དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཤིག་དུས་ཡུན་ཅི་ཙམ་ལ་གནས་ཐུབ།
རྩོམ་མཁན།: 
ཡིག་སྒྱུར།: 
ཞུ་དག: 
སྤེལ་དུས།: 
2014-04-25 15

ལྟ་གྲངས།

50

Rudolf Kippenhahn(1926-)འཇར་མན་གྱི་གནམ་རིག་པ་དང་ཚན་རིག་རྩོམ་པ་པོ་ཡིན།

   སྐྱེ་དངོས་འཚོ་སྡོད་བྱེད་པའི་རྒྱུ་སྐར་ཞིག་ལ་མཚོན་ན། ང་ཚོས་ཐབས་ལམ་ངེས་ཅན་ཞིག་བརྒྱུད་དེ་ཁོ་ཚོ་དང་འབྲེལ་གཏུག་བྱེད་ཐུབ་སྐབས་ད་གཟོད་དེར་སྤྲོ་བ་སྐྱེ་སྲིད་ཅིང་། སྐུད་མེད་གློག་གི་བརྡ་རྟགས་ནི་ཕལ་ཆེར་འབྲེལ་བ་འདི་བྱེད་ཐབས་ཉག་གཅིག་ཡིན། དེའི་ཕྱིར་ང་ཚོས་དགུ་ཚིགས་སྐྱ་མོའི་ཁྱིམ་རྒྱུད་ཁྲོད་ཀྱི་རྒྱུ་སྐར་ས་ཡ་གཅིག་གི་ནང་སྐུད་མེད་གློག་གི་བརྡ་རྟགས་གཏོང་ནུས་པའི་ལག་རྩལ་འཛོམས་ཡོད་ས་ག་ཚོད་ཡོད་དམ་ཞེས་པའི་དྲི་བ་བཀོད་ཆོག གལ་ཏེ་སའི་གོ་ལའི་ཕྱི་རོལ་གྱི་སྐྱེ་དངོས་དེ་དག་གིས་རྒྱུན་མི་ཆད་པར་བརྡ་རྟགས་བཏང་ཡོད་ཚེ།  ང་ཚོས་ཕལ་ཆེར་ཕྱི་རོལ་དུ་བརྡ་རྟགས་གཏོང་བཞིན་པའི་རྒྱུ་སྐར་ས་ཡ་གཅིག་ཙམ་ལ་གདོང་གཏད་དགོས་པ་ཡིན། འོན་ཀྱང་ཆུ་རྩྭ་སྔོན་པོས་སྐུད་མེད་གློག་གི་བརྡ་རྟགས་གཏོང་མི་ནུས་ལ།  རིག་ལྡན་སྐྱེ་དངོས་དག་ཀྱང་ཉིང་རྡུལ་འབར་མདེལ་གྱིས་གཞོམ་ཡོད་པར་གྱུར་ཚེ་གྲགས་མེད་འགུལ་མེད་དུ་ཡོད།  འདི་ལྟར་བརྩིས་ན།   ཚད་ལོངས་བའི་བསྡུར་ཚད་ཉུང་ངུ་ཞིག་མ་གཏོགས་ལྷག་མེད།གསལ་བོར་བཤད་ན་རྒྱུ་སྐར་ས་ཡར་ལོངས་པ་འདི་དག་གི་ཁྲོད།ཤེས་རིག་དར་བའི་སྤྱི་ཚོགས་ཞིག་གིས་བརྡ་རྟགས་གཏོང་བའི་ནུས་པ་མངོན་དུ་གྱུར་བའི་དུས་ཡུན་གྱིས་ཟིན་པའི་བརྒྱ་ཆའི་བསྡུར་ཚད་མ་ཟད།  ད་དུང་དུས་སྐབས་དེར་ཐོན་རྗེས་དུས་ཡུན་ཅི་ཙམ་ལ་ཚེ་སྲོག་གི་རྒྱུན་སྐྱོང་ཐུབ་མིན་ལའང་བསམ་བློ་གཏོང་དགོས།  འདིས་ངེས་མེད་འགྱུར་བའི་ཆ་ཤིན་ཏུ་ཆེན་པོ་ཞིག་བསྟན་པ་སྟེ།  འདི་ལ་ང་ཚོས་རང་ཉིད་ཀྱི་ཤེས་རིག་དར་བའི་སྤྱི་ཚོགས་འདིའི་ཉམས་མྱོང་མ་དཔེ་རུ་འཇོག་པ་ལས་ཐབས་གཞན་མེད་དོ༎  ང་ཚོར་མཁའ་དབྱིངས་སུ་བརྡ་རྟགས་གཏོང་པའི་ཆུ་ཚད་འཛོམས་ནས་ད་ལྟའི་བར་དུ་བགྲང་བྱ་བཅུ་ཕྲག་ཁ་ཤས་མ་གཏོགས་སོང་མེད་མོད།  དེ་དང་མཉམ་དུ་མིའི་རིགས་ཀྱིས་ཆེས་ཐོག་མར་བཀོལ་ཐེངས་གཅིག་གིས་གོ་ལའི་སྟེང་གི་ཚེ་སྲོག་ཡོངས་བཅོམ་ཐུབ་པའི་གཏོར་བཅོམ་རང་བཞིན་གྱི་མཚོན་ཆ་བཟོས་སོང་།ང་ཚོ་མིའི་རིགས་ཀྱིས་ལག་རྩལ་འདི་དག་བཀོལ་སྲིད་དམ།  ལག་རྩལ་ཤེས་རིག་དར་བའི་སྤྱི་ཚོགས་ཞིག་གིས་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་དུས་ཡུན་ནང་དུ་མཁའ་དབྱིངས་ལ་བརྡ་རྟགས་གཏོང་ཐུབ་པ་དང་མཐུད་ནས་རང་བརླག་བྱེད་སྲིད་དམ།  འོན་ཏེ་ང་ཚོས་ཐ་ན་བརྡ་རྟགས་ཚད་ལྡན་ཞིག་གཏོང་བའི་མགོ་ཡང་བརྩམས་མེད་ལ།  དམིགས་ཡུལ་དང་གོ་རིམ་ཡོད་པའི་སྒོ་ནས་འཇིག་རྟེན་ཁམས་ལ་བརྡ་རྟགས་གཏོང་བར་བྱེད་པའི་ཞིབ་འཇུག་གི་འཆར་འགོད་ཅི་ཡང་བཟོས་མེད།  ཡིན་ནའང་།  ང་ཚོས་སྤྲོ་སྣང་དོད་པོའི་སྒོ་ནས་ཤེས་རིག་དར་བའི་སྤྱི་ཚོགས་ཞིག་གིས་ཡང་དག་པའི་ཐབས་ཀྱིས་གནད་དོན་ཐག་གཅོད་ཐུབ་པར་ཆ་འཇོག་ཅིག་བྱེད་ལ།  ལོ་ས་ཡ་གཅིག་རིང་ལ་ཞི་བདེ་དང་འབྱོར་ཕྱུག་གི་འཚོ་བ་རོལ་ཐུབ་པའི་ཆ་འཇོག་ཅིག་བྱེད།   གལ་སྲིད་དུས་ཡུན་འདིའི་ནང་དུ་འཇིག་རྟེན་ཁམས་ལ་ནུས་ཆོད་ཤིན་ཏུ་ཆེ་བའི་སྐུད་མེད་གློག་གི་བརྡ་རྟགས་བཏང་ཡོད་ན།  དགུ་ཚིགས་སྐར་རྒྱུད་ཁྲོད་སྐྱེ་དངོས་འདུས་སྡོད་བྱེད་པའི་རྒྱུ་སྐར་ས་ཡ་གཅིག་ནང་དུ།  ལོ་ས་ཡ་གཅིག/ལོ་དུང་ཕྱུར་བཞི་བཅུ/ཁྲིX100ཡོད་པའོ།  །

    མིག་སྔར་རྒྱུ་སྐར250ཡིས་བརྡ་རྟགས་གཏོང་གིན་ཡོད།ཡང་རྒྱུ་སྐར་འདི་དག་ཁོད་སྙོམས་པོས་དགུ་ཚིགས་ཁྱིམ་རྒྱུད་ཁྲོད་དུ་ཁྱབ་ཡོད་པའི་དབང་དུ་བཏང་ན།  བར་ཐག་ཉེ་བའི་དཔལ་ཡོན་ཅན་གྱི་སྤྱི་ཚོགས་གཉིས་ཀྱི་ཆ་སྙོམས་བར་ཐག་ཕལ་ཆེར་འོད་ལོ4600རེད།དེ་ལྟར་ན་ང་ཚོས་བཏང་བའི་བརྡ་རྟགས་ལོ4600ཡི་རིང་དུ་འཕུར་ན་ད་གཟོད་ང་ཚོ་དང་ཆེས་ཐག་ཉེ་བའི་ཤེས་རིག་དར་བའི་སྤྱི་ཚོགས་དེར་འབྱོར་ཐུབ་ཅིང་།  བརྡ་རྟགས་དེ་ཕྱིར་འབྱོར་དགོས་ཚེ་ཡང་བསྐྱར་མགོ་ནས་བཟུང་རྩི་དགོས་པ་སྟེ།  བསྡོམས་པས་ལོ9200དགོས།འདི་ལྟར་ན་ཐེན་ཚང་ཝུ་དང་ཐེན་ཡུན་སི་ལྟ་བུའི་བརྟན་སྐར་གཉིས་གཞིར་བཟུང་ནས་འཚོལ་ཞིབ་བྱེད་དགོས་ཚེ་དེ་ནི་རྒྱ་མཚོའི་ནང་དུ་ཁབ་འཚོལ་བ་ལྟ་བུ་སྟེ།  རྒྱུ་མཚན་ནི་བརྡ་རྟགས་གཏོང་བའི་རྒྱུ་སྐར་དེ་ཏག་ཏག་དེ་གཉིས་ཀྱི་གམ་ན་ཡོད་པའི་ཚད་ཤིན་ཏུ་དམའ་དྲགས་འདུག  དེ་བས་ཐབས་དམ་པ་ནི་བར་ཐག་འོད་ལོ4600ནང་ཚུན་གྱི་ཉི་མ་དང་རིགས་འདྲ་པའི་སྐར་མ་གཅིག་གིས་གཏོང་བའི་བརྡ་རྟགས་ཚང་མ་འཚོལ་ཞིབ་བྱེད་རྒྱུ་དེ་རེད།

    དམ་པའི་གསུང་རབ་ཁྲོད་ཀྱི་མཆོད་རྟེན་བྷ་བྷེལ་ཡང་བཞེངས་ནས་ལོ4000མ་གཏོགས་འགོར་མེད།  གལ་ཏེ་དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཞིག་འཚོ་གནས་དང་བརྡ་རྟགས་གཏོང་བའི་ཡུན་དེ་འདི་འདྲ་ཞིག་ཏུ་ངེས་ཚེ།  གོང་ནས་བཤད་པའི་ཐབས་ལྟར་བརྩིས་ན།   དགུ་ཚིགས་ཁྱིམ་རྒྱུད་ཁྲོད་འཚོ་ཞིང་གནས་པའི་སྐྱེ་དངོས་ཁྲི་ཕྲག་མང་པོའི་རྒྱུ་སྐར་ཁྲོད་དུ། མིག་སྔར་བརྡ་རྟགས་གཏོང་བཞིན་པ་ནི་གཅིག་སྟེ།  དེའི་རྩིས་རྒྱག་སྟངས་ནི་འདི་ལྟར་རོ།  ལོ4000དུང་ཕྱུར/40×ཁྲི100།  དོན་འདི་གསལ་བོར་བཤད་ན།  དགུ་ཚིགས་ཁྱིམ་རྒྱུད་ཁྲོད་ང་ཚོ་མ་གཏོགས་པའི་དཔལ་ཡོན་སྤྱི་ཚོགས་གཅིག་གིས་ད་གཟོད་བརྡ་རྟགས་གཏོང་ཐུབ་སྲིད། གལ་ཏེ་དཔལ་ཡོན་སྤྱི་ཚོགས་ཞིག་གི་ལོ་ཚད་ལོ1000དང་ཡང་ན་དེ་ལས་ཀྱང་ཐུང་ན།  ང་ཚོས་གློག་གཏོང་རྒྱང་ཤེལ་སྤྱད་ནས་དགུ་ཚིགས་ཁྱིམ་རྒྱུད་དུ་ཟབ་འཚོལ་བྱེད་པ་ནི་སྟོང་ཟད་ཀྱི་ལས་འབའ་ཞིག་ཏུ་འགྱུར་ངེས་སོ༎

    དགུ་ཚིགས་ཁྱིམ་རྒྱུད་ཁྲོད་དུ་སྐུད་མེད་གློག་གི་བརྡ་རྟགས་གཏོང་བཞིན་པའི་རྒྱུ་སྐར་ཅི་ཙམ་ཡོད་མེད་ཀྱི་རྩིས་རྒྱག་སྟངས་འདི་ལ་ངེས་མེད་རྒྱུ་རྐྱེན་མང་པོ་འདུས་ཡོད།  དེ་བས་ཁོ་བོས་འདི་ནས་གྲངས་ཀ་འདི་གཏན་འཁེལ་ཏན་ཏིག་ཅིག་བྱས་མེད་དེ།  གནད་དོན་འདི་རྒྱུ་རྐྱེན་གང་དག་དང་འབྲེལ་ཡོད་པ་ཤེས་སུ་འཇུག་འདོད་པ་དེ་ཡིན། ཆ་འཇོག་སྟངས་འདི་རིགས་ལ་བརྟེན་ནས་ང་ཚོས་གནས་ལུགས་ཤིག་རྟོགས་ངེས་པ་ནི།  ལག་རྩལ་ཤེས་རིག་དར་བའི་སྤྱི་ཚོགས་ཤིག་དུས་ཡུན་ཅི་ཙམ་རིང་གནས་ཐུབ་མིན་ལ་རྒྱུས་ལོན་མེད་པ་དེ་ནི་ད་གཟོད་ངེས་མེད་རྒྱུ་རྐྱེན་གཙོ་བོ་དེ་ཡིན་པའོ༎  དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཞིག་གིས་སྐུད་མེད་གློག་རླབས་བཏང་རྗེས་ད་དུང་ཡུན་ཅི་ཙམ་ལ་གནས་ཐུབ།  དུས་རབས་གཅིག་ལ་གནས་ཐུབ་བམ།  བརྒྱ་ལ་ལག་རྩལ་དར་བར་ཆ་བཞག་ན་ཡང་།  དེ་ཉིད་མུ་མཐུད་དུ་གནས་ཐུབ་བམ།  ཡང་ན་ལག་རྩལ་སྔོན་ཐོན་བྱུང་བའི་རྐྱེན་ཀྱིས་ད་གཟོད་བརྟན་འཇགས་ངང་འཚོ་གནས་བྱེད་ཐུབ་པ་ཡིན།

    ང་ཚོས་དགུ་ཚིགས་ཁྱིམ་རྒྱུད་ཁྲོད་ཀྱི་སའི་གོ་ལའི་ཕྱི་རོལ་གྱི་སྐྱེ་དངོས་སྐོར་གྱི་གནད་དོན་གླེང་ཟིན་ལ།  ད་ལྟ་སླར་སའི་གོ་ལའི་སྟེང་དུ་མིའི་རིགས་མུ་མཐུད་དུ་འཚོ་གནས་བྱེད་ཐུབ་མིན་གྱི་གནད་དོན་སྟེང་སླེབས་སོ༎