ཤོག་བུའི་སྟེང་འགྲོ་ཐུབ་པའི“འཕྲུལ་མི”དཔར་ཆས་བཟོས།
ཡིག་སྒྱུར།: 
སྤེལ་དུས།: 
2014-04-24 09

ལྟ་གྲངས།

104
   
   སྤོ་འགུལ་སྒྲིག་ཆས་དང་སྤོ་འགུལ་སྲ་ཆས་བླ་ལྷག་གིས་འཕེལ་རྒྱས་སོང་བ་དང་བསྟུན། སྔར་བསམ་དུ་མེད་པའི་དངོས་པོ་མང་པོ་བསྐྱར་དུ་འཆར་འགོད་བྱས་ཤིང་། སྲ་ཆས་དེ་དག་མངོན་སུམ་དུ་གསར་གཏོད་བྱས་པ་འདི་ཡིས་སྲོལ་རྒྱུན་གྱི་འདོད་ཚུལ་གང་མང་ལ་གདོང་གཏད་ཡོད་དེ། འཕྲུལ་མི་དཔར་ཆས་ཀྱང་དེའི་གྲས་ཀྱི་བརྩམས་ཆོས་ཤིག་ཡིན་ལ། སྲོལ་རྒྱུན་གྱི་བསམ་ཚུལ་ལྟར་ན་དཔར་ཆས་འདི་ལྟ་བུ་ཞིག་ཡེ་ནས་འབྱུང་མི་སྲིད།
ལག་ཁྱེར་དང་སྦྲེལ་ནས་དཔར་འདེབས་བྱེད་པའི་ཚུལ།
 
    སྤོ་འགུལ་དཔར་ཆས་ནི་རང་བྱེད་གློག་ཆས་ཤིག་ཡིན་ལ། དེ་ནི་སྲོལ་རྒྱུན་དཔར་ཆས་ཀྱི་སྒྲིག་གཞི་དང་གཏན་ནས་མི་འདྲ་བར་སྲ་ཆས་ཉིད་འགུལ་སྐྱོད་བྱས་ཏེ་ཡི་གེ་དང་རི་མོ་སོགས་དཔར་ཐུབ། ཐོན་རྫས་འདི་ནི་ཨི་ཟི་རེལ་ཡི་ཀུང་ཟི་ཞིག་གིས་གསར་གཏོད་བྱས་ཤིང་། བོངས་ཆུང་ཞིང་འཁྱེར་བདེ་སྟེ། མཐོ་ཚད་ལ་ལི་སྨི10དང་ཞེང་ལ་ལི་སྨི11.5། ལྗིད་ཚད་ལ་ཁེ300ལས་མེད། དཔར་ཆས་འདི་རིགས་ཀྱི་སྣག་ཚ་འགྲིལ་འཁོར་ཞིག་ཏུ་ཉར་ཡོད་ལ། ལག་པར་དང་རྩིས་འཁོར་སོགས་ཀྱི་སྒྲིག་ཆས་དང་སྦྲེལ་རྗེས། “omni-wheel”མ་ལག་བརྒྱུད་དེ་ཡིག་རིས་ཅི་རིགས་དཔར་ཐུབ་ལ་དཔར་ཆས་ཀྱི་ཁ་ཕྱོགས་ཀྱང་ཅི་འདོད་དུ་བསྒྱུར་ཆོག དཔར་ཆས་འདིར་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ཡོད་པ་ནི་ཤོག་ལེབ་རང་སོར་བཞག་སྟེ་དཔར་ཆས་འགུལ་ནས་ཡིག་རིས་སོགས་དཔར་ནུས་པ་དེ་རེད། སྤོ་འགུལ་དཔར་ཆས་འདི་རིགས་ལ་གློག་གསོག་རྒྱུའང་ཤིན་ཏུ་ལས་སླ་སྟེ། འཕྲུལ་ཆས་འོག་གིUSBམཐུད་ཁུང་བརྒྱུད་ནས་གློག་གསོག་ཆོག་ལ། གསོག་ཐེངས་གཅིག་གིས་དུས་ཚོད་གཅིག་གི་ཡུན་སྐྱོང་ཐུབ། རྒྱུས་ལོན་པ་ལྟར་ན། སྤོ་འགུལ་དཔར་ཆས་ལ་སྲོལ་རྒྱུན་དཔར་ཆས་ལས་ཁྱད་དུ་འཕགས་པའི་ནུས་པ་མང་དུ་ཡོད་པས་རིན་གོང་ལ་ཨ་སྒོར180ཡན་དགོས་ཤིང་། 2015ལོར་དངོས་སུ་ཚོང་རྭར་དགྲམ་རྩིས་འདུག
ཡོང་ཁུངས།: 
ཉིན་རེའི་ཚན་རིག་དྲ་བ།

དཔྱད་གཏམ་འཇོག་པ།

Log in or register to post comments