་ཚབ་ལྟ་བུ་ཡིན་ལ།  དུས་ད་ལྟའངIBMཀུང་སིའི་ཐོན་རྫས་དང་ཞབས་ཞུས་སྔར་བཞིན་ལས་རིགས་དེའི་ཕྱོགས་ཚང་མར་ཁྱབ་ཀྱི་ཡོད་དེ།  ཕྱི་ཐུམ། སྡེབ་སྒྲིག ཆ་འཕྲིན། མཉེན་ཆས། རྒྱུད་ཁོངས། བདེ་འཇགས་སོགས་ཀྱིས་སྤྱོད་མཁན་ཁེ་ལས་ཀྱི་འདོད་བློ་མ་ལུས་པ་སྐོང་ཐུབ་ཀྱི་ཡོད། “རིག་ལྡན་གོ་ལ་འཛུགས”(Smarter Planet)པའི་བསམ་བློའི་མཛུབ་སྟོན་ལྟར། སྨན་བཅོས་ལུས་ཁམས་བདེ་སྲུང་། ནུས་ཁུངས་འདོན་སྤེལ། ཉེས་གསོག་སྔོན་འགོག  སྡེབ་ཚོང་། འགྲིམ་འགྲུལ་དབོར་འདྲེན། སྲིད་གཞུང་དོ་དམ་སོགས་སྡེ་ཁག་ཚང་མརIBMཀུང་སིའི་ལག་རྩལ་གྱིས་ནུས་པ་ཆེན་པོ་ཐོན་གྱི་ཡོད།
 
SAP
 
    ཁེ་ལས་མང་པོ་ཞིག་གིསSAPཀུང་སིས་བཟོས་པའི་མཉེན་ཆས་ལ་བརྟེན་ནས་ནོར་དོན་དོ་དམ་དང་མཁོ་འདོན། ཐོན་སྐྱེད། གླ་ཕོགས་སོགས་འཁོར་རྒྱུག་བྱེད་ཀྱི་ཡོད། ཡིན་ཡང་ངའི་ལས་གྲོགས་པོ་པོ་ཨེ་ཝན་སིས(Bob Evans)SAPལྟ་ཞིབ་ཚོགས་པའི་ཀྲུའུ་ཞི་ཧ་ཟོ་ཕུ་ལ་ཐ་ནཱར(Hasso Plattner)ལ་བྲིས་པའི་ཁྲོམ་བསྒྲགས་ཡི་གེའི་ནང་གསལ་བ་ལྟར། གལ་སྲིདSAPཡིས་མུ་མཐུད་དུ་སྔ་མའི་གོ་གནས་དེ་འཛིན་འདོད་ན།  ངེས་པར་དུ“སྤྱོད་མཁན་གྱི་དགོས་མཁོར་ལྟ་དགོས་པ་ལས། ཀུང་སིས་ཅི་ཞིག་ཐོན་སྐྱེད་བྱ་ཐུབ་པ་དེ་མིན”པ་ལག་ཏུ་བསྟར་དགོས།  ཟླ་འདིའི་ཟླ་སྟོད་དུ་དོ་དམ་བྱེད་མཁན་བརྗེས་ནས། Hasso Plattnerཡིས་ཀུང་སིའི་དཔོན་རའི་མཁའ་དབུགས་ལ་དག་ཐེར་བྱས་ནས་ལག་རྩལ་གསར་གཏོད་ཀྱི་མིང་སྙན་མོ་བསྐྱར་དུ་ལེན་རྒྱུའི་དམ་བཅའ་བཞག
 
སྙི་ཕྲན།(Microsoft)
 
   མི་མང་པོའི་སེམས་སུ་སྙི་ཕྲན་གྱི་ཨང་རིམ་དམའ་དྲགས་འདུག་སྙམ་གྱི་ཡོད་ཅིང་།  ཡང་མི་ཁ་ཤས་ཀྱིས་སྙི་ཕྲན་ལ་གདེང་འཇོག་མཐོ་དྲགས་འདུག་སྙམ་གྱི་ཡོད། ད་སྔའི་བར་འགྲན་ཡ་མང་པོ་ཞིག་གིསWindows། Office། ExchangeདངIEབཅས་ཀྱི་ཚབ་བྱེད་ཐུབ་ཅེས་བརྗོད་ཀྱི་ཡོད་རུང་། ཡང་མང་ཆེ་བས་ཁ་ནས་བཤད་པ་ཙམ་ཡིན།  ངའི་ལས་གྲོགསArt wittmanཡིས་བཤད་པ་ལྟར།  ཕྲ་མཉེན་གྱིས་ཐབས་ཇུས་མ་ནོར་བ་ཞིག་འཐེན་ཚེ།  ལས་རིགས་ཚང་མར“གསར་བརྗེའི་རང་བཞིན་གྱི་འགྱུར་བ”གཏང་ཐུབ།  དེ་ཡང་དཔེར་ན་མཉེན་ཆསSharePointལྟ་བུ་ད་ལྟ“ཀུང་སི་པར་མའིFacebook”ཆགས་ཡོད་དེ། འདིས་ཀུང་སིའི་ནང་ཁུལ་གྱི་གྲོས་བསྡུར་དང་མཉམ་ལས། དོ་དམ་བཅས་ལ་ནུས་པ་གལ་ཆེན་ཐོན་ཀྱི་ཡོད།   ཡང“མཉེན་ཆས་དང་ཞབས་ཞུ”ཡི་ཐབས་ཇུས་གསར་པའང་ལག་ལེན་དུ་མགྱོགས་ལ་ལེགས་པར་བསྟར།  Artཡིས་ཧ་ཅང་ཡག་པོ་བཤད་སོང་།  ཕྲ་མཉེན་གྱི་གོ་གནས་འགངས་ཆེ་བ་ཤེས་དགོས་ན་རང་གིས་རང་ལ“གལ་སྲིད་ཕྲ་མཉེན་མེད་ན་ག་འདྲ་བྱེད”ཅེས་དྲིས་དང་ཤེས་ཐུབ།
 
རུས་བརྐོས་ཡི་གེ(Oracle)
 
    རུས་བརྐོས་ཡི་གེ་ནི་ད་ཆའི་འཛམ་གླིང་གི་གཞི་གྲངས་མཛོད་ཀྱི་མཉེན་ཆས་ཀུང་སི་ཆེ་ཤོས་ཡིན་པ་དང་། གོ་གནས་འདི་བསྒྱུར་དཀའ་བ་འདྲ། ད་དུང་ཉེ་ལམSunཀུང་སི་ཚུར་ཉོས་པས།  Oracleམཉེན་ཆས་ཀུང་སི་ཆིག་རྐྱང་བ་ནས་སྲ་ཆས་དང་མཉེན་ཆས་གཉིས་ཀ་ཡོད་པའི་ཚོང་མཁོ་འདོན་བྱེད་མཁན་དུ་གྱུར་ཡོད་ལ། འཕེལ་རྒྱས་ཀྱི་ཁ་ཕྱོགས་འདི་ནིIBMདང་འདྲ།
 
སི་ཁོ།(Cisco)
 
    རང་རང་གི་ལས་རིགས་ཁྱབ་ཁོངས་སུ་ནང་དུ་སི་ཁོ་ནང་བཞིན་གྱི་དབང་སྒྱུར་གོ་གནས་ཡོད་པ་ཨང་གྲལ་དུ་ཚུད་པ་གཞན་སུ་ལའང་མེད་ཕྱིར། དེའི་འགྲན་ཡ་རྣམས་ཀྱིས་ཀྱང་དྲ་བའི་སྒྲིག་ཆས་ཁྱབ་ཁོངས་ཀྱི་རྐུབ་སྟེགས་ཨང་གཉིས་པ་རྩོད་རྒྱུ་ལས་མེད། སི་ཁོ་ཡི་ཨང་རིམ་འདི་ལས་ཡར་འགྲོ་མ་ཐུབ་པའི་རྒྱུ་མཚན་ནི་ཚོང་ཁང་གཞན་གྱིས་མཁོ་ཆས་ཚང་མ་མཉམ་དུ་འདུས་ན་གཞི་ནས་འགྲིག་ཙམ་ཡོང་བས་ཡིན།  路由器དང་བརྗེ་ལེན་འཕྲུལ་འཁོར་ཕུད། སི་ཁོ་ད་ལྟ་“གཅིག་གྱུར་དྲ་བའི་གཞི་སྒྲོམ་གཞི་གྲངས་མཛོད་ཀྱི་ལྟེ་བ”ཤུགས་ཆེན་པོར་སྤེལ་གྱི་ཡོད།  རྟོག་བཟོའི་ཞབས་ཞུ་འཕྲུལ་ཆས། གསོག་ཆས་དང་དྲ་བའི་སྤྱོད་ཆས་ཚང་མ་ནི་གཅིག་གྱུར་གྱི་སི་ཁོ་ཡི་སྒྲིག་གཞི་གཅིག་ཡིན།
 
ཧོས་ཕུ།(Hewlett-Packard)
 
    ཧོས་ཕུ་ནི་འཛམ་གླིང་གིITཀུང་སི་ཆེས་ཆེ་བ་ཞིག་ཡིན་མོད། ཨང་རིམ་དྲུག་པར་མ་གཏོགས་འགྲོ་ཐུབ་ཀྱི་མེད་དེ། རྒྱུ་མཚན་མི་ཚང་མའི་སེམས་སུ་ནང་ཧོས་ཕུ་ནིPCདང་དཔར་ཆས་བཟོ་ཚོང་བྱེད་མཁན་ཙམ་དུ་འདོད་པས། ཐབས་ཇུས་སྐོར་ཧ་ལམ་ཧ་ཅང་གོ་དཀའ་བར་ཡོད།  ཡིན་ཡང་ཧོས་ཕུ་ནི་དོན་གྱིས་ཁེ་ལས་རིམ་པའི་སྲ་ཆས་ཐོན་སྐྱེད་བྱེད་མཁན་ཀྱི་ཀུང་སི་ཉུང་ངུའི་གྲས་ཡིན་པ་དང་།  ད་ཆ་འགྱུར་བ་འགྲོ་གི་ཡོད། གཟའ་འཁོར་སྔོན་མར་ཧོས་ཕུ་ཀུང་སིས་ཁུ་ཕའི་ཀུང་སི་དང་གྲོས་འཆམ་བྱུང་སྟེ། “རྒྱུ་འབྱོར”ཆེ་བའི་ཀུང་སི༥༠༠ནང་གི་ཨང་དང་པོར་ཡིན་པའི་ཁེ་ལས་དེར་རྡོ་སྣུམ་དང་རང་བྱུང་མཁའ་རླུང་། གློག་མེད་ཀྱི་བལྟོས་བྱུང་རྒྱུད་ཁོངས་བཅས་མཁོ་འདོན་བྱེད་ཀྱི་ཡོད་ལ།  གལ་སྲིད་ཧོས་ཕུ་ཡི་ལག་ཏུ་ད་དུང་འདི་ལྟ་བུའི་ཡུན་རིང་བའི་གན་རྒྱ་འདི་འདྲ་ཡོང་ཚེ། མ་འོངས་པར་ཨང་རིམ་ཇེ་མཐོར་འགྲོ་ངེས་རེད།
 
Teradate
 
    Tardateནི་ཨང་རིམ་འདིའི་ནང་ནས་གཞི་ཁྱོན་ཆུང་ཤོས་དེ་ཡིན་པ་དང་། ལོ་རེའི་ཡོང་འབབ་ནི་ཨ་སྒོར་དུང་ཕྱུར་17.1ལས་མེད།  འཛམ་གླིང་གི་ཁེ་ལས་རིམ་པའི་གཞི་གྲངས་མཛོད་ཀྱི་ཐག་གཅོད་པའི་ཐབས་ལམ་གྱི་མགོ་ཁྲིད་མཁན་གྱི་བཟོ་གྲྭ་འདིས།  སྤྱོད་མཁན་ལ་གཞོགས་འདེགས་བྱས་ཏེ་ཐབས་ལམ་ཡག་ཤོས་དང་གོ་ཆོད་ཤོས་ཀྱིས་ཁེ་ལས་ལ་སྒུལ་ཤུགས་ཆད་མེད་དུ་སྣོན་གྱི་ཡོད། ཨོར་མ། ཁོལ་ཁོལ་ཁོ་ལ།  eBayདངoverstock.comབཅས་ཀྱིས་རང་ཉིད་ཀྱི་རྒྱལ་ཁའི་ཆ་ཤས་ཤིགTeradateཡིས་འགྲན་རྩོད་གནས་ཚུལ་མཁོ་འདོན་བྱས་པ་ལས་བྱུང་བར་ངོས་འཛིན་གྱི་ཡོད། 
 
Vmware
 
    Vmwareནི་འཛམ་གླིང་གི་རྟོག་བཟོའི་མཉེན་ཆས་ཀུང་སི་དང་པོ་དེ་ཡིན་པ་དང་། ཁྱབ་ཁོངས་འདིའི་ནང་གི་ཚོང་རའི75%ནས80%བཟུང་ཡོད།  ཆེད་མཁས་པས་ཕྲ་མཉེན་གྱིསNovel1དངNetscapeལ་ཕར་རྒོལ་བྱས་པ་བཞིནVmwareཡང་གླགས་འཁེལ་ཐབས་བྱེད་ཀྱི་ཡོད་ཅེས་སྔོན་དཔག་བྱེད་ཀྱི་ཡོད་མོད།  ཅི་ལྟར་ཡངVmwareད་དུང་ཡང་ཁྱབ་ཁོངས་འདིའི་སྣེ་ཁྲིད་པ་ལྟ་བུ་ཡིན་ལ། སྤྱོད་མཁན་རྣམས་ཀྱིས་ཀྱང་ཡིད་རྟོན་ཆེན་པོ་བྱེད་ཀྱི་ཡོད།
 
EMC
 
    དྲ་བའི་སྒྲིག་ཆས་ཁྱབ་ཁོངས་ཀྱི་སི་ཁོ་དང་འདྲ་བར།  EMCཡིས་ཆ་འཕྲིན་གསོག་ཆས་ཁྱབ་ཁོངས་འདིར་གོ་གནས་ཆེས་ཆེར་ཟིན་ཡོད་ལ།  ཡང་སི་ཁོ་དང་འདྲ་བར“ཚོང་ཁང”གི་གོ་གནས་དེས་འགྲན་ཡ་ཡོངས་སུ་ཕམ་པར་རྒྱག་མི་ཐུབ། ལོ་མང་པོའི་སྔོན་དུWMCཡིས་མཉེན་ཆས་ཀུང་སི(Vmwareཡང་དེ་རུ་འདུས)ཆེ་གྲས་རྣམས་ཉོ་མགོ་བརྩམས་མོད། ཡོང་སྒོ་གཙོ་བོ་སྔར་བཞིན་ཆ་འཕྲིན་གསོག་ཆས་ལས་བྱུང་ཞིང་། ལོ་རེའི་ཡོང་འབབ་ཀྱི76%ཡི་གཡས་གཡོན་ཟིན་གྱི་ཡོད།
 
ཞབས་ཞུ་ཁང་ཆེ་གྲས།(Outsourcer)
 
    གལ་སྲིད་ཁེ་ལས་ལ་ཕྱི་ཐུམ་ཡི་ཞབས་ཞུའི་ལས་སྒོ་དགོས་ན་ཀུང་སི་ཨེ་སུན་ཀྲ CSC Wiproབཅས་ནི་ཁོ་ཚོའི་འཐབ་ཇུས་མཉམ་ལས་ཀྱི་རོགས་པ་གལ་ཆེ་ཤོས་དག་ཡིན།
ཡོང་ཁུངས།: 
རྒྱ་ཡིག་དྲ་རྒྱ།

དཔྱད་གཏམ་འཇོག་པ།

Log in or register to post comments